དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-21

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་རུ་སྣེ་ཁྲིད་དེ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལར་བསྐྱོད་དེ་རིག་དངོས་སྲུང་སྐྱོབ་དང་། མེ་ཟོན་བདེ་འཇགས། དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལའི་རིག་དངོས་ཀྱི་བདེ་འཇགས་དང་དགོན་སྡེ་ཉམས་གསོ་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ། དགོན་སྡེའི་རིག་དངོས་སྲུང་སྐྱོབ་དང་། མེ་ཟོན་བདེ་འཇགས། དགོན་སྡེ་དོ་དམ་སོགས་ཀྱི་ལས་དོན་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། དགོན་སྡེའི་རིག་དངོས་ཀྱི་མེ་ཟོན་བདེ་འཇགས་སོགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ནས་ནོར་འཛོལ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།