དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུཌ་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2023-02-15

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་ནས་དུས་བཀག་ལྟར་སྤུས་ཚད་འགན་ལེན་གྱིས་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱེད་པའི་ཐད་བཀོད་སྒྲིག་གནང་བ་རེད།

    རྣམ་གྲངས་ལས་ཡུལ་དུ་ལའེ་ཅའོ་ཡིས་ལས་གྲྭ་བསྐྱར་སྐྲུན་དང་གྱང་རྩིག་དང་། ཞོར་གཏོགས་ཞབས་ཞུའི་ཁང་པ་འཛུགས་སྐྲུན། ས་འོག་ཁང་པར་ཨར་འདམ་རྒྱག་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། ལས་ཤག་ནང་ངོས་ཀྱི་ཇུས་འགོད་དང་བཀོད་སྒྲིག་བྱས་ཚུལ། དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྒྲིག་སྦྱོར་དང་བཀོད་སྒྲིག་བྱས་ཚུལ་ལ་གཟིགས་ཞིབ་གནང་སྟེ་ལེགས་སྒྲིག་དང་ལེགས་གཏོང་གི་བླང་བྱ་ཞིབ་ཕྲ་བཏོན་གནང་བ་རེད།

    ལའེ་ཅའོ་ཡིས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལག་བསྟར་བྱས་པའི་གཙོ་གནད་ལས་གྲྭ་ཞིག་ཡིན་ལ་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན་པས་ངེས་པར་དུ་བྱ་བཟང་ཡག་པོ་སྒྲུབ་པ་དང་བྱ་བ་དངོས་ཡག་པོ་སྒྲུབ་དགོས། སྤུས་ཚད་དང་མྱུར་ཚད་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་སྔ་ཙམ་རྩིས་སྤྲོད་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། བདེ་འཇགས་ཀྱི་མཐའ་ཚད་ནན་སྲུང་གིས་བདེ་འཇགས་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་གང་ཡང་མི་ཐོན་པའི་འགན་ལེན་བྱེད་དགོས། ཤེས་རིག་དང་། ལྗང་མདོག ནུས་རྒྱུ་གྲོན་ཆུང་བཅས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་བོད་སྐྱོར་ལས་བྱེད་པའི་ལས་ཤག་དེ་ཤེས་རིག་དང་། ཐཱན་ཉུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སྤུས་ལེགས་འདུ་འགོད་དང་དཔེ་མཚོན་འདུ་འགོད་ཅིག་ཏུ་དངོས་འབྲེལ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།


མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།