དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པའི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-23

     ཚེས་19ཉིན་རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པའི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རེན་ཝེ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། ལང་ཧྥུའུ་ཁོན། ཝུའེ་ཤིའུ་ཁྲང་། ཀུང་ཧུའེ་ཚའེ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཕེབས་པ་རེད།

    ཡན་ཅིན་ཧའེ་ཡིས་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ་དབར་གྱི་འབྲེལ་བ”ཐག་གཅོད་ཡག་པོ་བྱེད་པར་དམིགས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་དང་སྟངས་འཛིན་གཏིང་ཟབ་བྱས་ནས། ལག་བསྟར་ཆོག་པའི་འཆར་འགོད་ཞིབ་ཕྲ་དང་དངོས་གཉེར་སྤྱོད་་གོ་ཆོད་པའི་སྲིད་ཇུས་ཞིབ་ཕྲ་བཟོས་ནས་རྣམ་གྲངས་ལ་དམ་འཛིན་དང་། ཐོན་ལས་དར་རྒྱས། དམངས་འཚོར་ཕན་པ། སྐྱེ་ཁམས་འགན་ལེན། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་པ་དང་། ལས་ཀའི་ལག་ལེན་ཁྲོད་འགལ་ཟླ་དང་གནད་དོན་ཐག་གཅོད་དང་དཔེ་མཚོན་གྱི་ཉམས་མྱོང་གཏོད་དགོས། “འཐབ་ཇུས་དང་ཐབས་ཇུས་དབར་གྱི་འབྲེལ་བ”ཐག་གཅོད་ཡག་པོ་བྱེད་པར་དམིགས་ཏེ།“མདུན་གྲལ་དུ་སླེབས་པའི”འཐབ་ཇུས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ནས་ལེགས་ཆ་འདོན་སྤེལ་དང་གོ་སྐབས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། འཐབ་ཇུས་ཐད་ཡིད་ཆེས་བརྟན་པོ་དང་། དམིགས་ཚད་གཏན་འཁེལ་བ། དམ་འཛིན་མཐར་ཕྱིན་པ་བཅས་བྱེད་དགོས་པ་དང་། ཐབས་ཇུས་ཐད་སྐབས་བསྟུན་དང་། ཡུལ་བབ་དང་བསྟུན་པ། གནས་བབ་དང་བསྟུན་པ་བཅས་བྱེད་དགོས། “གཞུང་འཁྱོངས་དང་གསར་འབྱེད་དབར་གྱི་འབྲེལ་བ”ཐག་གཅོད་ཡག་པོ་བྱེད་པར་དམིགས་ཏེ། ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང“གཞུང་འཁྱོངས”ཁ་ཕྱོགས་ཀྱི་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང“གསར་འབྱེད”སྒུལ་ཤུགས་ཨང་དང་པོར་བརྩི་བ་དང་གཞུང་ཁོངས་རྒྱུ་ནོར་དང་། གཞུང་ཁོངས་ཁེ་ལས། ཚོང་གཉེར་ཁོར་ཡུག་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྤྱོད་ཚུལ་ངན་པ་མེད་པར་བཟོ་བ། ཕྱོགས་ཡོངས་ནས་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། “ལས་ཕྱོད་དང་དྲང་གཞག་དབར་གྱི་འབྲེལ་བ”ཐག་གཅོད་ཡག་པོ་བྱེད་པར་དམིགས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོའི་ནང་མཉམ་འདྲེས་ཐུབ་པའི་ཞིབ་ཕྲའི་བྱེད་ཐབས་གང་མགྱོགས་ཞིབ་འཇུག་བྱས་ནས་བཟོ་བ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། “བསམ་བློར་སྟངས་འཛིན”དང“ལྟོ་གོས་ལ་འགན་ལེན”བྱེད་པའི“གོམ་སྟབས་གསུམ་གཅིག་མཚུངས”ཀྱི་ལས་ཀའི་ལམ་སྲོལ་གང་མགྱོགས་འཛུགས་དགོས། “གསོན་ཤུགས་དང་སྒྲིག་ལམ་དབར་གྱི་འབྲེལ་བའི”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་དམིགས་ཏེ། ནོར་འཛོལ་ཤོར་རུང་ལ་ནོར་འཁྲུལ་ཡོ་བསྲང་དང་འགན་འཁྲི་འཁུར་བར་སྐུལ་མ་གཏོང་བའི་ཞིབ་ཕྲའི་བྱེད་སྟངས་དང་ལས་ཀའི་ལམ་སྲོལ་སྔར་བས་ཞིབ་ཚགས་ངང་འདོན་པ་དང་། “སྒྱིད་ལུག་ཅན་གསོ་བ”གཏན་འགོག་གི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་གནས་ཚུལ་མི་ཐོན་པ་དང་རྙོག་དྲ་མི་བཟོ་བའི་འགན་ལེན་བྱེད་དགོས། “རང་སྟོབས་རང་སྤེལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འབྲེལ་བའི”གནད་དོན་ཐག་གཅོད་ཡག་པོ་བྱེད་པར་དམིགས་ཏེ། “དམ་འཛིན་བྱ་གཞི་བརྒྱད”ལ་བརྟེན་ནས་གྲུབ་ཆ་ལེགས་སྒྲིག་དང་། ནུས་པ་གཞན་སྒྱུར། སྤུས་ཚད་མཐོར་གཏོང་བཅས་མཐའ་འཁྱོངས་ཀྱིས་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། གཙོ་གནད་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཁྱད་ལྡན་ཐོན་ལས་མགྱོགས་མྱུར་སྟོབས་ཆེར་གཏོང་བ་བཅས་བྱས་ནས་བྱ་གཞག་དར་རྒྱས་དང་། མི་རྣམས་འབྱོར་ཕྱུག སྲུང་བཅད་བརྟན་པོ་བཅས་ཀྱི་སྒོ་དབྱེའི་འགྲོ་ལམ་ཆེན་པོ་ཧུར་ཐག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།