དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-17

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གཉིས་པའི་སྐོར་གཟིགས་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་སྐོར་གཟིགས་ལས་དོན་ལ་ཞིབ་འཇུག་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང། སྐོར་གཟིགས་ཙུའུ་ཀྲང་གིས་དབང་སྤྲོད་འགན་བཞེས་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྐོར་གཟིགས་ལྟ་སྐུལ་གྱིས་གཙོ་གནད་ལ་དམིགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་རབ་དང་རིམ་པ་སྐོར་གཟིགས་ལྟ་སྐུལ་གྱི་ནང་དོན་གལ་ཆེན་ལ་བརྩིས་ནས། སྲིད་ཇུས་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་། ལས་འགན་བཀོད་སྒྲིག་གི་ཚད་གཞི་དང་ཡང་ཡང་བསྡུར་ཏེ་གནད་དོན་གནད་ལ་འཁེལ་པོས་ཤེས་རྟོགས་ཐུབ་དགོས། ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་ནུས་ཀྱི་ངེས་གནས་དང་དུས་བབ་ཀྱི་ལས་འགན་ལ་དམིགས་ཏེ། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་གནད་སྨིན་དམ་འཛིན་གྱིས་སྐོར་གཟིགས་གཏིང་ཟབ་དང་སྐོར་གཟིགས་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས། མཉམ་ཤུགས་ཆགས་པར་བྱས་ཏེ་སྐོར་གཟིགས་སྐོར་ཞིབ་གོང་འོག་མཉམ་འགུལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་དང་ལྟ་སྐུལ་གཞན་དག་ཕན་ཚུན་འབྲེལ་མཐུད་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་དང་མཉམ་སྒྲུབ་མཉམ་འདྲེས་གཏིང་ཟབ་བྱེད་པ། མ་ལག་གཅིག་སྡུད་དང་མཐུན་སྦྱོར་ནུས་ཆེའི་སྐོར་གཟིགས་སྐོར་ཞིབ་ལྟ་སྐུལ་གྱི་རྣམ་པ་ཞིག་ཆགས་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།