དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-21

    4387113_yis_1676908800000_s.jpg

    ཟླ་2ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་ཚད་ཡོད་ཀུང་སིའི་རྒྱ་མ་གཏེར་ཁུལ་དུ་ཕེབས་ནས་རིག་ནུས་གཏེར་རི་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སླར་གསོ། བདེ་འཇགས་ཐོན་སྐྱེད། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    4387117_yis_1676908800000_s.jpg

    ཟླ་2ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས། ཝང་ཅུན་ཀྲེང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་རྡོ་རྗེ་བསོད་ནམས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་ཁོང་ཚོ་བརྒྱུད་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ།

    ●“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཟླ་2ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ“ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས། རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་གནས་པའི་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་ཚད་ཡོད་ཀུང་སིའི་རྒྱ་མ་གཏེར་ཁུལ་དུ་ཕེབས་ནས་རིག་ནུས་གཏེར་རི་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སླར་གསོ། བདེ་འཇགས་ཐོན་སྐྱེད། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཀྲུང་གོ་གསེར་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཅང་ལེང་ཡིའུ་ཡིས་གཏེར་ཁུལ་དེར་ས་ངོས་ཀྱི་རྒྱང་ཁྲིད་བཀོལ་སྤྱོད་དབོར་འདྲེན་དང་5Gརིག་ནུས་སྔོག་འདོན་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པར། ཝང་ཅུན་ཀྲེང་གིས་ཁས་ལེན་གང་ལེགས་གནང་བ་མ་ཟད། བརྙན་ལམ་བརྒྱུད་ཁྲོན་པའི་འོག་ཏུ་ལས་རེས་བྱེད་བཞིན་པའི་འཐབ་ས་དང་པོའི་བཟོ་པར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱིས་ཐོན་ལས་ལ་ནུས་པ་སྦྱིན་པ་དང་སྔོན་ཐོན་གྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་ཀྱི་ཕན་འབྲས་ཐོན་པར་བྱས་ཏེ། གཏེར་ཁུལ་གྱི་ཐོན་སྐྱེད་ལ་བདེ་འཇགས་དང་། ནུས་ཆེ། གྲོན་ཆུང་། ལྗང་མདོག རྒྱུན་མཐུད་ཆོག་པ་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཐོན་རྫས་ཀྱི་ལག་རྩལ་དང་། བཟོ་རྩལ་སྒྲིག་ཆས། ནུས་ཕྱོད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ“ལྗང་མདོག་གཏེར་རི་དང་ལྗང་མདོག་གཏེར་ལས”ནུས་ཤུགས་ཡོད་རྒུས་གཏོད་དགོས།

    ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་འགུལ་ངང་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བསྡུས་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    “ལོ་གསར་བཀྲ་ཤིས་བདེ་ལེགས” བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས། ཝང་ཅུན་ཀྲེང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་རྡོ་རྗེ་བསོད་ནམས་ཀྱི་ཁྱིམ་དུ་ཕེབས་ནས། ཁོང་ཚོ་དང་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས། རྡོ་རྗེ་བསོད་ནམས་ཀྱི་ནང་མི་ཚང་མས་ལོ་གསར་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་། ཁྱིམ་དུ་འབྲུ་རིགས་སྣ་ལྔའི་ལོ་ལེགས་མཚོན་པའི་ཕྱེ་མར་དང་ཚོན་མདོག་སྣ་ཚོགས་ཀྱི་ཁ་ཟས་བསྒྲིགས་ཡོད་ཅིང་། དྲི་ཞིམ་འཐུལ་བའི་ཕྱེ་མར་དང་། སྔོ་སིལ་སིལ་གྱི་ལོ་ཕུད། ཞིམ་མངར་གྱི་ཁ་ཟས་བཅས་ལས་ལོ་གསར་གྱི་རྣམ་པ་དེ་བས་ཟབ་པར་གྱུར། ཝང་ཅུན་ཀྲེང་གིས་ལོ་དྲུག་ལ་སླེབས་པའི་རྡོ་རྗེ་བསོད་ནམས་ཀྱི་ཚ་མོ་བསོད་ནམས་དཔལ་མོའི་ལག་པ་ནས་འཇུས་ཏེ་ནང་མི་དང་མཉམ་དུ་གྲལ་སྒོར་ལ་བཞུགས་ནས་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། “ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱས་ཟིན་ནམ། ན་ནིང་ཁྱིམ་ཚང་གི་ཡོང་འབབ་གང་འདྲ་འདུག་གམ། དཀའ་ངལ་ག་རེ་འདུག་གམ”ཞེས་བཀའ་འདྲི་གནང་། རྡོ་རྗེ་བསོད་ནམས་ཀྱིས་རང་ཉིད་དང་བཟའ་ཟླས་རྫོང་དུ་ཇ་ཁང་ཞིག་བཙུགས་ཡོད་པས་ནང་མི་ཚང་མ་འཚོ་བ་ཡག་པོ་ཡོད་ཞེས་ལན་བརྒྱབ། ཝང་ཅུན་ཀྲེང་གིས་བསོད་ནམས་དཔལ་མོར་བྱམས་བརྩེའི་ངང“སློབ་གྲྭར་འགྲོ་གི་ཡོད་དམ། ལོ་གསར་གཏོང་བར་དགའ་པོ་འདུག་གམ”ཞེས་བཀའ་འདྲི་གནང་། བསོད་ནམས་དཔལ་མོས་ཁོང་གི་བཞིན་ལ་ལྟ་བཞིན“ང་ལོ་གསར་གཏོང་རྒྱུར་ཧ་ཅང་དགའ་པོ་ཡོད། ད་ལྟ་བུ་བཅོལ་ཁང་གི་འཛིན་གྲྭ་འབྲིང་བ་འགྲིམ་བཞིན་ཡོད”ཅེས་ལན་བརྒྱབ། ཝང་ཅུན་ཀྲེང་གིས་བསོད་ནམས་དཔལ་མོར་སློབ་སྦྱོང་གི་མཁོ་ཆས་གནང་ནས་ཁོ་མོར་སློབ་སྦྱོང་ཡག་པོ་བྱེད་པ་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་གོ་ཆོད་ཤེས་ལྡན་པར་ཧུར་ཐག་འགྱུར་བ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། དེ་ནས་ཡར་བཞེངས་ཏེ་ཐབ་ཚང་དང་གཉེར་ཚང་དུ་ཕེབས་པ་དང་། རྡོ་རྗེ་བསོད་ནམས་ཁྱིམ་གྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་ལྟོ་གོས་འཛོམས་པོ་ཡོད་པ་གཟིགས་སྐབས། ཝང་ཅུན་ཀྲེང་ཐུགས་ཧ་ཅང་མཉེས་པོ་བྱུང་ནས། ཁོང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ལྷག་ཙམ་སོང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དང་། ཉིན་བཞིན་མ་འདས་པར་འགྱུར་ལྡོག་འགྲོ་བའི་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློ་བརྟན་འགྱུར་མེད་ཀྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་འགྱུར། བརྟན་ལྷིང་དང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གཅེས་འཛིན་ལྡབ་འགྱུར་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་བློ་བརྟན་འགྱུར་མེད་ངང་རྫོང་ཁོངས་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་དམངས་ཕྱུག་རྫོང་དར་གྱི་ལམ་བུ་འཚོལ་ཞིབ་བྱེད་པ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཡུལ་ཕྱོགས་གཅིག་ལ་གཟི་བརྗིད་སྣོན་པ་མ་ཟད། སྤྱི་ཡོངས་ལ་བཀྲག་མདངས་ཀྱང་སྣོན་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནས་འགོ་འཛུགས་པ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཀྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བའི་འཇུག་གཞི་འཕྱུགས་པ་མེད་པར་འཚོལ་བ། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་བ་འཇུག་གཞིར་བྱེད་པ། གཙོ་རྒྱུ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འགན་སྲུང་དུ་བྱེད་པ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འཛད་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས། “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”རྒྱུན་འཁྱོངས་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་ཚུགས་ས་དང་དོན་ལ་བབས་སར་བརྩི་བ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལོངས་སྤྱོད་ཐུབ་པ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་ཆུ་ཚད་དེ་བས་མཐོ་བའི་སྲུང་སྐྱོང་ཧུར་ཐག་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ཡོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ནན་སྲུང་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་ནན་ཤོས་ལག་བསྟར་བཅས་བྱས་ནས་ལྗང་མདོག་དེ་རྫོང་ཁོངས་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་སར་འགྱུར་བ་བྱེད་དགོས། གོ་སྐབས་དམ་འཛིན་དང་སྲིད་ཇུས་ཡག་པོ་སྤྱད་དེ་རྣམ་གྲངས་ལ་བརྟེན་ནས་ཚོང་འགུགས་བྱེད་པ་དང་། ཐོན་ལས་ལ་བརྟེན་ནས་ཚོང་འགུགས་བྱེད་པ། གླིང་ཁུལ་ལ་བརྟེན་ནས་ཚོང་འགུགས་བྱེད་པ། བོད་སྐྱོར་ལ་བརྟེན་ནས་ཚོང་འགུགས་བྱེད་པ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་བོད་ལ་འཚམ་པའི་ཐོན་ལས་དངོས་ནང་འདྲེན་བྱས་ནས་ས་མཐོར་གཞི་ཚུགས་འདོད་ཡོད་པའི་སྤུས་ལེགས་ཁེ་ལས་འདྲེན་འགུགས་བྱེད་དགོས་པ། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ཞབས་ཞུའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མིག་སྔའི་དཔལ་འབྱོར་ལ་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་རྫོང་ཁོངས་སྟོབས་ཆེར་གཏོང་བ་དང་། གྲོང་རྡལ་ཆུང་ངུ་སྐྱེད་སྲིང་བྱེད་པ། གླིང་ཁུལ་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་རྫོང་གྲོང་གི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གླིང་ཁུལ་གྱི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ་དང་རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། ཞིང་འབྲོག་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་སྟོབས་ཆེར་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། སྤྲོ་གསེང་ཞིང་ལས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཆགས་པར་བྱེད་པ། རྫོང་ཁོངས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།