དབུ་ཤོག>སྲིད་དོན།
  • ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-22

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་སྣེ་ཁྲིད་དེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་གདོང་དཀར་ཁུལ་གསུམ་པ་དང་། ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཉམས་གསོ་ཁུལ། འབྲས་སྤུངས་དགོན་གྱི་ཁུལ། ཉང་བྲན་ལུང་ཤུར་གྱི་ཁུལ་གཉིས་པ། སེ་ར་དགོན་གྱི་ཁུལ་བཅས་སུ་ཕེབས་ནས་2022ལོའི་ལོ་འཁོར་གྱི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་2023ལོའི་ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་ཉེ་འཁོར་གྱི་འགྲིམ་འགྲུལ་ལམ་རྒྱུད་ཀྱི་ནགས་བཟོའི་རྣམ་གྲངས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལས་གྲྭ་ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས། འབྲེལ་ཡོད་སྡེ་ཚན་དང་ནགས་བཟོའི་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་དང་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས“སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། ནགས་བཟོ་དང་རྩི་ཤིང་གསབ་འདེབས་དང་2023ལོའི་སྔོ་འགྱུར་ནགས་བཟོའི”དམིགས་ཚད་ལ་དམ་པོར་དམིགས་ཏེ། བྱེད་ཐབས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ནགས་བཟོའི་ཕན་འབྲས་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ནན་དུ་བཏང་སྟེ་ནགས་བཟོ་དང་ཆུ་གློག་ལམ་གྱི་ལྷན་སྦྱར་འདུ་འགོད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྡོང་ཕྲུག་འདེམས་པ་དང་། འདེབས་འཛུགས། ཆུ་འདྲེན་པ། དུས་མཇུག་གི་གཡོག་བྱེད་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པ། སྡོང་ཕྲུག་ཁྱབ་ཚད་དང་གསོན་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས། སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ལས་ཕྱོད་དེ་བས་ཆེ་བ་དང་བླང་བྱ་དེ་བས་ནན་པོར་བརྟེན་ནས་ནགས་བཟོའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། “དམངས་ཡོངས་སྐུལ་སློང་དང་། དམངས་ཡོངས་ཞུགས་པ། སྤྱི་ཚོགས་ཡོངས་སྔོ་འགྱུར་ལས་ལ་ཞུགས་པ”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་མང་ཚོགས་ལ“ཤིང་འཛུགས་དང་། རྩི་ཤིང་ལ་གཅེས་སྤྲས། རྩི་ཤིང་སྲུང་སྐྱོང”བཅས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། མི་ཚང་མས་སྔོ་འགྱུར་ནགས་བཟོའི་ལས་ལ་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།