དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཁག་བགོས་དོ་དམ་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-28

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་གྱིས་ཁག་བགོས་དོ་དམ་སྡེ་ཚན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁག་བགོས་དོ་དམ་འབྲེལ་གཏུག་སྡེ་ཚན་གྱི་ལས་དོན་སྙན་སེང་གསན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་དོན་འཁྱོལ་ནན་པོ་གནང་བ་རེད།

    ཚོགས་འདུར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ནི་ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེའི་ཐུན་མོང་གི་འགན་འཁྲི་རེད། ཁག་བགོས་དོ་དམ་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཡུན་རིང་གི་འཐབ་ཇུས་བརྗོད་གཞིར་བརྩིས་ནས། འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་སྟེ། རྒྱུན་སྲིང་ལྷོད་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།

    ཚོགས་འདུར་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བདེ་འཇགས་ཀྱི་དྲ་བ་ཚགས་དམ་དུ་གཏོང་བ་དང་། རྩ་ལག་མཉམ་བཅོས་ཟབ་ཏུ་གཏོང་བ། གཞི་རིམ་གྱི་ལྟ་སྐུལ་བཅོས་སྐྱོང་བྱེད་ཚད་མང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལྷུ་ཚིགས། གཙོ་གནད་ལས་གནས། གཙོ་གནད་མི་བཅས་མངོན་གསལ་དོད་པོ། རང་འགུལ་ལྟ་སྐུལ་དང་ཕན་ཚུན་ལྟ་སྐུལ་བྱེད་པའི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཧུར་ཐག་ཆགས་པར་བྱེད་དགོས་པ་དང་། ནང་ཁུལ་གྲོས་མོལ་དང་ཐབས་ཇུས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལ་བརྟེན་ཏེ་དབང་ཆ་དང་། མི། ལས་དོན་བཅས་ལ་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་ནུས་ཤུགས་ཡོད་རྒུས་ཆགས་པར་བྱེད་དགོས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད་བཅས་བཏང་ནས་ལས་སྒོ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཉིས་གོམ་སྟབས་གཅིག་གྱུར་ཡོང་བར་བྱེད་དགོས་པ། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་རང་བརྟག་དང་རང་གཟབ་རང་སྐུལ་བྱས་ཏེ་མཐའ་ཚད་བརྟན་པོར་སྲུང་བ་ལས་དམར་ཐིག་ལས་བརྒལ་མི་རུང་ཞེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།