དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་མཐུན་འབྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-20

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་16ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་མཐུན་འབྲེལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དགའ་སྤྲོ་མཉམ་འཛོམས་ཀྱིས་མཛའ་གྲོགས་གླེང་ནས་ཕན་ཚུན་མཇལ་དར་སྒྲོན་པ་དང་བཀྲ་ཤིས་བདེ་ལེགས་ཞུས་ཏེ་མཉམ་དུ་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་མཐུན་འབྲེལ་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀརྨ་ཚེ་བརྟན་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཞུགས་ཡོད་པ་རེད།

    ཀྲོང་ཡན་གྱིས་ཤིས་ཚིག་སྒྲོན་སྐབས་དང་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་ཚབ་ཞུས་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་སྲིད་གྲོས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོར་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་གིས་བོད་ལྗོངས་སྲིད་གྲོས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ནི་གཟི་བརྗིད་ཅིག་ཡིན་ལ་འགན་འཁྲི་ཞིག་དེ་བས་ཀྱང་ཡིན། ཚང་མས་སྲིད་གྲོས་ཀྱི་ལས་སྟེགས་འདིར་གཅེས་འཛིན་ལྡབ་བརྒྱ་དང་ཨུ་ཡོན་གྱི་ཐོབ་ཐང་ལ་བརྩི་མཐོང་ལྡབ་བརྒྱ་བྱས་ཏེ། འགན་འཁྲི་ཡག་པོ་སྒྲུབ་པ་དང་། འགན་ཡག་པོ་འཁུར་བ། ཐབས་དང་ཇུས་ཧུར་ཐག་འདོན་པ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། རྒྱ་ཆེའི་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཐུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བཞུགས་མོལ་སྤེལ་རེས་ཚོགས་འདུར་སྒྲུབ་ཁབ་ཐུབ་བསྟན་མཁས་གྲུབ་དང་། རྭ་སྒྲེང་བསོད་ནམས་ཕུན་ཚོགས། བསོད་ནམས་དོན་གྲུབ། ཨ་པ། བསོད་ནམས་ཉི་མ་བཅས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་5ཡིས་སྤེལ་རེས་གཏམ་བཤད་སྤེལ་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུང་བཤད་གནང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྱི་ལས་དོན་གནས་བབ་གལ་ཆེན་དུ་བཞག་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བྱམས་བརྩེའི་ཐུགས་ཁུར་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་པས་ལྗོངས་ཡོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྣེ་ཁྲིད་དེ་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་མཁན་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་མཁན་བཅས་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ད་དུང་བཞུགས་མོལ་ཚོགས་འདུར《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ལ་བཏོན་པའི་གྲོས་འགོ》སྒྲོག་སྦྱངས་གནང་བ་རེད།

    བྱེད་སྒོ་སྤེལ་རིང་། ད་དུང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་བོད་ལྗོངས་སྲིད་གྲོས་ཀྱི་ལོ་རྒྱུས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་། རིག་རྩལ་ལས་དོན་པས་ལྟད་མོ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།