དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས་རྒྱལ་གཅེས་འཕྲོད་བསྟེན་གྱི“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙང་སྦྲའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-16

    ཚེས་14ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དང་ཁྲེན་ཡུང་ཆི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཡུ་ཐོག་ལམ་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་རྒྱལ་གཅེས་འཕྲོད་བསྟེན་གྱི“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙང་སྦྲའི་ཉིན་མོའི”འཕྲོད་བསྟེན་གད་བདར་ཆེན་པོ་བྱས་ཤིང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཤེས་དཔལ་དང་། སྐྱོན་བྲལ། ལྗང་མདོག་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་ལག་བསྟར་བྱས་ཏེ་མང་ཚོགས་ལ་རང་རྟོགས་ངང་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་བྱེད་རྒྱུའི་ཁྲིད་སྟོན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས་བྱེད་སྒོར་ཞུགས་མཁན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ཁོར་ཡུག་གཙང་སྦྲ་བར་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཝང་ཅུན། ཀྲང་ཡན་ཆིང་། ཐང་མིང་དབྱིང་། ལིའུ་པའེ་ཁྲེང་། ལུའོ་མེ། ཝང་ཡུང་། ལང་ཧྥུ་ཁོན། ཝེ་ཤིའུ་ཁྲང་། ཚེ་རིང་ཕུན་ཚོགས། ཅང་ཅེ་བཅས་བྱེད་སྒོར་ཁག་སོ་སོར་ཞུགས་ཡོད། ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་ཏང་སྲིད་ལས་ཁུངས་ཁག་དང་། ཁེ་ལས་དང་བྱ་གཞག་ཚན་པ། མི་དམངས་ཚོགས་པ་བཅས་ཀྱི་ལས་བྱེད་ལས་བཟོ་དང་དཔུང་སྡེའི་དཔོན་དམག་རང་སོ་སོའི་ཡུག་ཁུལ་དུ་གད་བདར་ཆེན་པོའི་བྱེད་སྒོར་ཞུགས་པ་རེད།

    ཁྲེན་ཡུང་ཆིས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གནམ་ཐང་དང་འཁོར་རིགས་བབས་ཚུགས། གྲོང་མིའི་ཁུལ་ཆུང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། སྲང་ལམ་ཆུང་གྲས། གྲོང་ཁུལ་རྙིང་པ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་དང་འབྱུང་རྩ་ནས་བཅོས་སྐྱོང་མངོན་གསལ་དོད་པོ་བྱས་ཏེ་སྐྱོན་བྲལ་དང་མཛེས་སྡུག་ལྡན་པའི་སྡོད་མལ་ཁོར་ཡུག་ཕྱོགས་ཡོངས་ནས་བསྐྲུན་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་མུ་མཐུད་ཡག་པོ་སྤེལ་བར་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱིས“རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པའི”བྱ་ཐབས་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བ་དང་གཙོ་གནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་དང་དངོས་ཟོག་གྲབས་གསོག་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་གཅེས་འཕྲོད་བསྟེན་བདེ་ཐང་གི་ཚན་རིག་ཁྱབ་གདལ་སྡེ་ཁུལ་དང་། ཞིང་འབྲོག་ཁུལ། སློབ་གྲྭ། ལས་ཁུངས། ཁེ་ལས་སོགས་ལ་ཁྱབ་པའི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་འགོ་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་ཡག་པོ་བྱས་ཏེ། བདེ་ཐང་གི་ཤེས་བྱ་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་བཏང་ཐོག་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་བཟང་པོ་འཇགས་པ་དང་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་བ་གཙོ་བོ་བྱེད་པར་ཁྲིད་སྟོན་བྱེད་དགོས། ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྒྱུར་བཅོས་དང་གསར་གཏོད་ཟབ་ཏུ་གཏོང་བ་མ་ཟད། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཚན་མང་པོས་གཞོགས་འདེགས། སྤྱི་ཚོགས་ཡོངས་ཞུགས་པ་བཅས་ཀྱི་སྤྱི་འདོམས་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གོང་ནས་འོག་བར་སྲིད་འཛིན་སྐུལ་སློང་དང་འོག་ནས་གོང་བར་རང་འགུལ་ངང་ཞུགས་པ་ཟུང་དུ་འབྲེལ་བའི་མང་ཚོགས་སྐུལ་སློང་གི་ལམ་སྲོལ་ཆགས་པར་སྐུལ་འདེད་གཏོང་བ། ལས་ཀ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། དངོས་དངོས་རྗེན་རྗེན་གྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་སྐྱོན་བྲལ་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།