དབུ་ཤོག>སྲིད་དོན།
  • རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་ལྟེ་གནས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-23

    ཚེས་21ཉིན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་པའི”ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་པའི་སྐབས་འདིར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་གཏོང་བའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་ཕུན་ཚོགས་ཀྱིས། དུས་རབས་གང་ཞིག་ཡིན་རུང་མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་འབྲེལ་བའི་གཙོ་རྒྱུན་ཞིག་ཡིན་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་གྱི་མདུན་ལམ་དང་ལས་དབང་དང་དམ་པོར་འབྲེལ་ཡོད།

    བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་སྔར་ནས་བཟུང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ལྡན་ཡོད་པ་དང་། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ལོ་ཟླའི་ནང་དཔུང་པ་མཉམ་གཤིབ་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། ཕྱི་ཕྱོགས་བཙན་འཛུལ་བཀག་འགོག མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བཅས་ཀྱི་རྣམ་པ་ཟབ་མོ་དང་ཟིལ་རླབས་དགུང་འཕྱུར་གྱི་བརྗིད་ཆེའི་ལེའུ་བརྩམས་ཡོད་ཅེས་བཤད།

    ཚེ་རིང་ཕུན་ཚོགས་ཀྱིས“ང་ཚོས་ཞིབ་འཇུག་ལྟེ་གནས་དེ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ཚད་ཅུང་མཐོ་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཅུང་ཆེ་བའི་རང་ལྗོངས་ཀྱི་དབང་གྲགས་ལས་ཁུངས་དང་རིག་གཞུང་སྤེལ་རེས་ལས་སྟེགས་ཤིག་ཏུ་གཏོད་པར་གཞོལ་གྱི་ཡིན” ལྟེ་གནས་དེ་བཙུགས་རྗེས་ལྗོངས་ཡོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་རྨང་གཞི་དང་ཆེད་ལས་ཤེས་ལྡན་མི་སྣར་བརྟེན་ནས། ཕྱོགས་གང་ཅིའི་ཐད་ཀྱི་ཐོན་ཁུངས་དང་སྟོབས་ཤུགས་སྤྱི་འདོམས་བསྡུ་སྒྲིལ་དང་། དེ་སྔའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ། ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་མ་ལག་ཅིག་ཆགས་པ། རང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་ཞིབ་འཇུག་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ལས་དོན་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ལག་ལེན་གསར་གཏོད་ལ་ཤུགས་སྣོན་རྒྱག་ཆེད་ཐབས་ལམ་གསར་པ་ཞིག་གཏོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།