དབུ་ཤོག>སྲིད་དོན།
  • “རྒྱུན་དུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པར་བརྟེན་ནས་དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2023-02-25

     ཚེས་22ཉིན། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་མཇུག་འགྲིལ་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཐད་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“རྒྱུན་དུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པར་བརྟེན་ནས་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་དང“བདེ་ཐང་འགན་ལེན་དང་ནད་གཞི་ཚབས་ཆེན་སྔོན་འགོག”ལ་དམིགས་ནས་དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས།

    ཁྲེན་ཡུང་ཆི་དང་། ལིའུ་ཅང་། རེན་ཝེ། ཕུར་བུ་དོན་གྲུབ། བསྟན་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་ཀྱི་རིམས་ནད་གནས་ཚུལ་བརྟན་ལ་ལེགས་སུ་འགྲོ་བཞིན་ཡོད།

    རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་དཔག་དང་ཉེན་ཟོན་ཉེན་བརྡའི་ལམ་སྲོལ་དང་ཆ་འཕྲིན་སྙན་ཞུའི་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཉེན་བརྡ་གཏོང་བ། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ཐག་གཅོད་བཅས་བྱས་ནས་འགག་རྩའི་དུས་སུ་ནོར་འཁྲུལ་མི་ཡོང་བའི་འགན་ལེན་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་གང་ཐུབ་དང་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གང་ཐུབ་གཏོང་དགོས། རིམས་འགོག་སྨན་ཁབ་མགྱོགས་མྱུར་རྒྱག་པ་དང་། རྒན་རྒོན་དང་། བྱིས་པ། སྦྲུམ་མ། དབང་པོ་སྐྱོན་ཅན་སོགས་གཙོ་གནད་མི་ཚོགས་ལ་དམིགས་ནས་རིམས་འགོག་སྨན་ཁབ་རྒྱག་ཚད་མུ་མཐུད་མཐོ་རུ་བཏང་སྟེ་སྤུས་ཚད་དེ་བས་མཐོ་བའི་རིམས་འགོག་སྲུང་བཅད་གཏོད་དགོས། གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆེད་དོན་ཇུས་གཞི་ལེགས་སུ་བཏང་སྟེ་མ་བྱུང་སྔོན་འགོག་བྱེད་དགོས་ལ“དཔལ་འབྱོར་རྩིས་གཞི”ཡང་ཡག་པོ་བརྒྱབ་ནས་དངོས་ཟོག་ཁག་གྲབས་གསོག་བྱ་རྒྱུ་དེ་མི་འབོར་གྱི་གཞི་ཁྱོན་དང་སྤྱི་པའི་དགོས་མཁོ་དང་འཚམ་པའི་འགན་ལེན་བྱེད་པ་དང་། རིམས་འགོག་དངོས་ཟོག་ཁག་འདང་ངེས་གསོག་ཐུབ་པ་དང་། ནང་འདྲེན་ཐུབ་པ། རྗེས་ཟིན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ཏེ“དོན་ཚན་38”དང“དོན་ཚན་29”ཡི་སྲིད་ཇུས་བྱེད་ཐབས་དང་གསར་སྣོན་སྲིད་ཇུས་ཁག་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། བརྟན་པོའི་ངང་འཕར་བ། ལས་ཞུགས་བརྟན་པོ་ཡོང་བ། ཟོག་གོང་བརྟན་པོ་ཡོང་བ་བཅས་ལ་དམིགས་པ། རྣམ་གྲངས་དམ་འཛིན་དང་། འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དཀའ་གནད་སེལ་བ་བཅས་བྱས་ནས་སྔོན་དཔག་གི་གདེང་ཚོད་ཆེ་རུ་ཧུར་ཐག་གཏོང་བ་དང་ཁྲོམ་ར་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་འགན་ལེན་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། “ཕྱོགས་བཞིའི་འགན་འཁྲི”ནན་དཀྲིས། ལས་འགན་བཀོད་སྒྲིག་ཞིབ་ཚགས། འགན་འཁྲི་བདའ་འདེད་དང་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་ཁག་དང་། ལྷུ་ཚིགས་ཁག བླང་བྱ་ཁག་ཚང་མར་འགན་འཁུར་མཁན་ཡོད་པ་དང་དོན་འཁྱོལ་ཡག་པོ་བྱེད་ཐུབ་པ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པ་བྱེད་པར་སྐུལ་འདེད་གཏོང་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།