ཟླ་2ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་བསླུ་འགོག་ལྟེ་གནས་སུ་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
ཟླ་2ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྤྱི་སོ་མངགས་གཏོང་ཁང་དུ་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་། ལས་སྒྲུབ་དཔོན་དམག ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་བདེ་སྲུང་མི་སྣ་བཅས་ལ་འཚམས་འདྲི་གནང་བཞིན་པ།
ཚེས་16ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཞིན་བོད་སྐྱོང་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་བཞིན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ལིའུ་ཅང་། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ཀྲང་ཧུང་པོ་བཅས་ཞུགས་ཡོད་པ་རེད།
རང་སྐྱོང་ལྗོངས་ཀྱི་བསླུ་འགོག་ལྟེ་གནས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་གྱི་ཉེས་གསོག་རིགས་གསར་པར་ཁྲིམས་བཞིན་རྡུང་རྡེག་དང་། འགོག་ཟོན། བཅོས་སྐྱོང་སོགས་ཀྱི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐག་གཅོད་ཀྱི་གྲངས་འབོར་དང་གྱོང་གུན་གསབ་ཚུལ་བཀའ་འདྲི་གནང་བ་མ་ཟད། ལས་དོན་ལ་ཐོན་པའི་ཕན་འབྲས་ལ་ཁས་ལེན་ཡང་གནང་བ་རེད། ཁོང་གིས་སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་ནས་གྲངས་གཞི་དང་། ཉེན་ཟོན་གནས་ཚུལ། གྱོད་གཞི་བཅས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་བཏང་སྟེ། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་གི་འཕེལ་ཕྱོགས་གསར་པ་དང་། ཁྱད་ཆོས་གསར་པ། འགྱུར་ལྡོག་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཐོན་ཁུངས་ཀྱི་བྱེད་ཐབས་བསྡུ་སྒྲིལ་བྱེད་པ་བཅས་བྱས་ཏེ། རྡུང་རྡེག་དང་སྔོན་འགོག་གི་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་གནད་སྨིན་ཡོང་བ་བྱེད་དགོས། རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་རྡུང་རྡེག་ཚ་ནན་གཏོང་བའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཐོན་མང་བའི་རྣམ་པ་གཏན་འགོག་མཐའ་གཅིག་ཏུ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འཇིགས་རྒོལ་དམིགས་བསལ་མྱུལ་ཞིབ་རུ་ཁག་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྤྱི་སོ་མངགས་གཏོང་ཁང་། སེ་ར་དགོན་བཅས་སུ་ཝང་ཅུན་ཀྲེང་གིས་གཞི་རིམ་མི་དམངས་ཉེན་རྟོག་པ་དང་། ལས་སྒྲུབ་དཔོན་དམག ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་གི་བདེ་སྲུང་བ་བཅས་ལ་འཚམས་འདྲི་གནང་ནས་དངོས་འཐབ་དངོས་སྦྱོང་དང་། སྟོབས་ཤུགས་བཀོད་སྒྲིག འཕྲལ་སྡོམ་ལས་རེས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། ཁོང་གིས། གཟི་བརྗིད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་རྐྱེན་ཐག་གཅོད་རིང་གི“རལ་གྲི་རྣོན་པོ”དང་། “ཁུ་ཚུར” “སྤུ་གྲི”བཅས་ཀྱི་ནུས་པ་འདོན་པ་དང་། འཇིགས་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་དངོས་འཐབ་དམག་སྦྱོང་ལ་ཤུགས་སྣོན། རྒྱུན་དུ་གྲ་སྒྲིག་ལྷོད་མེད་བཅས་བྱས་ཏེ་གནས་ཚུལ་ཐོན་ཚེ་གོ་ཆོད་ལ་བརྟན་པོའི་ངང་ཐག་གཅོད་ཐུབ་པར་བྱེད་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་དང་བརྟན་པོ་བཙུགས་ཏེ་དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཤེས་རྟོགས་དང་ཐག་གཅོད། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། གཞི་རིམ་བཅོས་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ལྡན་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ལ་ཉེ་བས་རིམ་ཁག་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྤུས་ཚད་དང་ཆུ་ཚད་མཐོ་པོས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་མཐའ་འཁྱོངས་ཀྱིས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དུས་བབ་དང་ལས་འགན་ཁོང་དུ་ཡང་དག་ཆུད་པ་དང་། ཐོག་མཐའ་བར་གསུམ་དུ་རིག་པ་ཧ་ཅང་དྭངས་གསལ་རྒྱུན་འཁྱོངས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བ། སྟེས་དབང་གི་བསམ་པ་བཅས་མཐའ་གཅིག་ཏུ་ཁྱད་དུ་བསད་དེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། དུས་ཆེན་རིང་གི་སྡོད་བྱ་ལས་གྲབས་ལ་ཤུགས་སྣོན་བརྒྱབ་སྟེ་བཀོད་འདོམས་བཀོད་གཏོང་ལ་ཤུགས་སྣོན་དང་། ཆ་འཕྲིན་གྱི་ཐབས་ལམ་ཤར་བགྲོད། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་རྒྱུན་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་བློ་བདེ་པོའི་ངང་དུས་ཆེན་གཏོང་དུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།