དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-21

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་ཤུགས་ཆེན་བསྟར་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2022ལོ་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་རང་འགན་གཙང་སྒྲུབ་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་གཙང་སྒྲུབ་བྱས་ནས། སྤྱི་ཡོངས་དང་ལྟེ་བར་དམིགས་ཏེ་རྩ་འཛུགས་ལས་དོན་ཡག་པོ་སྒྲུབ་པ་དང་། མི་འདེམས་མི་སྤྱོད་ཀྱི་ཡང་དག་པའི་སྟོན་ཕྱོགས་སྔར་བས་འཛུགས་པ། རིམ་ཁག་ལས་བྱེད་ཤེས་ལྡན་མི་སྣའི་ཧུར་བརྩོན་དང་གསར་གཏོད་རང་བཞིན་ནུས་ལྡན་འཕེལ་བ་བཅས་བྱས་ཏེ་ལས་དོན་ཁག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།

    “གསོ་སྐྱོང་དང་། ཁྲིད་སྟོན། བཀོལ་སྤྱོད། ཉར་བ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་བྱེད་པ། ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་ཤེས་ལྡན་མི་སྣ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་ཀྱིས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ“དོན་ཆེན་བཞིར”སྐུལ་འདེད་གཏོང་བ། “འཛུགས་གཏོད་བཞིར”སྣེ་ཁྲིད་བཅས་བྱས་ནས་གཞི་རིམ་དུ་འཛིན་པའི་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་ཤེས་ལྡན་མི་སྣར་སྔར་བས་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ལས་བྱེད་པ་གོ་གནས་སྤོར་རྒྱུ་ཡོད་ལ་ཆག་རྒྱུའང་ཡོད་པ། རང་འགན་ཐེག་པ་ཁུར་ལེན་ཐུབ་པ། འགན་འཁྲི་འཁུར་ཕོད་པ། ཀྲི་པུའུ་བཅོས་སྐྱོང་ནན་པོ། རང་གཅུན་ནན་པོ་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ཤེས་ལྡན་མི་སྣས“ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་ནས་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཟླ་2ཚེས་17ཉིན། ལྗོངས་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གི་ཚོགས་འདུ་ལྷ་སར་འཚོགས་ནས་རྒྱལ་ཡོངས་ཀྱི་རྩ་འཛུགས་པུའི་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ། 2022ལོའི་རྩ་འཛུགས་ལས་དོན་ལ་ཕྱོགས་སྡོམ་བྱས་པ། 2023ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུའི་ཐོག་གསུངས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་མི་དོན་སྡེ་ཚན་གྱིས“གསོ་སྐྱོང་དང་། ཁྲིད་སྟོན། བེད་སྤྱོད། ཉར་བ”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱས་ནས། ཤེས་ལྡན་མི་སྣའི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ས་མཐོའི་ཁྱད་ལྡན་ཤེས་ལྡན་མི་སྣའི་རྟེན་གཞི་མགྱོགས་མྱུར་བསྐྲུན་ནས་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྩལ་ནུས་དངོས་འབྲེལ་འདོན་ཐུབ་པ་བྱེད་དགོས་པ་དང་། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དང“ཚོགས་པ་ཆུང་གྲས”ཀྱི་བོད་སྐྱོར་བྱེད་རྒྱ་ཆེ་རུ་བཏང་ནས། བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འདུ་ཤེས་རྙིང་པ་དང་བསམ་གཞིག་རྙིང་པ་དོར་བ་དང་དུས་བསྟུན་འཕེལ་རྒྱས་དང་གཞུང་དྲང་གསར་གཏོད་ཀྱི་འདུ་ཤེས་བཙུགས་ཏེ། བསམ་བློར་བཅིངས་འགྲོལ་བཏང་ནས་སྤྱོད་ཚུལ་ལ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་གཏོང་དགོས། ཚད་གཞི་འཛུགས་པ་དང་། ཚད་གཞི་དང་བསྡུར་བ། ཚད་གཞི་ལོན་པ་བཅས“ཚད་གཞི་གསུམ”གྱི་ལས་ཀའི་བྱེད་ཐབས་དང“གནད་དོན་དང་། གྲུབ་ཆ། ཐབས་ཇུས་བཅས་ཟུང་དུ་འབྲེལ་བའི”ཞིབ་འཇུག་བྱེད་ཐབས་སྤྱོད་མཁས་པོ་བྱས་ཏེ། བྱེད་ཐབས་གསར་གཏོད་ལ་བརྟེན་ནས་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་དགོས། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་བཏོད་དེ“ཆབ་སྲིད་ལ་སྣང་ཆེན་དང་། དྲང་གཞག་ལ་མཐོང་ཆེན། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ”བཅས་ཀྱི་རྩ་འཛུགས་ལས་དོན་གྱི་དཔུང་ཁག་ཅིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།