དབུ་ཤོག>སྲིད་དོན།
  • རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་འགོག་ཟོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-02

    ཚེས་27ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་བདེ་འཇགས་འགོག་ཟོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཨ་ལ་རི་བོ་ཙོའུ་ཆིའི་བླ་གབ་མེད་པའི་རྡོ་སོལ་གཏེར་ཁ་བསྔོག་ཡུལ་བརྡིབས་པའི་ལས་འཛོལ་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ། གྲོང་ཁྱེར་དང་། ས་ཁུལ། རང་སྐྱོང་ལྗོངས་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གི་གནས་ཚུལ་སྙན་སེང་གསན་ནས་ལྗོངས་ཡོངས་ཀྱི་རྡོ་སོལ་མིན་པའི་གཏེར་རི་དང་། མེ་ཟོན་བདེ་འཇགས། ཨར་པོ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་ཟོན་གྱི་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་བཅས་བྱས་པ་རེད།

    རེན་ཝེ་ཡིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་བདེ་འཇགས་ཐོན་སྐྱེད་ལ་འཕྲད་པའི་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ནས། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གཙོ་གནད་ཁྱབ་ཁོངས་ཀྱི་ལེབ་བཤེར་རྣམ་པ་དང་ཕྱོགས་ཡོངས་ལ་ཁྱབ་པའི་ཆེད་དོན་ཞིབ་བཤེར་རྒྱུན་མཐུད་སྤེལ་དགོས། “དམ་འཛིན་ཞིབ་ཕྲ་དང་། ཆེད་ལས་ཞིབ་བཤེར། བརྒྱུད་རིམ་ལྡན་པའི་དོ་དམ”བཅས་ཀྱི་ལས་དོན་སྤེལ་སྟངས་མཐའ་འཁྱོངས་ཀྱིས་བདེན་ཡོད་ཞུམ་མེད་དང་། རྩ་ལག་མཉམ་བཅོས། དམ་ནན་ཏན་ཏིག་བཅས་ཀྱི་སྒོ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། འགན་འཁྲིའི་འབྲེལ་ཐག་སྔར་བས་དམ་དུ་བཏང་ནས་བདེ་འཇགས་ཀྱི་ཉེན་ཁའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཏིང་ཟབ་གཅོད་པ་དང་། ཁྲིམས་སྒྱུར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ལ་མཐའ་གཅིག་ཏུ་བཀག་སྡོམ་བྱེད་དགོས། རིམ་པ་བཞིན་གནོན་ཤུགས་སྤྲད་དེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་མཉམ་ཤུགས་ཏན་ཏིག་ཆགས་པར་བྱས་ནས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་འགོག་ཟོན་ནུས་ལྡན་བྱས་ཏེ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་འཚོག་ཆེད་བདེ་འཇགས་དང་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།