དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-10

     ཚེས་7ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དང་། དཔལ་འབྱོར་གླིང་ཤང་། བྱང་ཁ་ཤང་། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། ནད་ཡམས་ཚོད་འཛིན་ལྟེ་གནས། སྤྱི་བདེའི་ཞིབ་བཤེར་ས་ཚིགས་ཁག་གཅིག དགོན་སྡེ་དོ་དམ་ཨུ་ལྷན་དང་དེ་བཞིན་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ལྟེ་གནས། གཤེར་གཟུགས་འདྲེས་སྦྱོར་འབར་རྫས་རྣམ་གྲངས་ལག་བསྟར་བྱ་ཡུལ་བཅས་སུ་ཟབ་སྐྱོད་གནང་ནས་བརྟན་ལྷིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་རྣམ་གྲངས་བསྐྱར་དུ་ལས་འགོ་འཛུགས་པ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཁྲེན་ཡུང་ཆིས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་མཐོ་ཚད་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་རིག་པ་ལྕགས་སྐུད་ལྟར་བསྒྲིམས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ལྷོད་གཡེང་དང་རྣམ་གཡེང་གི་བསམ་པ་མཐའ་གཅིག་ཏུ་ཁྱད་བསད། བསམ་བློའི་སློབ་གསོ་དང་དྲང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཆར་དམ་པོར་དམིགས་པ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ལྗོངས་ཡོངས་ལོ་ཧྲིལ་པོར་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། “རིགས་ཁ་པའི་དོ་དམ་བྱེད་ཐབས་ཁ་པའི”རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལ་གཞིགས་པ། མིག་སྔའི་དཔྱིད་དུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དོན་དངོས་དང་ཟུང་འབྲེལ། ཉེན་ཟོན་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རིམས་འགོག་སྨན་ཁབ་རྒྱག་པ་དང་དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།