ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཟླ་2ཚེས་20ནས་24ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ལོ་གསར་ཚེས་གཅིག་ཉིན་ཝང་ཅུན་ཀྲེང་ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་བསྐྲུན་ཡུལ་དུ་ཕེབས་ནས་དུས་ཆེན་རིང་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ཨར་པོ་བ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་བཞིན་པ།
ཟླ་2ཚེས་20ནས་24ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ཕེབས་ནས་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་པོ་ཡོད་མེད་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ས་ཡུལ་དངོས་ཀྱི་རོགས་སྐྱོབ་ནང་སྦྱོང་ལ་གཟིགས་ཞིབ་གནང་བ་མ་ཟད། བརྙན་ལམ་འབྲེལ་མཐུད་བྱས་ནས་ལོ་གསར་རིང་ལྗོངས་ཡོངས་ཀྱི་མེ་ཟོན་ལས་དོན་བཀོད་སྒྲིག་བྱེད་ཚུལ་གསན་བཞིན་པ།
● ཕྱོཌ་བསྡུས་ཀྱི་ལེཌ་ཆ་འདོན་པ་དང་། འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོཌ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཟླ་2ཚེས་20ནས་24ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་དུ་ཕེབས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ལས་གནས་བརྟན་པོར་སྲུང་མཁན་གཞི་རིམ་གྱི་ལས་བྱེད་པ་དང་འཐབ་ས་དང་པོའི་ངལ་རྩོལ་བར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོ་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཅིག་འདོམས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་ངེས་གནས་གཏན་འཁེལ་དང་། ཕྱོགས་སྡུད་ཀྱི་ལེགས་ཆ་འདོན་པ། འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་ཁ་བ་འབབ་པར་མ་འཛེམས་པར་བྲག་ཡིབ་ཆུས་ཀླུ་ནང་ནགས་ཚལ་ཁུལ་དུ་ཕེབས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་དང་། ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་པར་རང་བཞིན་དང་དམིགས་བསལ་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ས་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ། “འགྲིམ་འགྲུལ་དང་ཡུལ་སྐོར་ཟུང་འབྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པོ་བཅས་ཀྱི་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་བཀྲ་ཤིས་སྒང་གྲོང་ཚོར་ཕེབས་ནས་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ལ་བརྟེན་ནས་སྐྱེ་ཁམས་རིག་གནས་ཀྱི་ནང་དོན་སྔོག་འདོན་གྱིས་དུས་རབས་གསར་པའི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་གཏོད་དགོས་པའི་ནན་བཤད་གནང་བ་རེད། ཝང་ཅུན་ཀྲེང་ཀླུ་ནང་གྲོང་རྡལ་གྱི་རྒྱལ་ཡོངས་བོད་སྐྱོར་འགྲེམས་སྟོན་ཁང་དང་མངོན་འགྱུར་བའི་གཉིས་གཏོད་ཐོན་ལས་གླིང་དུ་ཕེབས་ཏེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཁ་གཏད་བོད་སྐྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་བསམ་གཞིགས་བྱེད་སྟངས་གསར་གཏོད་བྱས་ཏེ་ཁྱད་ལྡན་ཐོན་རྫས་དང་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་ངོམ་སྟོན་བྱས་ཏེ། བོད་ཀྱི་ཁྱད་ལྡན་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་འགན་གཙང་འགན་ལེན་གྱི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཡིན་པའི་ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུར་སྔ་རྗེས་སུ་བརྟག་ཞིབ་དང་མཛུབ་ཁྲིད་ཐེངས་གསུམ་གནང་ཞིང་། ལོ་གསར་ཚེས་གཅིག་ཉིན་ཁོང་སླར་ཡང་ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་གྱི་ཨར་པོ་རྒྱག་ཡུལ་དུ་ཕེབས་ནས་དུས་ཆེན་རིང་འཐབ་ས་དང་པོའི་འཛུགས་སྐྲུན་པ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་ལྷིང་སྲ་བརྟན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།
ཉིང་ཁྲིའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་རུང་རང་བྱུང་གནོད་འཚེ་ཐོན་མང་བའི་ས་ཁུལ་གྱི་གྲས་ཤིག་རེད། ཝང་ཅུན་ཀྲེང་ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏུ་ཕེབས་ནས་རོགས་སྐྱོབ་སྒྲིག་ཆས་ཆ་ཚང་མིན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ས་ཡུལ་དངོས་ཀྱི་རོགས་སྐྱོབ་ནང་སྦྱོང་ལ་གཟིགས་ཞིབ་གནང་བ་མ་ཟད། བརྙན་ལམ་འབྲེལ་མཐུད་བྱས་ནས་ལོ་གསར་རིང་ལྗོངས་ཡོངས་ཀྱི་མེ་ཟོན་ལས་དོན་བཀོད་སྒྲིག་བྱེད་པའི་སྙན་སེང་གསན་ཞིང་། ཁོང་གིས་མིག་སྔར་ལྗོངས་ཡོངས་ནས་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ལམ་ལྷོངས། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་བཟང་པོ་མངོན་གྱི་ཡོད། གྲུབ་འབྲས་འདི་ལྟ་བུ་ཐོབ་དོན་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་རེད་ལ། དེར་མེ་ཟོན་འཐབ་ཕྱོགས་ཀྱི་བཀོད་འཐབ་པ་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་དང་རྔུལ་ཆུ་འདུས་ཡོད་ཅེས་ནན་བཤད་གནང་བ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་མེ་ཟོན་བཀོད་འཐབ་པ་ཚོས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱེད་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་ཚོར་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཕྲལ་སྡོམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རང་འགུལ་ངང་ལས་དོན་མཐའ་དག་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་ཇུས་འགོད་བྱེད་པ། འདུ་ཤེས་ཟམ་མི་ཆད་པར་གསར་བརྗེས་བྱེད་པ། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཕྱི་ཕྱོགས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་ཞབས་ཞུར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རིང་བྱས་རྗེས་དེ་བས་ཆེ་བ་མངོན་པར་བྱེད་དགོས་པ། ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ཉིད་ལྗང་མདོག་ཐཱན་ཉུང་དུ་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ། དྭངས་གཙང་ནུས་རྒྱུ་སོགས་གསར་དར་ཐོན་ལས་སྐྱེད་སྲིང་མགྱོགས་སུ་གཏོང་བ། བཟོ་ལས་ཅན་གསར་པའི་འཕེལ་རྒྱས་ལ་གོམ་པ་རིམ་བགྲོད་ཀྱིས་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རིམ་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གཏོད་དགོས་པ། ཚད་གཞི་མཐོ་ཞིང་འགོ་འཛུགས་ས་མཐོ་པོས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་སྟངས་ཇུས་འགོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་སྟེ།
ཆ་རྐྱེན་སྐྲུན་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས་ཤིང་། ཆབ་སྲིད་ཀྱི་སྐྱེ་ཁམས་དང་། སྤྱི་ཚོགས་ཀྱི་སྐྱེ་ཁམས། ཁྲོམ་རའི་སྐྱེ་ཁམས། རང་བྱུང་གི་སྐྱེ་ཁམས་བཅས་ལེགས་སུ་གཏོང་བ་དང་། རྩེར་སོན་རྣམ་གྲངས་དང་། འཐབ་ཇུས་མ་འཇོག རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་བཅས་ནང་འདྲེན་ཤུགས་ཆེན་བྱེད་པ། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཕྱར་བ་གྲུ་འདེགས་ཀྱིས་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མ་དངུལ་བསྡུ་གཏོང་ལམ་སྲོལ་སྒྱུར་བཅོས་དང་། ཚོང་འགུགས་མ་འདྲེན་བྱེད་སྟངས་སྒྱུར་བཅོས། ཕྱི་ཕྱོགས་སྒོ་དབྱེ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་ཁྲིད། སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ལ་མགྱོགས་མྱུར་སྐུལ་འདེད། སྒྱུར་བཅོས་གསར་གཏོད་ཀྱི་ཁེ་སྤོགས་སྔར་བས་བགོ་བཤའ་རྒྱག་པ། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་སྔར་བས་མང་བ་ཆགས་པ་བཅས་བྱས་ནས་ཁྲོམ་རའི་བྱེད་པོ་ཡོང་འདོད་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་ཡག་པོ་ཡོང་བ་བཅས་བྱེད་དགོས་པ།
བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས་བྱས་ནས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་ཤིང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་གསར་བརྗེས་བྱེད་པ། བསམ་ཕྱོགས་གསལ་བཟོ་བྱེད་པ། ཉམས་མྱོང་དང་བྱེད་སྟངས་བཟང་པོ་ཕྱོགས་སྡོམ་དང་དཔྱད་གཞིར་འཛིན་པ། སྒོ་དབྱེ་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་དང་ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་འདོན་པར་ཞིབ་འཇུག་བྱེད་པ། དུས་འགོ་དང་དོན་འཁྱོལ་འཕེལ་རིམ་གསུམ་ལ་དམ་འཛིན་བྱེད་པ། ལྟ་སྐུལ་ལ་ཤུགས་སྣོན་དང་བྱ་དགའ་ཆད་གཅོད་བྱེད་པ། དོན་འཁྱོལ་དང་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་དོན་སྒྲུབ་སྟངས་དང་། ལས་དོན་སྒྲུབ་ནུས། ལས་ཀའི་ཆུ་ཚད་བཅས་ལ་ཞིབ་བཤེར་བྱེད་དགོས་པ། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ལས་ཀའི་མ་ལག་དང་འགན་འཁྲིའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒོ་དབྱེ་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྒོ་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས་པ།
འཕེལ་རྒྱས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བཏང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་སྲ་བརྟན་དང་ལྗང་མདོག་གི་ཕན་ནུས་ཐོན་པར་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་འཛུགས་སྐྱོང་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྐྱེ་ཁམས་དམངས་ཕྱུག་དམངས་ཕན་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་རིང་ཕྱུག་པོ་ཆགས་ཐུབ་པར་བྱེད་དགོས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་ཡག་པོ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ཆུ་ཚད་སྔར་བས་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མ་ལག་ཧུར་ཐག་སྐྲུན་དགོས།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་ད་དུང་ཁྲོན་བོད་གཞུང་ལམ་གྱི་G318ལམ་ཐིག་གི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ལས་བྱེད་པའི་ལུས་གསོ་རྟེན་གཞིར་ཕེབས་ནས་འབྲེལ་ཡོད་ལས་གྲྭའི་འཕེལ་རིམ་མཁྱེན་རྟོགས་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣