དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-16

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲོང་ཡན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་བ། ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ།

    e36221f4-49c8-4740-87a5-d03bd8ddda2b.jpg.jpg

    ཟླ་2ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོཌ་འདུ་ལྷ་སར་འཚོཌ་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་2022ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ལག་ཁྱེར་གནང་བཞིན་པ།

    e6726f6d-3105-4203-99bd-150558624153.jpg.jpg

    ཟླ་2ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ● ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲོང་ཡན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་བ། ཁྲེན་ཡུང་ཆི་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གསུངས་དོན། 2023ལོ་ནི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་འགོ་འཛུགས་ལོ་ཡིན་པས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ“འབྲུ་བརྟན་དང་། འབྲོག་དར། ཁྱད་ལྡན་སྟོབས་ཆེ”བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་ཁུལ་དར་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་པ་འབྱོར་ཕྱུག་ཡོང་བ་བྱེད་པ་བཅས་སྔོན་ལ་འཇོག་པ་དང་། ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱེད་པའི་ལྟེ་བའི་ལས་འགན་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཚན་རྩལ་གསར་གཏོད་དང་གྲོང་གསེབ་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་ཆེ་བའི་དབུལ་ལོག་སྔོན་འགོག་གི་མཐའ་ཚད་ལས་འགན་བརྟན་པོ་སྲུང་བ། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་རྨང་གཞི་བརྟན་པོ་འདིང་བ་དང་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

    འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས། འབྲུ་རིགས་ཐོན་འབབ་མཐོར་གཏོང་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ། ཞིང་ལས་ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རྨོ་ཞིང་གི་དམར་ཐིག་ནན་སྲུང་དང་རྨོ་ཞིང་སྲུང་སྐྱོང་ནན་པོ་བྱས་ཏེ། ས་ཞིང་ཡག་པོ་སྲུང་བ་དང་། ས་ཞིང་ཡག་པོ་འདེབས་པ། འབྲུ་རིགས་ཡག་པོ་བསྡུ་བ་བཅས་བྱེད་དགོས། འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ་ནས་དང་། འབྲི་གཡག གཟན་རྩྭ་སོགས་ཀྱི་རྒྱུད་པ་དང་སོན་རྒྱུ་འདེམས་གསོ་བྱེད་མགྱོགས་སུ་བཏང་ནས། སོན་བཟང་དང་རྒྱུད་བཟང་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཟས་རིགས་ཆེན་པོའི་ལྟ་བའི་བདེ་འཇགས་འདུ་ཤེས་བཙུགས་ཏེ། ནགས་ལས་དང་ཤིང་འབྲས་ལས་རིགས་དང་། ཆུའི་ཐོན་ལས། ཤ་མོའི་རིགས་ཀྱི་ཐོན་ལས་བཅས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས། ས་གནས་དེ་གའི་ཐོན་སྐྱེད་དང་འཚམ་པའི་སོན་བཟང་གསར་པ་ཁྱབ་སྤེལ་བཏང་སྟེ། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་ཧུར་ཐག་གཏོད་དགོས།

    གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། གནད་དོན་ཤེས་རྟོགས་བྱེད་ཕོད་པ་དང་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཁག་དོན་འཁྱོལ་ཡོང་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ནས། ཞིང་འབྲོག་པའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། “མཚམས་མི་འཇོག་པ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། དབུལ་ལོག་སྔོན་འགོག་བྱེད་པའི་བབ་བསྟུན་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དབུལ་ལོག་དང་དབུལ་གྱུར་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། ཞིང་ལས་ཐོན་ལས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། སྤྲོ་གསེང་ཞིང་ལས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཆགས་པར་བྱེད་དགོས། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཁག་གཅིག་ནང་འདྲེན་བྱ་རྒྱུར་སྣང་ཆེན་བྱེད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱས་ནས། ཞིང་འབྲོག་པས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ས་མཐོའི་ཞིང་འབྲོག་ཁྱད་ལྡན་སྤུས་རྟགས་ཧུར་ཐག་བཏོད་དེ། བསམ་བློར་བཅིངས་འགྲོལ་གཏོང་བ་དང་བྱས་རྗེས་གསར་པ་བཞག་ནས། ཚོང་ཟོག་གི་འདུ་ཤེས་ཟབ་ཏུ་བཏང་སྟེ“ཡུལ་ཟོག”གི་ལས་དོན་ཡག་པོ་བསྒྲུབས་ནས“བོད་ཀྱི་ཁྱད་ལྡན”སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་སྟེ། ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    གནས་འཕྲོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་དགོས་མཁོ་སྐོང་རྒྱུ་དེ་སྟོན་ཕྱོགས་སུ་བྱས་ཏེ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དུ་གཏོང་བ་དང་མི་འཚོ་སྡོད་ཀྱི་ཁོར་ཡུག་སྐྱིད་དུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོགས་སེལ་བ། སྤྱི་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་པའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞིང་སྟོབས་ཞིང་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་དེང་རབས་ཀྱི་ཚན་རིག་ཤེས་དཔལ་ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཤེས་དཔལ་གྱི་རྣམ་པ་གསར་པ་ཐོན་པ་བྱེད་དགོས། མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམ་པའི་གྲོང་གསེབ་མགྱོགས་མྱུར་སྐྲུན་པ་དང་། ཞིང་འབྲོག་ཁུལ་གྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ། གྲོང་གསེབ་ཀྱི་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང“མི་ཕྱུགས་ལོགས་དབྱེར”སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། གྲོང་ཚོའི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་ལག་བསྟར་ཤུགས་ཆེན་བྱས་ཏེ། ཞིང་འབྲོག་པས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། དཔེ་མཚོན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཞིང་འབྲོག་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    ཚན་རྩལ་དང་སྒྱུར་བཅོས་གཉིས་ཀར་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་འབྲོག་ལས་ཀྱི་ཚན་རྩལ་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་སོན་གསོ་བེད་སྤྱོད་ཞིབ་སྤེལ་དང་གསོ་སྤེལ་གྱི་འགག་རྩའི་ལག་རྩལ་འགག་སྒྲོལ་གྱི་བྱ་སྤྱོད་སྤེལ་མགྱོགས་སུ་གཏོང་བ། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རིང་ཚན་རྩལ་ཁྱབ་གདལ་དང་། བེད་སྤྱོད། གྲུབ་འབྲས་གཞན་སྒྱུར་བཅས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཞིང་འབྲོག་ལས་ཀྱི་ཚན་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་གཏིང་ཟབ་ཏུ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ས་ཞིང་ནང་བཤུག་དང་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཐེམ་ཐོའི་ལམ་ལུགས་དང་མཉམ་སྡེབ་ནགས་དབང་ལམ་ལུགས་སོགས་ཕྱོགས་བསྡུས་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། སྒྱུར་བཅོས་ལས་དོན་ཁག་ལ་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས།

    ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་མང་དུ་གཏོང་དགོས། གྲོང་ཁུལ་ལེགས་སུ་གཏོང་བ་དང་། རྫོང་ཁོངས་སྟོབས་ཆེར་གཏོང་བ། གྲོང་རྡལ་ཆུང་ངུ་སྐྱེད་སྲིང་བྱེད་པ། གླིང་ཁུལ་ལེགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། “རྫོང་རེར་ཐོན་ལས་རེའི”རྫོང་སྟོབས་ཆེར་གཏོང་བའི་དམངས་ཕྱུག་འདུ་འགོད་ལག་ལེན་བསྟར་ནས་ཡུལ་བབ་དང་བསྟུན་ཏེ་ཞིང་ལས་རྫོང་ཆེན་དང་། འབྲོག་ལས་རྫོང་སྟོབས་ལྡན། ཡུལ་སྐོར་རྫོང་གྲགས་ཅན་བཅས་བཏོད་དེ་ལེགས་ཆ་མངོན་གསལ་དོད་པ་དང་སྣེ་ཁྲིད་ནུས་པ་ཆེ་བའི་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་འདེབས་གསོ་མཁས་པ་དང་། ལག་ཤེས་པ། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཤན་པ། ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སོགས་གསོ་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། ཞིང་ཕན་ཁ་གསབ་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། ཞིང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་དང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་བཅས་ཟམ་མི་ཆད་པར་མང་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི“ཞིང་གསུམ”ལས་དོན་ལ་འགན་ལེན་བརྟན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲིར་ཤུགས་སྣོན་བརྒྱབ་སྟེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་ནས་སྒྲུབ་དགོས། སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ་སྲིད་ཇུས་ཐད་ནས་དམིགས་བསལ་གྱིས་སྔོན་ལ་དོན་འཁྱོལ་དང་། ཐོན་ཁུངས་ཀྱི་གཙོ་རྒྱུ་སྔོན་ལ་བཀོད་སྒྲིག མ་དངུལ་གཏོང་ཆ་སྔོན་ལ་བཀོད་སྒྲིག་བཅས་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “ཞིང་གསུམ”ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཀྱི་ལམ་སྣེ་འཁྲིད་མཁན་དང་། ཐོན་ལས་ཀྱི་སྣེ་འཁྲིད་མཁན། སྲིད་ཇུས་གསལ་པོ་ཤེས་མཁན་བཅས་གསོ་སྐྱོང་ཧུར་ཐག་བྱས་ནས་ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་བརྩི་མཐོང་ཆེ་བ། ཞིང་པར་དགའ་ཞེན་ཡོད་པ་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བཙུགས་ནས“ཞིང་གསུམ”གྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ནང་ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་དོན་སྙིང་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཞིང་ལས་སྟོབས་ཆེའི་ལྗོངས་ཀྱི་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན་ཁ་གསལ་བཟོས་ཏེ། རྒྱང་ལམ་གསར་པར་འབད་འཐབ་དང་དུས་རབས་གསར་པར་བྱས་རྗེས་འཇོག་རིང་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་གལ་ཆེན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ངར་ཤུགས་གཅིག་སྒྲིལ་དང་། དངོས་འཛིན་དངོས་སྒྲུབ། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“ཞིང་གསུམ”ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། དངོས་སྒྲུབ་གོང་བཀུར་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་ནས“ཞིང་གསུམ”ལས་དོན་གྱི་ལས་འགན་དང་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དཔྱིད་རྨོད་དཔྱིད་གྲབས་དང་གེགས་འགོག་གེགས་སེལ་སོགས་ཀྱི་མིག་སྔའི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་བོད་ཀྱི“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་2022ལོའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།