དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-15

     ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། གསུང་རྩོམ་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་ལས་དོན་དང་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་བྱས་པ་རེད།

    ཀརྨ་ཚེ་བརྟན་དང་། རྡོ་རྗེ་ཚེ་སྒྲུབ། པད་མ་དབང་འདུས། ཡུས་ཡུན་ཀུའེ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་ཡོད་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་དེ་བཞིན་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་དང་ཟུང་འབྲེལ་བྱས་ནས། ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། རྩོལ་ཤུགས་སྐྱེ་ཐུབ་པ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་གཏོད་པའི་གཙོ་གནད་ལས་འགན་དང་ལག་ལེན་གྱི་བླང་བྱ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། སྲིད་གྲོས་འགན་སྒྲུབ་ཀྱི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་ནས། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྲིད་དོན་ཇུས་འབུལ་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། དགོངས་གཞི་ནན་པོར་བརྟེན་ནས་སྲིད་གྲོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་སྔར་བས་ལེགས་སུ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས། ལས་དོན་ཁག་དོན་འཁྱོལ་གནད་སྨིན་དང་ཞིབ་ཕྲ་ཡོང་བར་བྱེད་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་བྱེད་པ་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“བླང་བྱ་ཁག་ལྔ”གཞིར་བཟུང་། སྐབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན“མཐོར་གཏོང་གསར་པ་ལྔ”ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་ཞུས་ཏེ་འབྲེལ་བ་མཐུན་སྦྱོར་དང་། སེམས་ཁམས་གསེད་བཀྲོལ། འགལ་བ་སེལ་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། “འཐབ་ས་དང་པོའི་ལས་ཀའི་བྱེད་ཐབས”མཐའ་འཁྱོངས་ཀྱིས། དམིགས་ཚད་ལས་འགན་ལ་གསལ་ཐོ་རྣམ་པའི་དོ་དམ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་མཚོན་ཆ་རྣོན་པོའི་ནུས་པ་འདོན་པར་ཤུགས་རྒྱག་པ། དཔྱད་ཞིབ་ཀྱི་བཀོད་འདོམས་དབྱུག་པའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས། ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་བར་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལོ་འཁོར་གྱི་ལས་ཀའི་གཙོ་གནད་དང་། གྲོས་མོལ་འཆར་གཞི། “བླང་བྱ་ཁག་ལྔ”ལག་བསྟར་དོན་འཁྱོལ། “མཐོར་གཏོང་གསར་པ་ལྔ”ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་ཇུས་གཞིར་ཞིབ་འཇུག་ཀྱང་བྱས་པ་རེད། ཚོགས་འདུའི་ཐོག འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལག་བསྟར་བྱེད་པ། བྱ་བ་རེ་རེ་བཞིན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས། སྐབས་གསར་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་ཀའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།