དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ཚོགས་ཆུང་ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་རྫོང(ཆུས)ལ་བཅའ་སྡོད་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-21

    སྐོར་གཟིགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་3ཚེས་15དང་ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ཀྱི་སྐོར་གཟིགས་ཚོགས་ཆུང་4ཡིས། ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་རྫོང(ཆུས)11སོགས་ས་གནས་དང་ཚན་པར་སྐོར་གཟིགས་བཅའ་སྡོད་ལས་དོན་སྤེལ་བ་རེད།

    སྐོར་གཟིགས་བྱ་ཡུལ་ས་གནས་ཀྱིས་སྐོར་གཟིགས་བཅའ་སྡོད་སྐུལ་སློང་ཚོགས་འདུ་སོ་སོར་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་སྐོར་གཟིགས་བྱ་ཡུལ་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོར་འབྲེལ་ཡོད་ལས་དོན་བརྡ་ཁྱབ་བཏང་བ་རེད། ཚོགས་འདུས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། སྐོར་གཟིགས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་གིས་སྐུལ་སློང་གཏམ་བཤད་སྤེལ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐོར་གཟིགས་ལས་དོན་ཏན་ཏིག་ངང་སྤེལ་བར་བླང་བྱ་བཏོན་པ་རེད།

    སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་གནས་བབ་གལ་ཆེན་བཟུང་ཡོད། ཏང་གི་སྲིད་སྐྱོང་རྨང་གཞི་གཞི་རིམ་དུ་ཡོད་པ་དང་། ལས་ཀའི་གཙོ་གནད་གཞི་རིམ་དུ་ཡོད་པ། མངོན་གསལ་དོད་པའི་གནད་དོན་དང་འགལ་བའང་གཞི་རིམ་དུ་གནས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གྲོང་ཁྱེར་དང་རྫོང་ལ་སྐོར་གཟིགས་བྱེད་རྒྱུའི་བཀོད་སྒྲིག་བྱས་པ་ལས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཏང་གིས་བོད་དུ་ཡུན་རིང་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད། སྐོར་གཟིགས་ཚོགས་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་སྐོར་གཟིགས་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་བརྟན་སྲུང་། བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བཅས་བྱས་ཏེ་སློབ་སྦྱོང་ནས་ཆབ་སྲིད་ཀྱི་རྣམ་འགྱུར་ལ་ལྟ་བ་དང་། ཐབས་ཇུས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ལྟ་བ། དོན་འཁྱོལ་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་ལྟ་བ། སྤྱོད་གཙང་ནས་ཆབ་སྲིད་ཀྱི་རང་གཅུན་ལ་ལྟ་བ་བཅས་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་ཚོད་འཛིན་བཟོ་བའི་འགག་རྩའི་རྒྱུ་རྐྱེན་ཤེས་རྟོགས་དང་ཐག་གཅོད་བྱེད་པར་སྐུལ་འདེད་དང་། གྲོང་ཁྱེར་དང་རྫོང་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་སྐུལ་འདེད་བཏང་སྟེ། ས་ཁུལ་དེ་གར་སྤྱི་ཡོངས་ལ་གཅིག་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་ནུས་པ་ཡག་པོ་བཏོན་ནས་ཏང་སེམས་དང་དམངས་སེམས་གཅིག་ཏུ་སྒྲིལ་རྒྱུར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    སྐོར་གཟིགས་ཚོགས་ཆུང་ཁག་གི་ཙུའུ་ཀྲང་གིས་བླང་བྱ་བཏོན་དོན། སྐོར་གཟིགས་བྱ་ཡུལ་གྲོང་ཁྱེར་དང་རྫོང་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྐོར་གཟིགས་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་རྒྱུ“སྲུང་སྐྱོང་གཉིས”ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་གཏོང་བ། སྐོར་གཟིགས་ཚོགས་ཆུང་གི་དྲི་བར་ལན་ཡག་པོ་འདེབས་པ་དང་ཕྱོགས་གཅིག་ལ་ཤུགས་རྒྱག་པ། སྐོར་གཟིགས་ལས་འགན་ཐུན་མོང་ཐོག་ལེགས་གྲུབ་ཡག་པོ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ལ་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས། སྐོར་གཟིགས་ཚོགས་ཆུང་གི་ལས་བྱེད་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་དང་། སྒྲིག་ལམ། ཁྲིམས་ལུགས་བཅས་ལ་གཞིགས་ནས་སྐོར་གཟིགས་བྱས་ཏེ་འགན་འཁྲིའི་མཐའ་ཚད་ནན་པོ་སྲུང་བ་དང་། འགན་འཁྲི་ཁུར་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་ཀྱི་སྒོ་ནས་རེས་སྐོར་འདིའི་སྐོར་གཟིགས་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་གྲུབ་བྱེད་དགོས། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཧུར་བསྲི་གྲོན་ཆུང་། འཕྲོ་བརླག་ལ་ངོ་རྒོལ། འཚོ་བ་སྐྱེལ་མཁས་པ་བཅས་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བླང་བྱ་སྣེ་ཁྲིད་ནས་ལག་བསྟར་བཅས་བྱས་ཏེ་སྐོར་གཟིགས་དཔུང་ཁག་གི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱ་ཡུལ་ས་གནས་སུ་ཟླ་བ་2ཙམ་ལས་ཀ་བྱེད་རྒྱུ་དང་། དེའི་རིང་ཆེད་དོན་ལས་རེས་ཁ་པར་ཨང་གྲངས་དང་ཆེད་དོན་སྦྲག་སྲིད་ཡིག་སྒམ་འཛུགས་རྒྱུ་མ་ཟད། ཡིག་བསྐུར་ངོ་བཅར་གྱི་བསམ་འཆར་སྒམ་སོགས་ཡིག་བསྐུར་ངོ་བཅར་གྱི་ཐབས་ལམ་བཏོད་དེ། སྐོར་གཟིགས་བྱ་ཡུལ་ཏང་ཨུད་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་འགོ་ཁྲིད་ཚན་ཁག་དང་དེ་བཞིན་དེའི་ཁོངས་མི་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་འགན་འཁུར་བ་གཙོ་བོ། འོག་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ལས་གནས་གལ་ཆེན་གྱི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་སྐོར་གྱི་ཐེར་འདོན་ཡི་གེ་དང་། ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱེད་རྒྱུ་དང་། གཙོ་བོ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་གནད་དོན་རིགས་གོང་ཞུ་བྱེད་རྒྱུ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རེས་སྐོར་གཉིས་པའི་སྐོར་གཟིགས་ཀྱིས་ཡིག་བསྐུར་ངོ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་2023ལོའི་ཟླ་5ཚེས་9ཉིན་བར་ཡིན་པ་རེད།

    གཞན་ཡང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ད་དུང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མངགས་ནས། རེས་འཁོར་འདིའི་སྐོར་གཟིགས་དང་ཟུང་འབྲེལ་བྱས་ནས་ཆབ་མདོ་གྲོང་ཨུད་ཀྱི་སྐོར་གཟིགས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།