དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོར་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-17

    ཚེས་15ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲེ་ཐའོ་ཡིས་རུ་སྣེ་ཁྲིད་གནང་ནས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོར་གཟིགས་ཞིབ་གནང་བ་རེད།

    ལྷ་ས་གྲོང་ཁྱེར་གྱི་གཡུ་ཐོག་ལམ་དུ“3·15” རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། གཟིགས་ཞིབ་ཚོགས་ཆུང་གིས་བྱེད་སྒོ་སྤེལ་ཡུལ་དུ་ལྟ་སྐོར་དང་སྙན་སེང་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། “3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོའི་བཀོད་སྒྲིག་དང་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

    གཟིགས་ཞིབ་ཚོགས་ཆུང་གིས། འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ནི་དམངས་འཚོའི་བདེ་རྩ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཞི་མཐུན་བཅས་དང་འབྲེལ་བ་ཡོད་པས། ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་པོ་རེད། ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་འབྲེལ་ཡོད་ཚན་པ་དང་ཁེ་ལས་ཀྱིས་འགན་འཁྲི་ནན་ཏན་ཁུར་ནས། ད་ཐེངས་ཀྱི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། ཡིད་རྟོན་ཁྲིམས་སྲུང་གི་གཉེར་སྐྱོང་འདུ་ཤེས་དང་། ཡ་རབས་ཤེས་དཔལ་གྱི་འཛད་སྤྱོད་རྣམ་པ། བློ་བདེ་བག་ཕེབས་ཀྱི་འཛད་སྤྱོད་ཁོར་ཡུག་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ནས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་འཛད་སྤྱོད་པའི་ཁོར་ཡུག་མཉམ་སྐྲུན་མཉམ་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ལ་རྡུང་རྡེག་ཚ་ནན་གཏོང་བ། འཛད་སྤྱོད་པའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། འཛད་སྤྱོད་པའི་སེམས་ཤུགས་ཆེས་ཆེར་འཕེལ་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེཌ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།