དབུ་ཤོག>སྲིད་དོན།
  • ལིའུ་ཅང་ལྗོངས་ཏང་ཨུད་ཁྲིམས་ལྟར་བོད་སྐྱོང་གཞུང་ལས་ཁང་གི་2022ལོ་འཁོར་གྱི་ཆེད་དོན་ཁྲིམས་གླེང་ལས་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-22

    ཚེས་20ཉིན། ལྗོངས་ཏང་ཨུད་ཁྲིམས་ལྟར་བོད་སྐྱོང་གཞུང་ལས་ཁང་གི་2022ལོ་འཁོར་གྱི་ཆེད་དོན་ཁྲིམས་གླེང་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁྲིམས་ལྟར་བོད་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལིའུ་ཅང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཚོགས་འདུར་ཕེབས་པ་དང་སྦྲགས་ཟུར་དཔྱད་ཀྱང་གནང་བ་རེད།

    ཁྲིམས་གླེང་ལས་དོན་གྱི་སྙན་སེང་གསན་རྗེས་ལིའུ་ཅང་གིས་གདེང་འཇོག་གནང་ཞིང་། ཁོང་གིས་གོང་གིས་འོག་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། སྣེ་ཁྲིད་དེ་ཁྲིམས་སྦྱོང་བ་དང་། ལས་བྱེད་པས་ཁྲིམས་སྦྱོང་བར་སྐུལ་འདེད་གཏོང་བ། འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བཅས་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ལ་བསྒྱུར་བར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ལ་སྣེ་ཁྲིད་ཀྱིས་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ནན་པོ་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། “དོན་ཆེན་བཞི”དང“འགན་ལེན་བཞིར”དམ་པོར་དམིགས་པ། ཁྲིམས་སྐྱོང་གི་རྩ་བ་བརྟན་པ་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་དེ་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། “བརྒྱད་ལྔ”བཅའ་ཁྲིམས་ཁྱབ་གདལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་རྩོད་གཞི་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁྲིམས་སྐྱོང་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།