དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-18

    བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་། ཤཱ་ཁེ་ཆིང་།

    འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་མིག་བལྟ་བ།

    འདས་ཟིན་པའི་ལོ་ལྔའི་རིང་ནི་ཏང་གི་འགོ་ཁྲིད་གཙང་བཙན་འོག མི་དམངས་ཞིབ་དཔྱོད་ཀྱི་ལས་དོན་ཆེས་རྒྱུན་གཏན་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་ལྔ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་དཔྱོད་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཏང་ཀྲུང་དབྱང་གིས《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》པར་འགྲེམས་བྱས་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག“ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ”ནན་གསུང་གནང་བ་བཅས་ལས་ཞིབ་དཔྱོད་ལས་ཁུངས་ལ་ཆབ་སྲིད་ཀྱི་འགན་འཁྲི་དེ་བས་ལྕི་བ་དཀྲིས་ཤིང་། དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད། ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་བཅས་ལ་བརྟེན། “དོན་ཆེན་བཞི་ལ”དམ་པོ་དམིགས་ཤིང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཁྲིམས་ལྟར་ལྷག་བསམ་རྣམ་དག་ངང་འགན་འཁྲི་ལག་བསྟར་བྱས་ཐོག བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱས་པའི་རིགས་འདྲ་མིན་གྱི་གྱོད་གཞི་ཁག་59108གཉེར་སྒྲུབ་བྱས་པ་དེ་ལོ་གོང་མ་ལྔའི་ལྡབ་2.83རེད། གྱོད་གཞི་ཁག་10རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་གཞིའི་ཁྲོད་བདམས་འཇུག་བྱས་པ་དང་། ལས་དོན་ཉམས་མྱོང་ཁག་26ཆེས་མཐོའི་ཞིབ་དཔྱོད་ཁང་ནས་རྒྱལ་ཡོངས་ཞིབ་དཔྱོད་གཏོགས་ཁོངས་སུ་སློབ་སྦྱོང་སྤེལ་རེས་བྱ་རྒྱུར་བརྒྱུད་སྤེལ་བྱས། 2022ལོར་ང་ཚོས་བློ་སྤོབས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ་རིགས་འདྲ་མིན་གྱི་གྱོད་གཞི་ཁག་13875གཉེར་སྒྲུབ་བྱས་པ་དེ་ལོ་གོང་མ་ལས་0.45%འཕར་ཞིང་། ལས་དོན་གྱི་སྤུས་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལས་སྒོའི་དམིགས་ཚད་ཁག་60ཡི་ནང་ནས་ཁག་46ལེགས་སྒྱུར་བྱུང་བ་དང་། ཁག་18རྒྱལ་ཡོངས་ཀྱི་ཨང་རིམ་བཅུ་པ་དང་། ཁག་5རྒྱལ་ཡོངས་ཀྱི་ཨང་རིམ་དང་པོར་སླེབས་ནས“ཞིབ་དཔྱོད་ཆེན་མོ་བཞི”ཕྱོགས་ཡོངས་དང་མཐུན་སྦྱོར་ངང་གོང་འཕེལ་གསར་པ་བྱུང་ཡོད།

    གཅིག ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དམ་པོ་བྱས་ཏེ་ཏང་གི་གཙང་བཙན་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ།

    ཆབ་སྲིད་རང་བཞིན་ནི་གཏོགས་གཤིས་ཨང་དང་པོ་དང་། ཏང་ལ་བློ་དཀར་མཐའ་གཅིག་ཏུ་བྱ་རྒྱུ་ནི་བླང་བྱ་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱས་ཡོད། ལོ་ལྔའི་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ། ཞིབ་དཔྱོད་དཔུང་ཁག་གི་སློབ་གསོ་དག་ཐེར་བཅས་གཏིང་ཟབ་སྤེལ་བར་བརྟེན། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་སུ་རྒྱུན་འཁྱོངས་ལྷོད་མེད་ངང་ཤུགས་བརྒྱབ་ཅིང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་དེ་བས་གཏིང་ཟབ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ཐུབ་པ་བཅས་བྱས་ཡོད། ལོ་ལྔའི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ལྷག་པར་དུ་བཞིའི”ཆབ་སྲིད་ཀྱི་ཚད་གཞི་དོན་འཁྱོལ་བྱས་ཏེ། རིམ་པ་གསུམ་གྱི་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་124འོས་སྦྱོར་བདམས་བསྐོས་བྱས། ཆབ་སྲིད་ཐོག་ནས་བསམ་བློ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དེ་ཞིབ་དཔྱོད་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཤིང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་ཞིབ་སྲོལ་དོན་འཁྱོལ་དམ་ནན་དང་། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་དམ་ནན་བྱས་ཏེ་ལྗོངས་ཏང་ཨུད་དང་། ཆེས་མཐོའི་ཞིབ་དཔྱོད་ཁང་ལ་དོན་གནད་གལ་ཆེན་ཁག392དགོངས་སྐོར་སྙན་སེང་ཞུས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའི་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཤིང་ཞིབ་དཔྱོད་འགན་འཁྲི་སྒྲུབ་པར་བརྟེན་ནས་ཏང་གིས་འགོ་ཁྲིད་གཙང་བཙན་བྱེད་པར་སྲུང་སྐྱོང་དང་ཁག་ཐེག་བྱས་ཏེ། རིམ་ཁག་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་རྙོག་འཛིང་དོགས་གནད་ཀྱི་གྱོད་གཞི་ཚབས་ཆེན་ཁག་7104གཉེར་སྒྲུབ་དང་། ཞིབ་དཔྱོད་དཔོན་ཁྲིམས་སར་སོང་ནས་འགན་འཁྲི་ཁག་432བསྒྲུབས་པ། རིམ་པ་དེ་གའི་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་གྱི་གྱོད་གཞི་264གཉེར་སྒྲུབ་བྱེད་པར་ཟུར་ཞུགས་བཅས་བྱས། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ཁྲོད་ཀྱི་དོན་གནད་གལ་ཆེན་དང་གྱོད་གཞི་ཚབས་ཆེན་གྱི་ཐད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཚོགས་འདུ་འཚོགས་ནས་དོན་གནད་590ལ་ཞིབ་འཇུག་བྱས་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས་གྱོད་གཞི་108ལ་ཞིབ་འཇུག་བྱས་ཡོད། ལོ་ལྔའི་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་དོ་དམ་ནན་པོ་དང་ཞིབ་དཔྱོད་བཅོས་སྐྱོང་དམ་ནན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ཀྱི་དགོངས་དོན། དེ་བཞིན་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་བཅས་དོན་འཁྱོལ་ལྷོད་མེད་བྱས་ཤིང་རིམ་པས་རིམ་པར་བྱེད་པོའི་འགན་འཁྲི་བརྒྱུད་སྤྲོད་དང་ནན་དཀྲིས་བྱས་ཡོད། ཞིབ་དཔྱོད་དཔུང་ཁག་གི་སློབ་གསོ་དག་ཐེར་དང་གཏོགས་ཁོངས་ནང་གི་སྐོར་ཞིབ་དག་ཐེར་ལ་མཉམ་འདྲེས་ཐོག་སྐུལ་སྤེལ་བཏང་སྟེ་བཅོས་དཀའི་ངན་སྐྱོན་དང་མངོན་གསལ་ཆེ་བའི་གནད་དོན་2007གཏིང་སྔོག་དང་ནན་བཤེར་བྱས། སྒྲིག་བཤེར་ལྟ་བཤེར་གྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ་ཞིབ་དཔྱོད་མི་སྣ་51གིས་སྒྲིག་འགལ་ཁྲིམས་འགལ་བྱས་པར་གཞོགས་འདེགས་ཀྱིས་རྩད་ཞིབ་ཐག་གཅོད་བྱས། སྐོར་ཞིབ་དང་དག་ཐེར་བཅོས་སྒྲིག་བྱེད་པའི་མཇུག་མཐའི་ལས་ཀ་ལེགས་སྒྲུབ་ཏན་ཏིག་བྱས་ཏེ་གནད་དོན་61གཅིག་སྡུད་ཐོག་དག་ཐེར་བྱས་ཤིང་ཟུར་བསྟན་ལེབ་མཐོང་གིས་བསྟུད་མར་དོན་འཁྱོལ་བྱས་པ་དང་། སྒྲིག་སྲོལ་དང་ལམ་ལུགས་ཁག་70ཚགས་ཚུད་དང་འཐུས་ཚང་བཟོས་ཏེ་ཞིབ་དཔྱོད་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཁྲིམས་འཛིན་ལ་ཐེ་ཇུས་བྱེད་རིགས་བཀག་འགོག་བྱེད་པའི“གཏན་འབེབས་གསུམ”དོན་འཁྱོལ་ནན་པོ་བྱས་ཏེ“འདྲི་རྟོག་བྱས་རིགས་ངེས་པར་ཟིན་ཐོ་འགོད”ཐུབ་པ་བྱས་ཏེ་ཞིབ་དཔྱོད་མི་སྣས་དོན་དག་1283ཟིན་འགོད་སྙན་སེང་ཞུས་པར་བརྟེན། “ཁྲིམས་འཛིན་ནི་དྲང་གཞག་ཡིན་པ་དང་། གཏུག་བཤེར་རྒྱག་པར་མིའི་འབྲེལ་བ་བརྒྱུད་མི་དགོས་པ”སྤྱི་ཚོགས་ཡོངས་ལ་ཤེས་སུ་བཅུག་ཡོད།

    གཉིས། འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་ཞུ་དང་འགན་སྲུང་བྱས་པ།

    རང་རྟོགས་ངང་ཞིབ་དཔྱོད་ལས་དོན་དེ་ཏང་གི་བོད་སྐྱོང་བོད་བརྟན་བོད་དར་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་ཇུས་འགོད་དང་སྐུལ་སྤེལ་བཏང་བ་དང་སྦྲགས།“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཕྱོགས་ཡོངས་ནས་ཞབས་ཞུ་དང་འགན་སྲུང་བྱ་རྒྱུའི་ལག་བསྟར་བསམ་འཆར་དང་ཆེད་དམིགས་ཇུས་གཞི་བཟོས་ཤིང་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་གོང་འཕེལ། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་བརྒྱབ་པ། བོད་ཀྱི་ལས་དོན་གྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་གསར་པ་ཁོང་དུ་གནད་འཕིགས་ཆུད་པ་བྱས་པ་མ་ཟད། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྟག་སྐྱེད་ཀྱིས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་མི་ཐེངས་ཁྲི་21.4བརྟན་ལྷིང་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་ལས་དོན་ནང་ཞུགས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོ་མཁན་ཉེས་གསོག་པར་ཁྲིམས་བཞིན་རྡུང་རྡེག་དྲག་པོ་བཏང་བ་དང་། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་བཅའ་ཁྲིམས་ཀྱི་འགག་སྒོ་ཡག་པོ་བསྲུངས་ནས་ཁྱོན་བསྡོམས་རིགས་འདྲ་མིན་གྱི་ཉེས་དོན་ཉེས་གསོག་པ་6478འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་མི་12920ཞུ་གཏུག་བྱས་ཡོད། ལོ་གོང་མ་ལྔ་དང་བསྡུར་ན་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་བཀོད་གྲངས་7.5%ཆག་པ་དང་ཞུ་གཏུག་བྱས་གྲངས་54.5%འཕར་ཡོད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་ནས་ནག་འབྲེལ་གཤེད་འབྲེལ་གྱི་ཉེས་གསོག་པ་241ཞུ་གཏུག་བྱས་པ་དང་། སྒོར་ཁྲི་174.1གི་ཟ་ལམ་བཅད་པ། གྱོད་གཞི་3གྱི་མི་4ཡི་རྒྱབ་རྩ་གཏོར་ཡོད། སྤྱི་ཚོགས་བཅོས་སྐྱོང་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཞིབ་དཔྱོད་གྲོས་འཆར་དོན་འཁྱོལ་བྱས་ཚུལ་དེ་ཁྲིམས་ལྟར་བོད་སྐྱོང་བའི་དཔྱད་གདེང་མ་ལག་ཁྲོད་རང་འགུལ་ཐོག་བཞག་སྟེ་སྐྱོན་ཡོད་དམ་འཛིན་དང་སྐྱོན་མེད་སྔོན་འགོག་གི་ཐོག་ནས་རིགས་འདྲ་མིན་གྱི་ཞིབ་དཔྱོད་གྲོས་འཆར་ཁག་5148བཏང་བ་དང་། འབྲེལ་ཡོད་ཚན་པས་དང་ལེན་བྱས་ཚད་92.6%ལ་སླེབས་པར་བརྟེན། ཉེན་ཁའི་རྐྱེན་ངན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་ཞིང་རང་ཉིད་དཔེ་རུ་བཞག་སྟེ་གཞན་ལ་བརྩེ་བ་འཆང་ཐུབ་པའི་སྒོ་ནས་གྱོད་གཞི་ཚང་མ་མང་ཚོགས་ཀྱི་དོན་ཆེན་དུ་བརྩིས་ཏེ་གཉེར་སྒྲུབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཚུགས་པར་སྐུལ་འདེད་བཏང་ཡོད། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གྱོད་གཞི་ཐེངས་4660གཉེར་སྒྲུབ་བྱས་པ་དང་། “ཉིན་7ནང་ལས་རིམ་རང་བཞིན་གྱི་ལན་འདེབས་དང་ཟླ་3ནང་གཉེར་སྒྲུབ་ཀྱི་བརྒྱུད་རིམ་མམ་ཡང་ན་མཇུག་འབྲས་ལན་འདེབས་བྱ་རྒྱུའི་ཁས་ལེན”འགྲུབ་ཐུབ་པ་བྱས་ཡོད། ཉམས་ཐག་རིགས་གྲས་ཀྱི་ཁེ་ཕན་ལ་ཁྲིམས་བཞིན་སྲུང་སྐྱོབ་བྱས་ནས་ཞིང་པ་ལས་མི་3393ལ་གླ་ཕོགས་སྒོར་ཁྲི་4643ཆད་པ་རྣམས་ཚུར་ལེན་རོགས་བྱས་ཡོད། “ཐར་པ་གཏན་ནས་མི་གཏོང་བའི”རྣམ་འགྱུར་གྱི་ཐོག་ནས་ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་པར་ཁྲིམས་ཆད་ནན་པོ་བཅད་པ་དང་། འགོ་ཁྲིད་དེ་མཉམ་སྒུལ་ལམ་སྲོལ་བཙུགས་པ། བཙན་ཤེད་སྙན་ཞུ་དང་ལས་འཇུག་འདྲི་རྩད་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་པ། ནར་མ་སོན་པའི་མིའི་གྱོད་གཞི་གཅིག་འཐུས་གཉེར་སྒྲུབ་བྱས་པ་བཅས་ཀྱི་ཐོག་ནས་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་སྤྱི་ཚོགས་ནས་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། གྱོད་འབྲེལ་ནར་མ་སོན་པའི་མི་144ཁྲིམས་བཞིན་ཞུ་གཏུག་མ་བྱས་པ་དང་། ནག་ཉེས་བསགས་པ་དང་ནོར་འཁྲུལ་ཤོར་བའི་ནར་མ་སོན་པའི་མི་82ལ་རོགས་རམ་བྱས་ནས་སློབ་གྲྭར་བསྐྱར་ལོག་ཐུབ་པར་མ་ཟད་སྔ་རྗེས་སུ་སློབ་འབྲིང་དང་། ལས་རིཌ་སློབ་གྲྭ། སློབ་ཆེན་བཅས་ལ་རྒྱུགས་འཕྲོད་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དར་སྤེལ་གཏོང་བར་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་ཁྲིམས་འགྲེལ་གནས་ལུགས་ཤོད་པའི་ཐོག་ནས་དྲིལ་བསྒྲགས་ཐེངས་9150བྱས་པ་དང་། སྡེབ་རྩིས་ལྟར་ན་མང་ཚོགས་མི་ཐེངས་ཁྲི་215.6ལ་སློབ་གསོ་ཐེབས་ཡོད། ཞིབ་དཔྱོད་སྨྱན་སྦྱོར་གསར་པ་ནས་ཁྲིམས་སྐྱོང་གསར་འགྱུར་སྤེལ་བ་དང་། དཔེ་མཚོན་གྱོད་གཞི་དང་བརྙན་འཕྲིན་འགྲེམས་བསྒྲགས་བྱས་གྲངས་ཁག་ཁྲི་30ལྷག་ཙམ་ཟིན་ཡོད།

    གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་གནད་ལ་འཕིགས་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པར་ཞབས་ཞུ་བསྒྲུབ་རྒྱུར་ཤུཌ་བརྒྱབ་པ། རིམས་ནད་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རྒྱལ་ཁ་ལེན་རྒྱུར་ཕན་སྐུལ་བཏང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་ཞབས་ཞུ་དང་འགན་སྲུང་བྱས་ཡོད། ལས་བྱེད་ཉེན་རྟོག་པ་1359གྲོང་ཚོར་བཅའ་སྡོད་དམ་ཡང་ན་ཧྲུའུ་ཅི་དང་པོའི་ལས་གནས་འཁུར་བར་བདམས་གཏོང་བྱས་ཏེ། དུད་ཚང་2376དང་སྤུན་གྲོགས་བསྒྲིགས་པ་དང་། དངུལ་དངོས་རིན་ཐང་སྒོར་ཁྲི་510.5ཞལ་འདེབས་ཕུལ་བ། དབུལ་གྲོལ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་1541མཐུན་སྦྱོར་ངང་དོན་འཁྱོལ་བཅས་བྱས་པ། གྱོད་གཞིའི་རྐྱེན་གྱིས་དབུལ་པོ་ཆགས་པ་དང་དཀའ་ངལ་འཕྲད་པའི་མང་ཚོགས་མི་352ལ་ཁྲིམས་འཛིན་གྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི་721.7དོན་འཁྱོལ་བྱས་ཡོད། རིམས་ནད་འགོག་ཟོན་བྱེད་པར་ནུས་ཤུགས་ཡོད་རྒུས་ཐེ་ཞུགས་བྱས་ནས་ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པ་1400ལྷག་ཙམ་རིམས་འགོག་གི་འཐབ་ས་དང་པོར་སོང་ཡོད། ཁྲིམས་བཞིན་རིམས་ནད་འགོག་ཟོན་ལ་ཕན་སྐུལ་གྱིས་རིམས་འབྲེལ་གྱོད་གཞིའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོས་ནས། རིམས་འབྲེལ་ཉེས་དོན་ཉེས་གསོག་གི་མི་24ཁྲིམས་ལྟར་ཞུ་གཏུག་བྱས་པ་མ་ཟད། དཔེ་མཚོན་གྱོད་གཞི་དང་། སྐད་གཉིས་དྲིལ་བསྒྲཌ་དཔྱད་ཡིག རིམས་འགོག་བརྙན་འཕྲིན་བཅས་ཁག་150ལྷག་ཙམ་འགྲེམས་བསྒྲགས་བྱས་ཡོད། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་ཞུ་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུཌ་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་པ་524ཁྲིམས་ལྟར་ཞུ་གཏུག་བྱས་ཤིང་ནག་དངུལ་སྒོར་དུང་ཕྱུར་1.69འདེད་ལེན་བྱས་ཏེ་ཁྲིམས་སྐྱོང་ཅན་གྱི་གཉེར་ཚོང་ཁོར་ཡུག་གཏོད་པར་ཤུཌ་བརྒྱབ་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས“ཏེ་ཡུས་ཏིང་ཐེབས་རྩས”ཁྲིམས་མིན་གྱིས་སྤྱི་དམངས་ཀྱི་གསོག་དངུལ་བསྡུ་ལེན་བྱས་པའི་གྱོད་གཞི་ཁྲིམས་ལྟར་གཉེར་སྒྲུབ་བྱས་ནས་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1629.9ཚུར་བླངས་ཡོད། གྱོད་འབྲེལ་རྒྱུ་ནོར་གྱི་ཆེད་དོན་གཙང་སེལ་བྱ་སྤྱོད་སྤེལ་ནས་ནོར་འབྲེལ་གྱོད་གཞི་2547གཙང་བཤེར་བྱས་ཏེ་དངུལ་སྒོར་ཁྲི་1017ཕྱིར་སློག་བྱས་ཡོད། གྱོད་འབྲེལ་ཁེ་ལས་སྒྲིག་མཐུན་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ནས་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་གྱིས་ཕྱོགས་གསུམ་པའི་ལྟ་སྐུལ་དང་ཚོད་སྐོར་གྱི་ལམ་སྲོལ་བཙུཌ་ཡོད། གྱོད་འབྲེལ་དམངས་གཉེར་ཁེ་ལས་ཀྱི་ལས་མི་245ཞུ་གཏུག་མི་བྱེད་རྒྱུར་ཁྲིམས་ལྟར་ཐག་བཅད་པ་དང་། མི་173ལ་ཁྲིམས་ཆད་ཕྱིར་འགྱངས་བྱ་རྒྱུའི་གྲོས་འཆར་བཏོན་ནས་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བར་སྲུང་སྐྱོབ་འདྲ་མཉམ་བྱས་ཡོད། མངའ་རིས་ཡན་ལག་ཞིབ་དཔྱོད་ཁང་གིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་དམངས་གཉེར་ཁེ་ལས་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ་པས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཌ་སྐབས་བཞི་པའི་དམངས་གཉེར་དཔལ་འབྱོར་གྱི་ཁྲིམས་སྐྱོང་འཛུཌ་སྐྱོང་དབུ་ཚོཌ་ཀྱི་དཔེ་མཚོན་བྱ་བར་བདམས་ཡོད།

    སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་བརྒྱབ་པ། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས“གཙང་མཚེའུ་ནགས་གསུམ་གྱི་དཔོན+ཞིབ་དཔྱོད་ཀྲང་+ཉེན་རྟོག་དཔོན་བཅས”ཀྱི་ལས་ཀའི་ལམ་སྲོལ་འཛུགས་པར་མཉམ་དུ་སྐུལ་འདེད་བཏང་བ་མ་ཟད། འགོ་ཁྲིད་ནས་ཉེ་འཁོར་གྱི་ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་6དང་མཉམ་དུ་མཚོ་བོད་ས་མཐོ་དང་དེའི་ཉེ་འཁོར་ཁུལ་ཁོངས་ཀྱི་སྐྱེ་ཁམས་ཐད་ཞིབ་དཔྱོད་མཉམ་སྒྲུབ་ལམ་སྲོལ་བཙུགས་ཡོད། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་དང་ནག་ཆུ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རང་འགུལ་ངང་རྗེས་སྙེགས་ཀྱིས་ལྗོངས་བརྒལ་གྱོད་ཞིབ་བྱེད་པའི་ལམ་སྲོལ་བཙུགས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་སྲུང་ཡོལ་བརྟན་པོ་ཚུགས་པར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་རྐང་དུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་རྒྱུར་དམིགས་ཏེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་11ལ་ཞིབ་དཔྱོད་འབྲེལ་གཏུག་ས་ཚུགས་35བཙུགས་ཡོད། ཆེད་ལས་ཅན་གྱི་ལྟ་སྐུལ+སླར་གསོ་རང་བཞིན་གྱི་ཁྲིམས་འཛིན+སྤྱི་ཚོགས་ཅན་གྱི་བཅོས་སྐྱོང་བཅས་ཀྱི་སྐྱེ་ཁམས་ཞིབ་དཔྱོད་བྱེད་ཐབས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་དབྱང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་ནགས་ཚལ་ལྟ་ཞིབ་བྱེད་པར་ཕན་སྐུལ་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་དང་ཉེས་དོན་ཞིབ་དཔྱོད་ལས་དོན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་མཁན་ཉེས་གསོག་པ་མི་403ཁྲིམས་ལྟར་ཞུ་གཏུག་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་2646ལ་བརྟག་དཔྱད་བྱས་ནས་གྱོད་ཁོངས་སུ་བཅུག་པ། འབྲེལ་ཡོད་ཚན་པ་དང་། མི་སྒེར་བཅས་ཀྱིས་སྐྱེ་ཁམས་སླར་གསོར་མ་དངུལ་སྒོར་ཁྲི་3625.4བཏང་ནས་གད་སྙིགས་ཏུན་ཁྲི་6.5དང་། ཆུ་ལམ་སྤྱི་ལེ་1172 སྦགས་བཙོག་ཆུ་ཁོངས་མུའུ་312བཅས་གཙང་སེལ་བྱ་རྒྱུར་ལྟ་སྐུལ་བྱས་པ་དང་། ཁྲིམས་འགལ་གྱིས་ནགས་ས་རྩྭ་ས་དང་། རྨོ་ཞིང་། ན་འདམ། ས་ཞིང་བཅས་བཟུང་སྤྱོད་བྱས་པ་དང་། གཏོར་བཤིག་གཏོང་བ། སྦགས་བཙོག་བཟོས་པ་བཅས་ཀྱི་ས་མུའུ་7725ལ་སྲུང་སྐྱོབ་བྱས་ཤིང་། ཤིང་འཛུགས་སྔོ་སྒྱུར་མུའུ་6338བྱས་ཡོད། འབྲོང་པ་རྫོང་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་ཀྱིས་འབྲེལ་ཡོད་སྡེ་ཚན་ནས་མི་བཟོས་ཡུར་བུ་སྤྱི་ལེ་7.9བཤིག་རྒྱུར་ལྟ་སྐུལ་བྱས་པས་ཡར་ལུང་གཙང་པོའི་སྟོད་རྒྱུད་ཀྱི་སྨི་ངོས་གྲུ་མ་7.14ཡི་གནམ་ལ་འདམ་ར་སླར་གསོ་ཐུབ་ཡོད།

    རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་མཚོན་ཁུལ་འཛུགས་གཏོད་བྱེད་པར་ཞབས་ཞུ་བསྒྲུབ་རྒྱུར་ཤུགས་བརྒྱབ་པ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་ལམ་སྒྲོལ་བྱས་ཏེ་མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་དུ་ཞིབ་དཔྱོད་འབྲེལ་གཏུག་ས་ཚུགས་306བཙུགས་པ་དང་། མང་ཚོགས་ཁྲོད་བསྐྱོད་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སྤེལ་བ་དང་འགལ་ཟླ་རྩོད་གཞི་འདུམ་འགྲིག་བྱས་ནས་མཐའ་མཚམས་ས་ཁུལ་ཁྲིམས་བཞིན་བཅོས་སྐྱོང་བྱེད་པར་ཕན་སྐུལ་བཏང་ཡོད། དམག་དཔུང་དང་ས་གནས་དབར་ཞིབ་དཔྱོད་ལས་དོན་མཉམ་སྒྲུབ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ནུབ་ཕྱོགས་འཐབ་ཁུལ་དམག་དོན་དང་པོའི་ཞིབ་དཔྱོད་ཁང་དང་ལྷ་ས་དམག་དོན་ཞིབ་དཔྱོད་ཁང་དབར་མཉམ་སྒྲུབ་ལམ་སྲོལ་བཙུགས་ཐོག དམག་འབྲེལ་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་དང་། དམག་འབྲེལ་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གཏིང་ཟབ་སྤེལ་ནས་དམག་མིའི་ཁྲིམས་མཐུན་ཁེ་དབང་དང་མཐའ་སྲུང་རྒྱལ་སྲུང་གི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཡོད། ཁྱོན་བསྡོམས་སྔོན་གཤེགས་དཔའ་བོར་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁག་20གཉེར་སྒྲུབ་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་ལ་ལྟ་སྐུལ་བྱས་ནས་སྔོན་གཤེགས་དཔའ་བོའི་བང་སོ་16ཉམས་གསོ་བྱས། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཟམ་གདན་གྱི་གསར་བརྗེའི་རྗེས་ཤུལ་ལ་སྲུང་སྐྱོབ་བྱ་རྒྱུར་ལྟ་སྐུལ་བྱས་པ་དང་། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་གིས་དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་པུའི་གནས་རྙིང་ཉམས་གསོ་བྱེད་པར་ལྟ་སྐུལ་བྱས། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་དང་། ལྷ་ས་དམག་དོན་ཞིབ་དཔྱོད་ཁང་། གོང་དཀར་རྫོང་ཞིབ་དཔྱོད་ཁང་བཅས་ཀྱིས་མཉམ་དུ་དམག་འབྲེལ་ས་ཞིང་གི་སྤྱི་ཕན་སྲུང་སྐྱོང་གྱོད་གཞི་དང་མཁའ་དམག་གནམ་ཐང་གི་མཁའ་གཙང་སྲུང་སྐྱོབ་གྱོད་གཞིར་གྱོད་ཞིབ་བྱས་ནས་ལོ་མང་རིང་གི་དམག་འབྲེལ་དཀའ་གནད་ཐག་གཅོད་འོས་འཚམ་བྱས་ཡོད། ལྗོངས་ཡོངས་ཀྱི་དམག་འབྲེལ་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་ཐོན་དང་པོར་ཞིང་ཆེན་བརྒལ་ནས་ཞིབ་བཤེར་བྱས་ཏེ་མཐའ་སྲུང་དམག་མིར་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་13དོན་འཁྱོལ་བྱས་ཡོད། ནེ་པ་ལ་དང་ཞིབ་དཔྱོད་ལས་དོན་ཐད་མཉམ་ལས་བྱ་རྒྱུ་གཏིང་ཟབ་ཏུ་བཏང་བ་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས“ཀྲུང་ནེའི་ཞིབ་དཔྱོད་ལས་དོན་མཉམ་ལས་སྤེལ་རེས་གླེང་སྟེགས”སྐབས་གཉིས་སྤེལ་ཞིང་། ནེ་པ་ལའི་སྤྱི་ཁྱབ་ཞིབ་དཔྱོད་ཀྲང་བོད་དུ་འཚམས་འདྲིར་ཕེབས་རྒྱུར་གདན་འདྲེན་ཞུས་པ་མ་ཟད། 《ཀྲུང་གོའི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་ནེ་པ་ལའི་ཞིབ་དཔྱོད་འཐུས་མི་ཚོགས་པའི་གྲོས་མོལ་གྱི་ཟིན་བྲིས་གནད་བསྡུས》ལ་མིང་རྟགས་བཀོད་ནས་རྒྱལ་མཚམས་གྲོལ་བའི་ཉེས་གསོག་ལ་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ཡོད།

    གསུམ། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་བྱེད་པར་ཕན་སྐུལ་བཏང་པ།

    《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལ་ཤུཌ་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ཕྱོཌ་ཡོངས་ནས་ལག་བསྟར་དང་“གྱོད་ཞིབ་ཁྲོད་ལྟ་སྐུལ་དང་ལྟ་སྐུལ་ཁྲོད་གྱོད་ཞིབ་བྱ་རྒྱུ”མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་དང་ལས་ཕྱོད་ཆེན་པོས་འགན་འཁྲི་བསྒྲུབས་པར་བརྟེན་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་བྱེད་པར་ཕན་སྐུལ་བཏང་ཡོད།

    ཉེས་དོན་ཞིབ་དཔྱོད་ལ་ཤུགས་སྣོན་བརྒྱབ་ནས་ཉེས་འགེལ་དང་། གྱོད་རྫུན། གྱོད་འཛོལ་བཅས་ཀྱི་གྱོད་གཞིའི་འབྱུང་རྩ་ནས་འགོག་ཟོན་བྱས་པ། ཞིབ་དཔྱོད་ལས་ཁུངས་ཀྱི་རྗེས་སྙེག་དང་། ཐེ་ཞུགས། མཉམ་བསྲེས་བཅས་ཀྱི་རྣམ་པའི་ལྟ་སྐུལ་གྱི་ལམ་ལུགས་ལེགས་ཆ་འདོན་སྤེལ་བྱས་ཏེ་ཉེས་དོན་གྱོད་གཞིའི་གྱོད་བཤེར་སྔོན་གྱི་གཙོ་ཁྲིད་དང་བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་ཤུགས་ཆེར་བཏང་ཡོད། སྤྱི་བདེ་དང་ཞིབ་དཔྱོད་མཐུན་སྦྱོར་གཞོགས་འདེགས་བྱེད་ལམ་བཙུགས་ཏེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གིས་རིམ་པ་དེ་གའི་སྤྱི་བདེ་ལས་ཁུངས་ཚང་མར་མྱུལ་ཞིབ་ལྟ་སྐུལ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་གཞུང་ལས་ཁང་བཙུཌ་ཡོད། གྱོད་གཞི་གྱོད་ཁོངས་སུ་མ་བཅུག་པ་དང་། ཚུལ་མིན་གྱིས་གྱོད་ཁོངས་སུ་བཅུག་པ། གྱོད་གཞི་མནན་ནས་རྩད་ཞིབ་མི་བྱེད་པ། ཁྲིམས་འགལ་གྱིས་གྱོད་ཞིབ་བྱས་པ། “ཡིག་ཐོག་ནས་ཁྲིམས་ཆད་འཁུར་བ” “དངུལ་སྤྲད་ནས་བཙོན་ཁང་ནས་འདོན་པ”སོགས་ཀྱི་གནད་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གྱོད་ཁོངས་སུ་འཇུག་པ་དང་། མྱུལ་ཞིབ། ཞིབ་གཅོད། ལག་བསྟར། ལྟ་སྐུལ་སོགས་བྱེད་སྒོའི་ཁྲོད་ཀྱི་ཁྲིམས་འགལ་དོན་དག་ཡོ་བསྲང་བྱས་པ་1120དང་། འཛིན་བཟུང་དང་བསྐྱར་གཏུག་བྱ་རྒྱུར་ལུས་པ་ཡོ་བསྲང་བྱས་པའི་མི121 ལྟ་སྡོམ་མ་བྱས་པ་དང་ལྟ་སྡོམ་བྱ་རྒྱུར་ལུས་པ་ཡོ་བསྲང་བྱས་པའི་མི་53 བཙན་ཤེད་བྱེད་ཐབས་བསྒྱུར་བཅོས་བྱས་པའི་མི་4131ཡོད། ནོར་འཛོལ་དངོས་གནས་ཡོད་པའི་ཉེས་དོན་ཁྲིམས་ཆད་ཁག་66ལ་རྒོལ་གཏུག་བྱས་པ། ཁྲིམས་ཁང་ནས་ཁག་51ལ་རྒྱབ་སྐྱོར་བྱས་པ། ལོ་ལྔའི་རིང་། རང་ལྗོངས་ཀྱི་ཉེས་དོན་ཉེས་གསོག་བྱུང་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་ཉུང་དུ་ཤུགས་ཆེན་སོང་བ་དང་། ར་བཟི་འཁོར་གཏོང་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་ཉེས་གསོག་མང་དུ་སོང་ཡོད་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་དམ་ནན་བྱེད་དགོས་རིགས་ལ་དམ་ནན་དང་གུ་ཡངས་བྱེད་དགོས་རིགས་ལ་གུ་ཡངས་བྱ་རྒྱུར་རང་འགུལ་ངང་འཚམ་མཐུན་བྱས་ཏེ་རྐང་བཙུགས་ནས་མི་བསད་པ་དང་བྱིས་པ་བུ་མོར་བཙན་གཡེམ་བྱས་པ་སོགས་གཏུམ་སྤྱོད་ཉེས་གསོག་ཚབས་ཆེན་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ་སོགས་དམངས་འབྲེལ་དཔལ་འབྱོར་ཉེས་གསོག་རིགས་ལ་ཁྲིམས་ལྟར་ཆད་གཅོད་དམ་ནན་བྱས་ཡོད། སྲོག་གྱོད་གཉེར་སྒྲུབ་བྱེད་པར་ཤུགས་སྣོན་དང་ཚད་ལྡན་བཟོས་ཤིང་གཅིག་གྱུར་བཀོད་འདོམས་བྱ་རྒྱུ་ལག་བསྟར་བྱས་ཏེ་སྲོག་གྱོད་གཉེར་སྒྲུབ་ནུས་ལྡན་མ་བྱུང་བའི་ཁྲིམས་འཛིན་མི་སྣའི་དོན་དག་9ཡི་མི་11རྩད་ཞིབ་ཐག་གཅོད་བྱས། ཞུ་སྦྱོར་ཕྱི་མ་བ་དབྱང་ཆེ་གེ་མོ་དང་ཝང་ཆེ་གེ་མོས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་པའི་ཉེས་གསོག་ལ་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྟུད་མར་ཐེངས་གཉིས་ལ་རྒོལ་གཏུག་བརྒྱབ་སྟེ་ཁྲིམས་ཁང་གིས་ཁག་སོ་སོར་ལོ་2ཟླ་བ་5དང་། ལོ་8ཟླ་བ་4ཡི་ཁྲིམས་ཆད་འཕར་གཅོད་བྱས། རང་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་བྱེད་རིགས་ལ་ཁྲིམས་ཆད་ཡངས་གཅོད་ཀྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་མཐུན་འཚམ་སྤྱོད་བྱས་པའི་མི་9449ཡོད་པ་དང་། ཉེས་གཅོད་གྲོས་འཆར་གནད་འཕིགས་བཏོན་པས་ཁྲིམས་ཁང་གིས་དང་ལེན་བྱས་ཚད་96.4%ཟིན། འཛིན་བཟུང་དང་། ཁྲིམས་སྦྱོར། བཀག་སྐྱིལ་བཅས་ཉུང་ཙམ་བྱེད་པའི་ཉེས་དོན་ཁྲིམས་འཛིན་སྲིད་ཇུས་དོན་འཁྱོལ་གྱིས་ཉེས་གསོག་བྱས་འབྲས་ཆུང་གྲས་ཐད་འཛིན་བཟུང་མི་བྱ་རྒྱུར་ཁྲིམས་ལྟར་ཐག་གཅོད་བྱས་པའི་མི་1051དང་། ཞུ་གཏུག་མི་བྱ་རྒྱུར་ཁྲིམས་ལྟར་ཐག་གཅོད་བྱས་པའི་མི་2318ཡོད། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས་ཉེན་ཁའི་འཁོར་གཏོང་གི་སྤྱི་ཚོགས་གནོད་སྐྱོན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ་འབྲེལ་ཡོད་ཉེས་དོན་གྱོད་གཞི་རིགས་ཞུ་གཏུག་མི་བྱེད་པའི་ཟུར་དཔྱད་ཚད་གཞི་བཟོས་ནས་རྡུང་རྡེག་བྱེད་ཤུགས་སྟངས་འཛིན་ཡང་དག་བྱས་པར་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོབ།

    དམངས་དོན་ཞིབ་དཔྱོད་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་པ། 《དམངས་དོན་ཁྲིམས་གཞུང》ལག་བསྟར་གྱིས《དམངས་དོན་ཞིབ་དཔྱོད་ཀྱི་འགན་དབང་ལྟར་ལྟ་སྐུལ་གྱོད་སྒྲུབ་བྱེད་པའི་མཛུབ་སྟོན》བཟོ་འགྲེམས་བྱས་པ་དང་། གྱོད་ཚགས་གཡར་ཀློག་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། དམངས་དོན་འདུམ་འགྲིག་དང་གཏུག་བཤེར་རྫུན་མའི་རིགས་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། གཙོ་གནད་ལས་གྲྭའི་འཛུགས་སྐྲུན་དང་ཞིང་པ་ལས་མིའི་གླ་ཕོགས་གཏོང་སྤྲོད་ཁྱབ་ཁོངས་སུ་ཆེད་དོན་ལྟ་སྐུལ་བཅས་བྱས་པས་དམངས་དོན་ཞིབ་དཔྱོད་ལས་དོན་སྤེལ་བར་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་ཡོད་ཅིང་། དམངས་དོན་ཞིབ་དཔྱོད་གྱོད་གཞི་ཁྱོན་བསྡོམས་ཁག་3328གཉེར་སྒྲུབ་བྱས་པ་དེ་ལོ་གོང་མ་ལྔའི་ལྡབ་14ཟིན་ཡོད། དོན་དངོས་དྲང་གཞག་ཡོང་བའི་བརྩོན་ལེན་དང་ཁྲིམས་འཛིན་དྲང་གཞག་བྱ་རྒྱུ་དེ་རྣམ་པའི་ཐོག་གི་ཁྲིམས་མཐུན་ཙམ་ལ་མི་འགྲོ་བའི་ཕྱིར། “དཔང་རྟགས་ཀྱི་ལེགས་ཆ་དང་ཁྲུན་གཅོད་རང་མོས”ལ་ཁ་གཡར་ནས་ཁྲིམས་ལུགས་འཁྱོག་བཤད་ཀྱིས་ཁྲིམས་གཅོད་བྱེད་སྤྱོད་རིགས་ལ་ལྟ་སྐུལ་འོག་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཡོད། དམངས་དོན་འདྲི་གཅོད་དང་ལག་བསྟར་བྱེད་སྒོའི་ཁྲིམས་འགལ་རིགས་ལ་ཞིབ་དཔྱོད་གྲོས་འཆར་ཁག་358བཏོན་ཡོད། དམངས་དོན་ཁྲིམས་གཅོད་ནོར་འཕྲུལ་དངོས་འབྲེལ་ཡོད་རིགས་ལ་རྒོལ་གཏུག་དང་བསྐྱར་ཞིབ་བྱ་རྒྱུའི་ཞིབ་དཔྱོད་གྲོས་འཆར་ཁག་30བཏོན་ཡོད། ཉམས་ཞན་རིགས་གྲས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་ཁག་518 ཞུ་གཏུག་བྱ་རྒྱུར་ཁྲིམས་ལྟར་རྒྱབ་སྐྱོར་བྱས་ཡོད། ལྷག་ཆེ་གེ་མོ་སོགས་དུད་ཚང་225ཡི་གྲོང་མི་878ཀྱི་ངལ་ནུས་ཡོང་འབབ་སྒོར་ཁྲི་536ཆད་འགྱངས་བྱས་པར་སྟག་རྩེ་ཆུས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་འདེད་ལེན་ཐུབ་པ་བྱུང་ཞིང་། དེ་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་དཔེ་མཚོན་གྱོད་གཞིར་བདམས་ཡོད།

    སྲིད་འཛིན་ཞིབ་དཔྱོད་ལ་ཤུགས་སྣོན་བརྒྱབ་ནས་འདྲི་གཅོད་ལས་ཁུངས་ཀྱིས་ཁྲིམས་བཞིན་འདྲི་གཅོད་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་བཞིན་འགན་ནུས་དྲང་གཞག་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ། ཁྲིམས་འཛིན་དྲང་གཞག་ཁྲིམས་སྐྱོང་སྲིད་གཞུང་འཛུཌ་སྐྱོང་བྱ་རྒྱུར་ཕན་སྐུལ་བཏང་ནས་སྲིད་འཛིན་གཏུག་བཤེར་དང་སྲིད་འཛིན་བྱ་སྤྱོད་གཉིས་ཀར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྲིད་འཛིན་ཞིབ་དཔྱོད་གྱོད་གཞི་ཁྱོན་བསྡོམས་ཁག་856གཉེར་སྒྲུབ་བྱས་པ་དེ་ལོ་གོང་མ་ལྔའི་ལྡབ་170ཡིན། མཐིལ་རྟོཌ་རྣམ་པའི་ལྟ་སྐུལ་གྱི་བསམ་གཞི་བཅངས་ཏེ་སྲིད་འཛིན་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་དཔྱོད་ཀྱི་གྲོས་འཆར་ཁག་656བཏོན་པ་དང་། སྲིད་འཛིན་འདྲི་གཅོད་ནོར་འཕྲུལ་དངོས་འབྲེལ་ཡོད་རིཌ་ལ་རྒོལ་གཏུག་དང་བསྐྱར་ཞིབ་བྱ་རྒྱུའི་ཞིབ་དཔྱོད་གྲོས་འཆར་ཁག་12བཏོན། སྲིད་འཛིན་གྱི་ཆད་པ་ལག་བསྟར་དོན་ཐོག་ཏུ་མ་འཁྱོལ་བའི་གནད་དོན་ལ་ཁྲིམས་ལྟར་ལྟ་སྐུལ་བྱས་ནས་དངུལ་ཆད་སྒོར་ཁྲི་407.3དུས་ཐོག་ཏུ་ཡར་བསྡུ་བར་སྒྲུབ་སྐུལ་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་འགྲིམ་འགྲུལ་ཁྲིམས་སྒྱུར་ཆད་གཅོད་གཏན་འབེབས་ཀྱི་ཁྲིམས་ལུཌ་འཚམ་སྤྱོད་ཚད་ལྡན་མ་བྱུང་བའི་གནད་དོན་ལ་ལྟ་སྐུལ་འོག་ཡོ་བསྲང་བྱས་པ་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་གྱོད་གཞིའི་གྲས་སུ་བདམས་ཐོན་བྱུང་ཡོད། སྲིད་གཞུང་ལ་དཀའ་གནད་སྒྲོལ་རོཌ་དང་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ཏེ་སྲིད་འཛིན་རྩོད་རྙོག་ཁག་82འདུམ་སེལ་ནུས་ལྡན་བྱས་པས་གྱོད་བསྡོམས་བྱས་ཤིང་དོན་དག་ཐག་ཆོད་པ་དང་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་རྒྱུར་སྐུལ་འདེད་ཐེབས་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཀུང་སི་ག་གེ་མོས་རེ་ཞུ་ཞུས་པའི་མི་སྤྱི་སྡེ་ཚན་གྱི་ལས་རྨས་ངོས་འཛིན་གཏན་འཁེལ་ལ་སྲིད་འཛིན་བསྐྱར་གྲོས་བྱེད་པར་ལྟ་སྐུལ་བྱ་རྒྱུའི་གྱོད་གཞི་གཉེར་སྒྲུབ་བྱས་ཤིང་། དོ་བདག་ལ་རོགས་རམ་བྱས་ནས་ལས་རྨས་གུན་གསབ་སྒོར་ཁྲི་50རག་པས་ལོ་5རིང་གི་སྲིད་འཛིན་རྩོད་རྙོག་དང་དམངས་འབྲེལ་རྩོད་གཞི་འདུམ་སེལ་ནུས་ལྡན་བྱས་ཡོད། སྨར་ཁམས་རྫོང་ཞིབ་དཔྱོད་ཁང་དང་འཇོ་མདའ་རྫོང་ཞིབ་དཔྱོད་ཁང་གིས་ས་ཞིང་སྐྱིན་གསབ་ཐད་ཀྱི་རྩོད་གཞིར་ཁྲིམས་ལྟར་འདུམ་སེལ་བྱས་པས་དུད་ཚང་1034ཡི་མང་ཚོགས་ལ་ས་ཞིང་སྐྱིན་གསབ་དངུལ་སྨར་སྒོར་ཁྲི་535.8རག་ཡོད།

    སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱས་པ། ལོ་ལྔའི་རིང་། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཕྱོགས་ཡོངས་ནས་སྤེལ་བ་དང་ཟམ་མི་ཆད་པར་རྒྱ་སྐྱེད་དུ་བཏང་སྟེ། རྒྱལ་ཁབ་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ཁྲིམས་ལྟར་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྲུང་སྐྱོབ་བྱས་ཡོད། ང་ཚོས་ཕྱོགས་གཉིས་ལ་ཕན་པ་དང་། ཕྱོགས་མང་པོ་ལ་ཕན་པ། ཐུན་མོང་ལ་ཕན་པ་བཅས་ཀྱི་བསམ་གཞི་རྒྱུན་འཁྱོངས་བྱས་ནས་ཞུ་གཏུག་མ་བྱས་གོང་གི་ལས་རིམ་ཐོག་ནས་སྤྱི་ཕན་ལ་གནོད་སྐྱོན་ཕོག་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་གྱིས“4+9”ཁྲིམས་བཅད་ཁྱབ་ཁོངས་ལ་དམིགས་ཤིང་ལྟ་སྐུལ་གྱི་ཁྱབ་ཁོངས་བརྟན་པོའི་ངང་རྒྱ་སྐྱེད་བཏང་ནས་ཁུངས་སྣེ་ཁག་8026ཤེས་རྟོགས་བྱུང་བ་དང་། གྱོད་གཞི་ཁག་5161བརྟག་དཔྱད་བྱས་ནས་གྱོད་ཁོངས་སུ་བཅུག་པ། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་པར་སྐུལ་འདེད་བྱས་པའི་གྱོད་གཞི་ཁག་2697བཅས་ཡོད། ཁྲིམས་ལྟར་རིགས་འདྲ་མིན་གྱི་སྤྱི་ཕན་གཏུག་བཤེར་བྱས་པའི་གྱོད་གཞི་ཁག་53ཚང་མ་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་དེ་རྒྱབ་སྐྱོར་ཐོབ་ཡོད། སྐྱེ་ཁམས་སྤྱི་ཕན་ཐད་ཀྱི་གཏུག་བཤེར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཕྱོགས་མཚུངས་སྲིད་འཛིན་ལས་ཁུངས་ལ་སྐུལ་འདེད་ཀྱིས་རྫུན་ལྷད་ཞན་གསུམ་དང་དུས་ཚོད་ཡོལ་བའི་བཟའ་བཅའ་ཏུན་7.45དང་། སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་རིགས་947ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་། བདེ་འཇགས་ཀྱི་རྐྱེན་རྩ་ཡོད་པའི་ཁྲོམ་ཁེབས་1174ལེབ་བཤེར་བཅོས་སྒྲིག གཞུང་ཁོངས་ཀྱི་རྒྱུ་ནོར་སྒོར་ཁྲི་1294.2ཚུར་བསྡུ། གཞུང་ཁོངས་ཀྱི་ས་ཆ་སྤྱོད་དབང་ནང་བཤུག་བྱས་རིན་དང་ཆད་འགྱངས་བྱས་པའི་དངུལ་སྒོར་དུང་ཕྱུར་1.2འདེད་ལེན། ཁྲིམས་འགལ་གྱིས་བཟུང་སྤྱོད་བྱས་པའི་ས་ཆ་མུའུ་695.8ལྷག་ཙམ་ཚུར་བསྡུ་བཅས་བྱས་ཡོད། རྩྭ་མདའ་རྫོང་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྡེ་ཚན་ལ་རི་ཐང་རིག་དངོས་གནས་ས་ཁག་189སྲུང་སྐྱོབ་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་རིམ་གཉིས་ཞིབ་དཔྱོད་ཁང་གིས་སྐུལ་འདེད་བྱས་ཐོག་གཞུང་ཁོངས་ས་ཆ་ནང་བཤུག་བྱས་རིན་སྒོར་ཁྲི་7151.4འདེད་ལེན་དང་། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་གཙོ་འགན་ལས་ཁུངས་ལ་སྐུལ་འདེད་བཏང་ནས་གཞུང་ཁོངས་ས་ཆ་ནང་བཤུག་བྱས་པའི་ཆད་འགྱངས་དངུལ་སྒོར་ཁྲི་2369.8འདེད་ལེན་བྱས་ཡོད། ན་ནིང་ཟླ་11པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《དུས་རབས་གསར་པའི་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས》བཟོ་འདོན་བྱས་ཏེ། སྤྱི་ཕན་གཏུག་གཤེར་བྱས་པའི་ཞིབ་དཔྱོད་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཞིབ་དཔྱོད་ལས་ཁུངས་ཀྱིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། སྤྱི་པའི་འཕྲོད་བསྟེན། སྤྱི་པའི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་གྱོད་གཞིའི་ཁྱབ་ཁོངས་ཧུར་ཐག་དང་བརྟན་པོའི་ངང་རྒྱ་སྐྱེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་པས་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ས་གནས་ཁྲིམས་བཟོས་འདེགས་སྐྱོར་བྱས་ཡོད།

    ལས་ཐོག་ཉེས་གསོག་རིགས་ཀྱི་ཞིབ་དཔྱོད་ལ་ཤུཌ་སྣོན་བརྒྱབ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ཤུཌ་ཆེ་རུ་བཏང་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་གཅིག་གྱུར་གྱི་རྣམ་པའི་འོག་ཞིབ་དཔྱོད་ལས་ཁུངས་ཀྱི“ཆེད་འགན”བཅའ་ཁྲིམས་ལྟ་སྐུལ་ཐད་བླང་བྱ་དེ་བས་མཐོ་བ་བཏོན་ཡོད་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་ལྟ་ཞིབ་དང་ཞིབ་དཔྱོད་གཉིས་ཀྱིས་ལས་ཐོག་ཉེས་གསོག་གྱོད་གཞི་གཉེར་སྒྲུབ་བྱེད་པར་ཕན་ཚུན་གཞོཌ་འདེགས་དང་ཕན་ཚུན་སྟངས་འཛིན་བྱེད་པའི་ཆབ་སྲིད་ཀྱི་བླང་བྱ་དང་ཁྲིམས་གཏན་འཁེལ་བའི་འགན་འཁྲི་དོན་འཁྱོལ་བྱས་པ་དང་། ཉེས་དོན་ཁྲིམས་འཛིན་དང་ལྟ་ཞིབ་བརྟག་དཔྱད་ཀྱི་གྱོད་སྒྲུབ་ལས་རིམ་དང་དཔང་རྟགས་ཀྱི་ཚད་གཞི་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་ལྟར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཉམ་ཤུཌ་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ལས་ཐོག་ཉེས་གསོག་གྱོད་གཞི་ཁག་170ལ་སྔོན་ཚུད་ནས་ཐེ་ཞུགས་བྱས་ཏེ་མི་99འཛིན་བཟུང་བྱ་རྒྱུའི་གཏན་ཁེལ་བྱས་པ་དང་། མི་525ལ་ཞིབ་བཤེར་བསྐྱར་གཏུག་བྱས་པ། མི་308ལ་གཞུང་གཏུག་བྱས་ཟིན་པ་བཅས་ཡིན། ཀྲུའུ་ཀྲུང་ཁུའེ་དང་། ཨ་བུ། གཡང་རྒྱལ། ཀྲའོ་ཐའོ་སོགས་དེ་སྔའི་ཐིང་རིམ་པའི་ལས་བྱེད་པ་31ལ་ཁྲིམས་ལྟར་གཞུང་གཏུག་བྱས་ཡོད། ཉེས་གསོག་ཡོང་འབབ་ཁྲིམས་ལྟར་འདེད་ལེན་བྱས་པ་མ་ཟད་སྒོར་དུང་ཕྱུར་4.34རྒྱལ་མཛོད་དུ་ཡར་སྤྲོད་བྱས། གྱོད་གཞི་སྒྲུབ་པའི་ནང་ཤེས་རྟོགས་བྱུང་བའི་གཞུང་ལས་མི་སྣའི་སྒྲིག་འགལ་ཁྲིམས་འགལ་གྱི་ཁུངས་སྣེའི་རིགས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་ཁག་89ཡོད། གྱོད་སྒྲུབ་དང་ཟུང་འབྲེལ་གྱིས་ལས་རིགས་བཅོས་སྐྱོང་བྱ་རྒྱུར་ཕན་སྐུལ་བཏང་ཞིང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ལས་ཐོག་ཉེས་གསོག་དབྱེ་ཞིབ་བྱས་པའི་སྙན་ཞུ་རྩོམ་འབྲི་བྱས་པ་དེ་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་སུ་སློབ་སྦྱོང་སྤེལ་རེས་བྱ་རྒྱུར་བརྒྱུད་སྤེལ་བྱས་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱི་དོ་དམ་བྱེད་ཁོངས་ཀྱི་ཁྲིམས་འཛིན་མི་སྣའི་འབྲེལ་ཡོད་ལས་ཐོག་ཉེས་གསོག་རིགས་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་པ་མི་39ཡོད། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་1990ལོ་ཚུན་གྱི“ཁྲིམས་ཆད་ཆག་ཡང་དང་། དངོས་མིན་བཙོན་འགྲོལ། གནས་སྐབས་བཙོན་ཕྱིའི་ལག་བསྟར”བཅས་ཀྱི་གྱོད་གཞི་ཁྲི་3ལྷག་ལ་ལྡོག་འདེད་རྩད་བཤེར་བྱས་པ་དང་། “5·13”ཆེད་དོན་གྱོད་གཞིའི་རིཌ་འབྲེལ་གྱོད་གཞིའི་མི་28གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱས་པས་སྲིད་ཁྲིམས་དཔུང་ཁག་དྭངས་གཙང་དུ་གྱུར་བ་དང་ཁྲིམས་འཛིན་རང་དགར་མི་བྱེད་པའི་མཐའ་ཚད་ཀྱི་དྲན་སྐུལ་བཏང་ཡོད།

    བཞི། སྤྱོད་ཚུལ་ལེགས་སྒྱུར་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཞིབ་དཔྱོད་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ།

    མ་ལག་གི་ལྟ་བ་དང་། ཁྲིམས་སྐྱོང་གི་བསམ་གཞི། རྨང་བརྟན་གྱི་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཤིང་། མིག་སྔར་དམིཌ་པ་དང་ཕུགས་ཕན་གྱི་ཇུས་འགོད་བྱེད་པ་དང་། དེ་བཞིན་ཆད་སྐྱོན་སེལ་བ་དང་། ཞན་ཆ་ལེགས་གཏོང་། རྨང་གཞི་བརྟན་གཏོང་། དགེ་མཚན་དར་སྤེལ་བཅས་བྱས་ཏེ་བོད་ཀྱི་ཞིབ་དཔྱོད་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།

    ཞིབ་དཔྱོད་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ལེ་ལག་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཞིབ་དཔྱོད་མི་སྣ་རིགས་དབྱེ་དོ་དམ་དང་། ནང་ངོས་སྒྲིག་གཞི། ནོར་དོན་གཅིག་འདོམས་བསྒྱུར་བཅོས་བཅས་བརྟན་པོའི་ངང་ལེཌ་སྒྲུབ་བྱས་ཏེ་དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་ཐད་འགན་ནུས་བསྐྱར་འཛུགས་དང་། སྒྲིག་གཞི་བསྐྱར་སྒྲིག ལམ་སྲོལ་བསྐྱར་བཟོ་བཅས་ཡོང་བར་བྱས་ཡོད། འཛིན་བཟུང་དང་གཏུག་བཤེར་ཟུང་འབྲེལ་དང་། དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་ལས་ཁུངས་སོ་སོར་བཙུགས་པ། སྤྱི་ཕན་གཏུག་བཤེར་དང་། ཁྲིམས་འཛིན་མི་སྣའི་ལས་ཐོག་ཉེས་གསོག་མྱུལ་ཞིབ། ནར་མ་སོན་པའི་མིའི་ཞིབ་དཔྱོད་ལས་ཁུངས་ལོགས་སུ་བཙུགས་པ་བཅས་ལ་བརྟེན“ཞིབ་དཔྱོད་ཆེན་མོ་བཞི”དང“ལས་སྒོ་ཆེན་མོ་བཅུའི”ལས་རྣམ་གསར་པ་ཆགས་ཡོད། འཁྲི་འགན་གྱི་གསལ་ཐོ་འཐུས་སྒོ་ཚང་དུ་བཏང་བ་དང་། ཞིབ་དཔྱོད་དཔོན་གྱི་འགན་འཁྲིའི་དབང་ཚད་ཁ་གསལ་བཟོས་ནས་གསར་རྣམ་ཆེད་ལས་ཅན་གྱི་གྱོད་ཞིབ་རྩ་འཛུགས་བཙུགས་པ་དང་། ཞིབ་དཔྱོད་དཔོན་གྱོད་ཞིབ་བྱེད་པར་དངོས་ཞུགས་རང་བཞིན་མངོན་ཆེར་སོང་ནས་གྱོད་ཞིབ་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་བཏང་ཡོད། ཞིབ་དཔྱོད་དཔོན་གྱི་སྒྲིག་ཁོངས་འགྱུར་ལྡན་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཞིབ་བཤེར་དཔོན་སྐོར་ཐེངས་3གྱི་མི་གྲངས900སྒྲིག་ཁོངས་སུ་བཅུག་པ་དང་། སྒྲིག་ཁོངས་ནས་མི་གྲངས་303འཐེན་ཡོད། “གྱོད་གཞི་—གྱོད་བཤེར་གྱི་བསྡུར་བ”ལྟེ་བར་བྱས་པའི་ལས་སྒོའི་དམིགས་ཚད་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྱོད་གཞི་གཉེར་སྒྲུབ་ཀྱི་སྤུས་འབྲས་ཆེ་རུ་ཤུགས་ཆེན་ཕྱིན་ནས་གོ་རིམ་རང་བཞིན་གྱི་གྱོད་གཞི་5737ཉུང་དུ་བཏང་བས་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཐོབ་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ཞིབ་དཔྱོད་ཀྱི་བྱང་ཚད་དང་། ནུས་པ། སྤུས་ཚད་བཅས་ལེཌ་སྐྱོང་དམ་འཛིན་ཤུགས་ཆེན་བྱས་པ། སྐད་གཉིས་ཤེས་ལྡན་པ་དང་། ལས་སྒོའི་རིགས་གཅིག་མཁས་པ། གཞོན་ནུ་ལས་བྱེད་པ་བཅས་འདེམས་བསྐོ་དང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། “གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། གཏན་འདུག”བཅས་ཀྱི་ཐད་ཤུགས་བརྒྱབ་ནས་ལས་བྱེད་པའི་དཔུང་ཁག་རྒྱུན་མཐུད་ངང་འཛུགས་སྐྱོང་བྱས་ཤིང་སྟོབས་ཆེར་བཏང་ཡོད། ག་སྦྱར་རོགས་སྐྱོར་ཞིབ་དཔྱོད་ཁང་གིས་ལས་སྒོའི་རྐང་འཛིན་པ་430བོད་དུ“རོགས་རམ་དང་སྣེ་ཁྲིད”བྱེད་པར་བདམས་མངག་བྱས་པ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ནང་སའི་ཞིབ་དཔྱོད་ཁང་དུ་ལས་བྱེད་ཉེན་རྟོག་པ་186དངོས་སྦྱོང་བྱེད་པར་མངགས་གཏོང་བྱས་ཡོད། “སློབ་སྦྱོང་རྣམ་པའི་ལས་ཁུངས”འཛུགས་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་བོད་རྒྱ་སྐད་གཉིས་སློབ་གསོའི་རྟེན་གཞིར་བརྟེན་ནས་གཞི་རིམ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དང་། སྒྲིག་ཚུད་ཞིབ་དཔྱོད་དཔོན། ཁྲིམས་འཛིན་ཉེན་རྟོག་པ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་མི་ཐེངས་4329ལ་ཆབ་སྲིད་ཀྱི་རེས་སྐོར་སྦྱོང་བརྡར་དང་ལས་སྒོའི་སྦྱོང་བརྡར་སྤྲས་ཡོད། སྲིད་འཛིན་ལས་ཁུངས་ཀྱི་ཆེད་ལས་པ་457དམིགས་བསལ་གདན་ཞུས་ཀྱིས་ཞིབ་དཔྱོད་དཔོན་གྱི་ལས་རོགས་པར་བསྐོས་ནས་དྲ་བ་དང་། དངུལ་རྩ། ཤེས་རིག་བདག་དབང་སོགས་ཁྱབ་ཁོངས་ཀྱི་གྱོད་ཞིབ་ཆེད་ལས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། “གྲངས་འབོར་རྨང་གཞིར་འཛིན་པ་དང་། སྤུས་འབྲས་གཙོ་བོར་བརྩི་རྒྱུ”མཐའ་འཁྱོངས་བྱས་ཏེ“ལོ་གསུམ་གྱི་སྔོན་ཐོན་འཛུགས་གཏོད”བྱས་ཏེ་རྒྱལ་ཡོངས་ཀྱི་རུ་སྟར་དང་པོའི་གྲས་སུ་སླེབ་རྒྱུའི་ལས་ཀའི་དམིགས་ཚད་བཟོས་ནས་ཞིབ་དཔྱོད་གཞི་གཅིག་ཅན་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་པ་དང་། དམིགས་ཚད་འགན་འཁྲི་དང་ལས་ཕྱོད་ཀྱི་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག “གསལ་ཐོ་རྣམ་པའི་དོ་དམ་དང་། རྣམ་གྲངས་ཅན་གྱི་སྐུལ་འདེད། ཚད་ལྡན་ཅན་གྱི་དཔྱད་ཞིབ”བཅས་ལ་བརྟེན་ནས་ཞིབ་དཔྱོད་སྔོན་གཏོད་ལེགས་བརྩོན་བྱེད་པར་སྐུལ་འདེད་བཏང་ཡོད།

    གཞི་རིམ་གྱི་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱས་ཏེ་གྲངས་འཛིན་གྱི་ནུས་པ་ཆེ་རུ་བཏང་བ། “གནས་དྲུག་གཞི་གཅིག”གི་ཞིབ་དཔྱོད་རོགས་སྐྱོར་དང་ལེན་བྱེད་པའི་ལམ་སྲོལ་ལེགས་སུ་བཏང་བ་དང་། ཞིང་ཆེན་རིམ་པའི་ཞིབ་དཔྱོད་ཁང་22དང་ག་སྦྱར་རོགས་སྐྱོར་གྲོས་མཐུན་བཞག་སྟེ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.53དོན་འཁྱོལ་བྱས་ཡོད། “ཞན་བསྐྱུར་ལེཌ་བརྩོན”རྒྱུན་རྣམ་ཅན་དུ་སྤེལ་བ་དང་། ག་སྦྱར་རོགས་སྐྱོར་ལམ་སྲོལ་བཟོས་ཏེ་གཞི་རིམ་ཞིབ་དཔྱོད་ཁང་10ལ་ལྷུ་སྒྲིག་སྐུལ་འདེད་བྱས་ནས“ཞན་བསྐྱུར”གྱི་ལས་འགན་འགྲུབ་ཡོད་ཅིང་རང་ངོས་གོང་འཕེལ་འགྲོ་ནུས་ཆེ་རུ་བཏང་ཡོད། “གྲངས་འཛིན་ཞིབ་དཔྱོད”འཛུཌ་སྐྱོང་ལ་སྐུལ་འདེད་བཏང་ནས“གྲངས་འཛིན་བོད་ལྗོངས”སུ་མཉམ་འདྲེས་གཏིང་ཟབ་བྱས་ཤིང་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཐད་གཞི་གྲངས་ཀྱི་བཀག་རྒྱ་མེད་པར་བཟོས་ཡོད། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་སྐུལ་འདེད་ལ་བརྟེན་ནས“བོད་ལྗོངས་སྲིད་ཁྲིམས་ཀྱི་སྡེ་ཚན་བརྒལ་བའི་གྲངས་གཞི་ཆེན་མོའི་གྱོད་ཞིབ་མཉམ་ལས་ལས་སྟེགས(སྟབས་བདེའི་པར་གཞི)”གསར་འཛུགས་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་སུ་ཚོད་ལྟ་བྱས་ཡོད། ཞིབ་དཔྱོད་ལས་སྒོའི་མ་ལག་2.0དང་། ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་12309 རྒྱང་བསྟེན་གྱོད་ཞིབ་མ་ལག “མཁའ་མཐོངས་ས་གསུམ་གཞི་གཅིག་ཅན”བཅས་ཀྱི་ལྟ་སྐུལ་ལས་སྟེགས་ཕྱོགས་ཡོངས་ནས་རིམ་སྤོར་ལེགས་སྒྱུར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཧྲའོ་ཤིང་གྲོང་ཁྱེར་གྱི་གྲངས་གཞིའི་ཞིབ་དཔྱོད་ལྟ་སྐུལ་ལས་སྟེགས་ཆ་ཚང་ནང་འདྲེན་དང་གཞན་སྒྱུར་བྱས་ནས་གྲངས་འཛིན་ཞིབ་དཔྱོད“དངོས་འཐབ་ཅན”གྱི་དཔེ་མཚོན་ལ་གྱུར་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ཕྱོགས་ཁག་གི་ལྟ་སྐུལ་བཅས་རང་རྟོགས་ངང་དང་ལེན་བྱས་ཤིང་། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བཅས་བྱས་པ་དང་སྦྲགས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་དམངས་དོན་ཞིབ་དཔྱོད་དང་། སྤྱི་ཕན་གཏུག་བཤེར། ཉེས་སྐྱོན་ངོས་ལེན་དང་ཉེས་ཆད་དང་ལེན་བྱེད་རིགས་ལ་གུ་ཡངས་ལམ་ལུགས་འཚམ་སྤྱོད་བྱེད་པ་སོགས་ཀྱི་ལས་དོན་གྱི་ཆེད་དོན་སྙན་ཞུ་ཕུལ་ཞིང་། གྲོས་ཞིབ་བསམ་འཆར་དང་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་གྲོས་འཆར་དོན་འཁྱོལ་ནན་ཏན་བྱས་ཡོད། རིམ་ཁག་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གྲོས་འཆར་གྲོས་གཞི་དང་། བརྒྱུད་སྤྲོད་བྱས་པའི་དོན་དག གྱོད་གཞི་ཁག་119བཅས་གཉེར་སྒྲུབ་ནན་ཏན་བྱས་པ་མ་ཟད། འཐུས་མི་དང་ཨུ་ཡོན་མི་ཐེངས་977ལ་ས་ཡུལ་དངོས་སུ་བཅར་འདྲི་དང་ཁ་པར་ཐོག་ནས་འཚམས་འདྲི་ཞུས་པ་དང་། འཐུས་མི་དང་ཨུ་ཡོན་དང་། མི་དམངས་ལྟ་སྐུལ་བ་བཅས་མི་ཐེངས་2368གཟུ་ཉན་བྱེད་པར་གདན་ཞུ་བྱས་ལ། མི་ཐེངས་4636ཞིབ་དཔྱོད་ལས་ཀར་རྟོག་ཞིབ་དང་མཛུབ་ཁྲིད་བྱེད་པར་ཡོང་ཡོད། འགན་སྒྲུབ་ཀྱི་ཚོད་འཛིན་རང་འགུལ་ངང་དང་ལེན་བྱས་ཏེ་མི་དམངས་ཁྲིམས་ཁང་གིས་ཉེས་མེད་དུ་ཁྲིམས་ཐག་བཅད་པའི་གྱོད་གཞི་དང་། སྤྱི་བདེ་ལས་ཁུངས་ཀྱིས་བསྐྱར་གྲོས་བསྐྱར་ཞིབ་ཡོང་རེ་ཞུས་པའི་གྱོད་གཞིའི་ཐད་ལས་དོན་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་གྱོད་གཞི་རེ་རེ་བཞིན་རང་བཤེར་བྱས་ཡོད། ཡོངས་བསྒྲགས་ནི“སེམས་སྦྲེལ་ཟམ་པ”དང“རུལ་འགོག་སྨན་རྫས”ལྟ་བུ་ཡིན་པས་ང་ཚོས་རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་ནས་གྱོད་གཞིའི་ཆ་འཕྲིན་19722དང་ཁྲིམས་དོན་ཡིག་རིགས་7318ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ་དང་། ཡོངས་བསྒྲགས་གཟུ་ཉན་ཁག་981སྒྲིག་འཛུགས་བྱས་པ་བཅས་ལ་བརྟེན། མི་དམངས་མང་ཚོགས་གྱོད་གཞིར་ཐེ་ཞུགས་དང་གྱོད་གཞི་ཤན་འབྱེད་བྱེད་པའི་ཁྲོད་ནས་ཞིབ་དཔྱོད་ལས་དོན་གྱི་དྲང་བདེན་དྲང་གཞག་དངོས་སུ་ཚོར་བར་བྱས་ཡོད།

    འཐུས་མི་རྣམ་པ། འདས་ཟིན་པའི་ལོ་ལྔའི་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་བྱ་གཞག་ལ་ཕྱོགས་མཐའ་ཀུན་ནས་ཡར་རྒྱས་བྱུང་སྟེ། མཉམ་སྡེབ་31དང་ལས་བྱེད་ཉེན་རྟོག་པ་127ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟེངས་བསྟོད་བྱ་དགའ་ཐོབ་པ་དང་། ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་དང་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་དགའ་དབང་ཁག་སོ་སོར་ཆེས་མཐོའི་ཞིབ་དཔྱོད་ཁང་གིས“བྱས་རྗེས་རིམ་པ་དང་པོ”ཐོ་འགོད་བྱས་ཤིང་། ནག་ཆུ་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཝང་ཐའོ་ལ“རྒྱལ་ཡོངས་ཀྱི་དཔེ་སྟོན་ཞིབ་དཔྱོད་དཔོན”དང་། སྒར་རྫོང་ཞིབ་དཔྱོད་ཁང“རྒྱལ་ཡོངས་ཀྱི་དཔེ་སྟོན་ཞིབ་དཔྱོད་ཁང”དང་། དེ་བཞིན་ཁྲེང་ཀོན་ཆུས་ཞིབ་དཔྱོད་ཁང་དང་། བསམ་གྲུབ་རྩེ་ཆུས་ཞིབ་དཔྱོད་ཁང་། སྟེང་ཆེན་རྫོང་ཞིབ་དཔྱོད་ཁང་བཅས་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང”བཅས་ཀྱི་མཚན་སྙན་ཐོབ་ཡོད། ལོ་ལྔའི་རིང་གི་ཐོབ་པའི་གྲུབ་འབྲས་དང་ཡར་རྒྱས་འདི་དག་གི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་པ་དང་། འགག་རྩ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ཡང་དག་པའི་འགོ་ཁྲིད་ལ་ཐུག་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་ནུས་ལྡན་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་གནང་བ་བཅས་ལ་ཐུག་པ། རིམ་ཁག་ཏང་སྲིད་ལས་ཁུངས་དང་། འཐུས་མི་དང་ཨུ་ཡོན་རྣམ་པ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་གནང་བར་ཐུག་པ། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཐུག་པ་བཅས་ཡིན་སྟབས། ངས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ང་ཚོར་མྱོང་ཚོར་ཟབ་མོ་ཞིག་ཐོབ་པ་སྟེ། དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། ཏང་གི་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིབ་དཔྱོད་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོཌ་ཐོག་མཐའ་བར་གསུམ་དུ་འགན་ལེན་ཐུབ་པ་བཅས་བྱེད་དགོས། ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཡིན་པའི་དུས་རབས་གསར་པའི་ལས་བྱེད་ཀྱི་ཚད་གཞི་དང་། མི་རིགས་ས་ཁུལ་ལས་བྱེད་པའི“ལྷག་པར་དུ་བཞི”ཡི་ཆབ་སྲིད་ཚད་གཞི་ལྟར་ཁྲིམས་ལུགས་ཀྱི་ལྟ་སྐུལ་ཤུགས་ཆེར་བཏང་བར་བརྟེན། སྲིད་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་ནས་ཁྲིམས་འཛིན་དྲང་པོ་དྲང་བཞག་ཡིན་པ་མི་དམངས་མང་ཚོགས་རྣམས་ཀྱིས་ཚོར་སྣང་ཐུབ་པ་བྱེད་དགོས། ངེས་པར་དུ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ཏེ་འགན་འཁྲི་གཙང་སྒྲུབ་བྱེད་པ་དང“དོན་ཆེན་བཞི”དང“འཛུཌ་གཏོད་བཞིར”དམ་པོར་དམིགས་ཏེ། ཁྲིམས་སྐྱོང་གི་ནུས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་སྒྲུབ་ཐུབ་པ་དགོས། ངེས་པར་དུ་ཡིད་རྟོན་རང་དར་དང་། གཞུང་འཁྱོངས་གསར་གཏོད། འགན་འཁྲི་འབད་སྒྲུབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྦྲགས། དམིགས་ཚད་ཀྱི་འཛིན་ཕྱོགས་དང་། གནད་དོན་གྱི་འཛིན་ཕྱོགས། རྨང་བརྟན་གྱི་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཐོག ཞིབ་དཔྱོད་ཀྱི་བོད་སྐྱོར་དང་གཞི་གཅིག་ཅན་གྱི་ལས་ཀའི་ལམ་སྲོལ་བཀོལ་སྤྱོད་གང་ལེགས་བྱས་ཏེ་བློ་གཅིག་སེམས་གཅིག་དང་ཏན་ཏན་ཏིག་ཏིག་ངང་བྱ་གཞག་གསར་གཏོད་བཅས་བྱེད་དགོས།

    ང་ཚོས་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་དེ་ཏང་དང་མི་དམངས་ཀྱི་བླང་བྱ་གསར་པ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད་པ་མཐོང་ཐུབ་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོས་བསམ་མྱོང་རྟོགས་བྱ་རྒྱུ་ད་དུང་གཏིང་ཟབ་ཏུ་གཏོང་བ་དང་ལག་ལེན་ཏུ་འཁྱོལ་ཐུབ་པ་དགོས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱ་རྒྱུར་ད་དུང་བྱེད་ཐབས་སྤེལ་ཤུགས་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ། རིམ་ཁག་རྩ་འཛུགས་དང་། རྨང་གཞིའི་ལས་དོན། གཞི་རྩའི་ནུས་པ་ད་དུང་མུ་མཐུད་ལེགས་སུ་གཏོང་དགོས་པ། ཁྲིམས་ལུགས་ཀྱི་ལྟ་སྐུལ་ལེགས་ཆ་མངོན་གསལ་མེད་པ་དང་རྨང་གཞི་བརྟན་པོ་མེད་པས་ལྟ་སྐུལ་གནད་འཕིགས་བྱེད་པར་ད་དུང་ཤུགས་རྒྱག་དགོས་པ། ཞིབ་དཔྱོད་མི་སྣའི་སྤྱོད་ཚུལ་ཏན་ཏིག་མེད་པས་ལྟ་སྐུལ་བྱེད་མི་ཕོད་པ་དང་། ལྟ་སྐུལ་བྱེད་མི་མཁས་པ། ལྟ་སྐུལ་བྱེད་མི་ཤེས་པའི་གནད་དོན་ད་དུང་སྔར་བཞིན་གནས་ལ། ཁྲིམས་འགལ་སྒྲིག་འགལ་བྱེད་པའི་གནས་ཚུལ་སྔར་བཞིན་ལྷགས་བཞིན་འདུག་པས་ཏང་ནན་སྐྱོང་དང་ཞིབ་དཔྱོད་ནན་སྐྱོང་བྱ་རྒྱུར་ད་དུང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པ་བཅས་ཡིན། ང་ཚོས་དམིགས་ཚད་ཁྲིད་ཕྱོགས་སུ་འཛིན་པ་དང་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དཀའ་གནད་སེལ་ཐབས་དང་རྣམ་པ་གསར་པ་གཏོད་རྒྱུར་ཧུར་བརྩོན་བྱ་རྒྱུ་ཡིན།

    སླད་ཕྱིན་ལོ་ལྔའི་ལས་དོན་གྱི་གྲོས་འཆར།

    སླད་ཕྱིན་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་འགོ་འཛུགས་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པས་ཞིབ་དཔྱོད་ལས་ཁུངས་ལ་དེ་བས་ལྕི་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་། ཁྲིམས་སྐྱོང་གི་འགན་འཁྲི། ཞིབ་དཔྱོད་ཀྱི་འགན་འཁྲི་བཅས་དཀྲིས་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ། སྐབས་བཅུ་གཉིས་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་དབྱང་གི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ། 《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཐོག མི་དམངས་གོང་བཀུར་མཐའ་འཁྱོངས་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་འཛུགས། “དོན་ཆེན་བཞིར”དམ་པོར་དམིགས་པ། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་ཞིབ་དཔྱོད་ལས་དོན་དེང་རབས་ཅན་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་ཞབས་ཞུ་བསྒྲུབ་རྒྱུ་དང་སྦྲགས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ནུས་པ་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་ཧུར་ཐག་བྱ་རྒྱུ།

    གཅིག་ནི་ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་བཏང་སྟེ་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པས་ཞིབ་དཔྱོད་ལས་ཁུངས་ལ་དཀྲིས་པའི་དེ་བས་ལྕི་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་དང་། “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དཔུང་ཁག་གི་ལྷག་བསམ་དག་པའི་བླ་སྲོག་སྐྱོང་བ”སོགས་ཀྱི་བྱེད་སྒོ་ཏན་ཏིག་གིས་སྤེལ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ་མ་ཟད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག“ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ”དང་། “སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ” “ཁྲིམས་འཛིན་བྱེད་སྒོར་ཚོད་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ”བཅས་ཀྱི་གལ་ཆེའི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་ལས་དོན་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཐོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་དང་སྲིད་ཁྲིམས་ལས་ཀའི་ཁྱོན་ཡོངས་ཁྲོད་ནས་ཞིབ་དཔྱོད་ལས་ཀའི་ལོ་རྒྱུས་ཀྱི་ཕྱོགས་གནས་ལ་སྟངས་འཛིག་ཡང་དག་གིས་ཁྲིམས་ལུགས་ལྟ་སྐུལ་གྱི་འགན་འཁྲི་འཁུར་རྒྱུ་དང་། ཞིབ་དཔྱོད་ཀྱི་འགན་སྒྲུབ་ལ་བརྟེན་ནས་ཏང་གི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་རྒྱུ་དང་སྦྲགས། “རྒྱབ་རྟེན་ཡོད”ཟེར་མཁན་རིགས་ཀྱི“ཆབ་སྲིད་གཡོ་ཅན”ཁྲིམས་འགལ་ནག་ཉེས་ཅན་རིགས་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་རྒྱུ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་བོད་ལྗོངས་ལ་དམིཌ་བསལ་རང་བཞིན་གང་ཡང་མེད་པའི་བླང་བྱ་ལག་བསྟར་གྱིས་རུལ་སུངས་ཉེས་གསོག་པར་ཁྲིམས་ལྟར་ཉེས་ཆད་བཅད་ནས་ལྐོག་རྔན་སྤྲོད་ལེན་ལ་མཉམ་བཤེར་བྱ་རྒྱུ་མཐའ་འཁྱོངས་དང་ལྐོག་རྔན་སྤྲོད་པའི་ཉེས་གསོག་ལ་ཉེས་ཆད་གཅོད་ཤུཌ་ཆེ་རུ་གཏོང་རྒྱུ། གྲི་དངོ་རང་གཏད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་འཛིན་ལས་དོན་པས་འགན་དབང་གང་བྱུང་དུ་སྤྱོད་པ་དང་ཉེར་ཕྱོགས་ཁྲིམས་འགལ་བྱས་པའི་ཉེས་གསོག་རིགས་ཁྲིམས་བཞིན་ཞིབ་གཅོད་བྱས་ཏེ་ཁྲིམས་འཛིན་དཔུང་ཁག་གི་ཐུན་མོང་ལ་གནོད་པའི་མི་ངན་གཙང་སེལ་མཐའ་གཅིག་ཏུ་བྱེད་རྒྱུ།

    གཉིས་ནི་ཁྲིམས་སྐྱོང་གི་རང་རྟོགས་ཤུགས་ཆེར་བཏང་སྟེ“འཛུཌ་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཕྱོགས་ཡོངས་ནས་ཞབས་ཞུ་དང་འགན་སྲུང་བྱེད་པར་ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ། རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཉེན་ཁ་སྔོན་འགོག་དང་། བདེ་འཇཌ་འགན་སྲུང་། བརྟན་ལྷིང་སྲུང་སྐྱོབ། གོང་འཕེལ་ལ་སྐུལ་འདེད་བཅས་བྱ་རྒྱུར་ནུས་ཤུགས་འདོན་རྒྱུ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོཌ་བརྟན་ལྷིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། རིགས་འདྲ་མིན་གྱི་ཉེས་དོན་ཉེས་གསོག་ཚབས་ཆེན་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། གུ་ཡངས་དང་དམ་ནན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཛིན་བཟུང་ཉུང་ཙམ་དང་། གཏུག་བཤེར་གཟབ་ནན། བཀག་སྐྱིལ་གཟབ་ནན་བཅས་བྱེད་དགོས་པའི་ཉེས་དོན་ཁྲིམས་འཛིན་སྲིད་ཇུས་དང་། ནག་ཉེས་ངོས་ལེན་དང་ཉེས་ཆད་དང་ལེན་བྱེད་པར་གུ་ཡངས་གཏོང་བའི་ལམ་ལུགས་བཅས་གཅིག་འདོམས་ཀྱིས་འཚམ་སྤྱོད་བྱས་ནས་སྤུས་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་དར་སྤེལ་བཏང་སྟེ“རང་གིས་དོ་དམ”བྱེད་པར་བརྟེན་ནས“ཚང་མས་དོ་དམ”ལ་སྐུལ་སྤེལ་གྱིས་གྱོད་ཞིབ་ལྟ་སྐུལ་གྱི་ཕན་འབྲས་དེ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ལ་འགྱུར་བ་བྱ་རྒྱུ་དང་གཏུག་བཤེར་འབྱུང་རྩ་ནས་བཅོས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡག་དག་པ་དང་ཕྱོཌ་ཡོངས་ནས་ལག་བསྟར་བྱས་པ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་ཤུགས་བརྒྱབ་ཐོག ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་སྤེལ་གཏོང་བའི་འཐབ་ཇུས། ཤང་གྲོང་དར་རྒྱས་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་བྱེད་པར་ཕན་སྐུལ་གཏོང་རྒྱུ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྒྱུར་དང་སྐྱེ་ཁམས་ཞིབ་དཔྱོད་ལས་དོན་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཕྱོཌ་ཡོངས་ནས་ཞབས་ཞུ་བསྒྲུབ་རྒྱུ། མཐའ་མཚམས་བདེ་འཇཌ་དང་གོང་འཕེལ་འགྲོ་བར་གནོད་འཚེ་བཟོ་བའི་ཁྲིམས་འགལ་ཉེས་གསོག་ཐད་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་མཐའ་བརྟན་དང་། མཐའ་དར། མཐའ་སྟོབས་བཅས་ཀྱི་ཁྲིམས་འཛིན་འགན་སྲུང་ཤུགས་ཆེ་བྱ་རྒྱུ།

    གསུམ་ནི་ཞིབ་དཔྱོད་ཀྱི་རང་རྟོཌ་ཆེ་རུ་བཏང་སྟེ《དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་ཞིབ་དཔྱོད་ལས་དོན་གྱི་རང་ངོས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང“ངེས་པར་དུ་གསུམ” ལག་ལེན་གྱིས“མིག་དཔེ་དྲུག”དང“ངེས་པར་དུ་བརྒྱད”ཀྱི་བླང་བྱ་ཇི་བཞིན་སྤྱོད་ཚུལ་ལེགས་སྒྱུར་དང་དོན་འཁྱོལ་དམ་འཛིན་བྱ་རྒྱུ་མ་ཟད། བསམ་བློ་ལས་ཀ་སྒྲུབ་འདོད་ཀྱི་ཐོག་ལ་འཁོར་བ་དང་། སྙིང་སྟོབས་ལྟ་སྐུལ་བྱེད་ཕོད་ཀྱི་ཁྲོད་ནས་མངོན་པ། བློ་གྲོས་ལྟ་སྐུལ་བྱེད་མཁས་ཀྱི་ཐད་ལ་བཀོལ་བ། དམིཌ་ཚད་ལས་ཀ་འགྲུབ་ཐུབ་ཀྱི་ཐད་འཛིན་པ་བཅས་ཀྱི་ཐོག་ནས་བཅའ་ཁྲིམས་ལྟ་སྐུལ་གྱི་བསམ་གཞི་དང་། མ་ལག ལམ་སྲོལ། འཇོན་ནུས་བཅས་དེང་རབས་ཅན་ལ་གཞི་གཅིག་ཏུ་སྐུལ་སྤེལ་བྱ་རྒྱུ། དཔུང་ཁག་འཛུགས་སྐྱོང་ལ་ཤུཌ་སྣོན་དང་། ཞིབ་དཔྱོད་བསྒྱུར་བཅོས་ཟབ་སྤེལ།གྱོད་ཞིབ་སྤུས་འབྲས་དམ་འཛིན་བཅས་བྱས་ཏེ་མུ་མཐུད“ཞིབ་དཔྱོད་ཆེན་མོ་བཞི”ལེཌ་འཛིན་དམ་འཛིན་དང་སྟོབས་ཆེར་ཡོང་བ་བྱས་ནས་རྒྱལ་ཡོངས་ནས་སྔོན་གཏོད་ལེགས་བརྩོན་ཐུབ་པར་ཧུར་བརྩོན་བྱ་རྒྱུ། གཞི་རིམ་གྱི་རྨང་གཞི་དམ་འཛིན་ཤུགས་ཆེན་དང་། ཞིབ་དཔྱོད་ལས་དོན་གྱི་དོ་དམ་ལེགས་སྒྱུར། གྲངས་གཞིའི་གསར་བརྗེ་ཟབ་སྤེལ་བཅས་བྱས་ནས་གྲུབ་འབྲས་དཔྱད་བསྡུར་དང་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བཅའ་ཁྲིམས་ཀྱི་ལྟ་སྐུལ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེཌ་གཏོང་རྒྱུ། ཕྱོཌ་ཡོངས་ནས་ཏང་ལ་དོ་དམ་དང་ཞིབ་དཔྱོད་བཅོས་སྐྱོང་དམ་ནན་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་སྔར་བས་ཆེར་སྐྱེད་ཀྱིས“རུལ་སུངས་བྱེད་མི་ཕོད་པ། རུལ་སུངས་བྱེད་མི་རུང་པ། རུལ་སུངས་བྱེད་མི་འདོད་པ་བཅས”གཞི་གཅིག་ངང་སྤེལ་བའི་བསམ་གཞི་དེ་རང་ངོས་འཛུགས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་དགོངས་གཞི་དམ་ནན་དང་། བྱེད་ཐབས་དམ་ནན། ཉམས་སྣང་གཟབ་ནན་བཅས་ཀྱི་ཐོག་ནས་བྱེད་པོའི་འགན་འཁྲི་ནན་དཀྲིས་དམ་དཀྲིས་དང་། “ཐར་པར་གཏན་ནས་མི་གཏོང་བའི” རྣམ་འགྱུར་ཐོག་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ཞིབ་དཔྱོད་མི་སྣ་རྩད་ཞིབ་ཐག་གཅོད་བྱེད་པ་བཅས་ལ་བརྟེན། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ས་མཐོའི་ཞིབ་དཔྱོད་ཀྱི་དམག་ཧྲག་ཧུར་ཐག་གཏོད་རྒྱུ།

    འཐུས་མི་རྣམ་པ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་ཞིབ་དཔྱོད་ལས་དོན་གྱི་ལས་འགན་བླ་ན་མེད་ཅིང་འགན་འཁྲི་དེ་བས་ལྕི་བ་ཡིན། འགན་འཁྲི་ལྕི་བ་ཡོད་པས་ཁུར་སེམས་དེ་བས་ཆེ་བ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད། ལྷག་བསམ་རྣམ་དག་གིས་ལས་འགན་གཙང་སྒྲུབ། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་ལེགས་སྒྲུབ་བྱས་པར་བརྟེན། སྔར་ལས་ཕུལ་ཏུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།