དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-23

    ཚེས་21ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ལག་བསྟར་དོན་འཁྱོལ་ལ་ཞིབ་འཇུག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ཐེངས་འདིའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདེམས་ཤོག་ཆ་ཚང་གི་ཐོག་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་པ་དང་། ཏང་གི་འདོད་བློ་དང་། མི་དམངས་ཀྱི་འདོད་བློ། རྒྱལ་ཁབ་ཀྱི་འདོད་བློ་བཅས་ཚད་མཐོའི་གཅིག་གྱུར་བྱུང་བ་གང་ལེགས་མཚོན་པ། མི་དམངས་དུང་ཕྱུར་མང་པོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་དམངས་ཀྱི་སྣེ་ཁྲིད་གནང་མཁན་ལ་ལྷག་བསམ་ཟོལ་མེད་ཀྱིས་བརྩི་བཀུར་དང་ཡིད་ཆེས་ཆེན་པོ་བྱེད་ལུགས་གང་ལེགས་མཚོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་ལས་རང་རྒྱལ་ལ་འོད་སྟོང་འཕྲོ་ཞིང་འཕོ་འགྱུར་ཆེ་བའི་གྲུབ་འབྲས་ཐོབ་པའི་ཐབས་མཆོག་གསལ་སྟོན་གཏིང་ཟབ་གནང་བ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལས་འགན་གཙོ་བོ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ། ལོ་རྒྱུས་ཀྱི་གདེང་ཚོད་དང་འགན་འཁྲི་ཁུར་སེམས་ཆེན་པོ་མཚོན་གནང་བ་བཅས་རེད། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་ལོན་པའི་ཐད་ཤུགས་རྒྱག་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་སོགས་ཀྱི་ལས་འགན་གཙོ་བོར་ཞབས་འདེགས་ཡག་པོ་ཞུ་བ། ཞིང་འབྲོག་ཁུལ་དར་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་པ་ཕྱུག་པོར་འགྱུར་བ་བཅས་སྔོན་གྱི་གནས་བབ་ཏུ་འཇོག་པ། ཚོང་གཉེར་ཁོར་ཡུག་བློ་བརྟན་འགྱུར་མེད་ངང་ལེགས་སུ་གཏོང་བ། དམངས་འཚོའི་བྱ་བ་དངོས་21དོན་འཁྱོལ་ནན་པོ་བཅས་བྱེད་དགོས། གོ་སྐབས་ལ་དམ་འཛིན་བྱེད་པའི་ཐད་ཤུགས་བརྒྱབ་ནས་སྐར་ཁུང་གི་དུས་རིམ་གལ་ཆེན་ཁོང་དུ་ཡག་པོ་ཆུད་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་རང་འགུལ་ངང་བརྩོན་ལེན་ཧུར་ཐག་བྱེད་དགོས། ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ནུས་ཤུགས་བཏོན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དང་ཟུང་འབྲེལ་གྱིས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། དོན་ཚན་རེ་རེ་བཞིན་དོན་འཁྱོལ་དང་། གནད་དོན་ཚང་མ་དོན་འཁྱོལ། བྱ་བ་ཚང་མར་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་མུ་མཐུད་ཤུགས་རྒྱག་པ་དང་། གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། བྱ་ཐབས་གསར་གཏོད་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་དགོས། ལས་ཁུངས་སྒྱུར་བཅོས་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འོག་སྒྱུར་བཅོས་ལ་སྒྲིག་འཛུགས་ཡོད་པ་དང་། གོ་རིམ་ལྡན་པ། སྒྲིག་ཁྲིམས་ཡོད་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས། འགོ་ཚུགས་ལོའི་ལས་འགན་ལག་ལེན་བསྟར་བར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། “སྤྱི་འདོམས་དེ་བས་ལེགས་པ་གསུམ”ལ་གོ་བ་གཏིང་ཟབ་ལེན་པ། རྣམ་གྲངས་འགག་སྒྲོལ་དང་། འཛད་སྤྱོད་བྱེད་རྒྱ་ཆེར་གཏོང་། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་། མཐའ་སྟོབས་མཐའ་དར། བཅོས་སྐྱོང་གཏིང་ཟབ་སོགས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་དམ་འཛིན་ཡག་པོ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།