དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས“དངུལ་ཁང་གཅིག་དང་ཅུས་གཉིས”ཀྱི་ཀྲུང་དབྱང་གི་བོད་སྡོད་ཚན་པར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-15

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཞིའུ་ཁྲང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་། བོད་ལྗོངས་འཛིན་ལོར་ལྟ་འདོམས་ཅུས། བོད་ལྗོངས་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་། ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས་ལས་བྱེད་ལས་བཟོར་གཟིགས་པ་དང་འབྲེལ་དུས་ཆེན་གྱི་འཚམས་འདྲི་ཡང་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ“དངུལ་ཁང་གཅིག་དང་ཅུས་གཉིས”ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས། དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་ཡོ་བྱད་ཀྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དང་། མ་རྩའི་ཁྲོམ་རའི་འཁོར་རྒྱུག ཡིད་རྟོན་དངུལ་བུན་འཕར་སྣོན། འགན་བཅོལ་ཞབས་ཞུ་སོགས་ལ་རྒྱབ་སྐྱོར་བྱས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད། བརྟག་ཞིབ་ཚོགས་ཆུང་གིས“དངུལ་ཁང་གཅིག་དང་ཅུས་གཉིས”ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཇི་ལྟར་བྱས་ནས“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་ཏེ་ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུའི་ཐད་རེ་བ་བཏོན་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དུས་དང་རྣམ་པ་ཀུན་ཏུ་ཏང་གིས་དངུལ་རྩའི་ལས་དོན་ལ་མཐའ་གཅིག་ཏུ་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་གིས་བོད་ལ་གནང་བའི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བྱས་ནས། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཏེ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས། དངུལ་རྩའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ་དང་ཁོངས་གཏོགས་ཀྱི་དངུལ་རྩའི་ཁྲོམ་ར་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་དགོས། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་དང་ས་གནས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་ནས་རང་ལྗོངས་ཀྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།