དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-15

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བློ་བཟང་རྒྱལ་མཚན།

    ལོ་ལྔའི་རིང་གི་ལས་དོན་གཙོ་བོ་དང་། ཉམས་མྱོང་དང་མྱོང་ཚོར།

    འདས་ཟིན་པའི་ལོ་ལྔ་ནི། ཧ་ཅང་རྒྱུན་གཏན་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན། ལོ་ལྔའི་ནང་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཉི་ཤུ་པའི་དགོངས་དོན་དང་། དེ་བཞིན་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་མ་ཟད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གསུམ་ཟུང་འབྲེལ་ནུས་ལྡན་བྱས་པ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམ་པོར་དམིགས་ཏེ“འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིའི”ཐོག་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཁྲིམས་བཞིན་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་ལས་རྗེས་ཧུར་ཐག་བཞག་པར་བརྟེན། ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི། དེ་བཞིན་རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་ཀར་འཕེལ་རིམ་གསར་པ་དང་། གྲུབ་འབྲས་གསར་པ། མཐོར་འདེགས་གསར་པ་བཅས་བྱུང་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ལོ་ལྔའི་རིང་། ང་ཚོས་ཁྱོན་བསྡོམས་འཐུས་མི་ཚོགས་ཆེན་ཐེངས་5དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་44 ཀྲུའུ་རེན་ཚོགས་འདུ་ཐེངས་107སྐོང་འཚོག་བྱས་ཡོད། སྤུས་ཚད་གཙོར་བཟུང་དང་ཕན་འབྲས་གཙོར་བཟུང་མཐའ་འཁྱོངས་བྱས་ཏེ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཐེངས་72ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། དེའི་ནང་གསར་དུ་བཟོས་རིགས་ཁག་21དང་། བཟོ་བཅོས་བརྒྱབ་རིགས་ཁག་ཐེངས་45 རྩིས་མེད་བཏང་རིགས་ཁག་6བཅས་ཡོད། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་འཚམ་མཐུན་ཡོང་བ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ལ་སྙན་འབུལ་ཞུས་ནས་དུས་ཐོག་ཏུ་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་བར་བརྟེན། དངོས་སུ་ལེགས་སྒྲུབ་བྱས་པའི་ཁྲིམས་བཟོའི་རྣམ་གྲངས་ནི་དེ་སྔོན་གཏན་འཁེལ་བྱས་པའི་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་ཀྱི་ལྡབ་1.7ཡིན། ཆུད་བཙུགས་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཐེངས་45ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་ཡོད། དོན་དངོས་གཙོར་བཟུང་དང་བརྟག་ཞིབ་གཙོར་བཟུང་མཐའ་འཁྱོངས་བྱས་ཏེ། འབྲེལ་ཡོད་ཀྱི་ལས་དོན་སྙན་ཞུ་ཁག་144ཉན་འཇོག་དང་གྲོས་ཞིབ་བྱས་ནས་གྲོས་ཞིབ་བསམ་འཆར་ཁག་296བཏོན་ཡོད། ཁྲིམས་ལུགས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་ཁག་ཐེངས་46བྱས་པ་དེ་ལོ་ལྔ་ཚན་གོང་མ་དང་བསྡུར་ན་40%འཕར་ཞིང་། དག་ཐེར་དང་ལེགས་བཅོས་ཀྱི་བསམ་འཆར་ཁག་158བཏོན་ཡོད། དེ་བཞིན་གྲོས་ཆོད་དང་གཏན་འབེབས་ཁག་74བཟོས་ཡོད། ཆེད་དོན་བརྟག་ཞིབ་ཐེངས་58དང་ཆེད་དོན་འདྲི་རྩད་ཐེངས་6 བློ་མོས་བྱུང་ཚད་ཀྱི་དཔྱད་གདེང་ཐེངས་3བཅས་སྒྲིག་འཛུགས་ཀྱིས་བསམ་འཆར་དང་གྲོས་སྒོ་ཁག་307བཏོན་ཡོད། གཞི་རིམ་གཙོར་བཟུང་དང་ཞབས་ཞུ་གཙོར་བཟུང་མཐའ་འཁྱོངས་བྱས་ཏེ། གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་ཁག་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་འཐུས་མི་དང་བཞུགས་མོལ་བྱེད་ལམ་བཙུགས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་དབར་བཞུགས་མོལ་ཐེངས་12བྱས་པ། ལྗོངས་ཡོངས་ཀྱི་རིམ་ལྔའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་འགན་སྒྲུབ་སློབ་སྦྱོང་དང་ཆེད་དོན་སྦྱོང་བརྡར་ཐེངས་43སྤེལ་ཞིང་། སྦྱོང་བརྡར་ནང་ཞུགས་མཁན་མི་ཐེངས་2922ཟིན་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ། གཅིག་སྡུད་ཀྱི་ལྟ་སྐོར་བཅས་ནང་མི་ཐེངས་759ཞུགས་ཡོད། དེས་ན་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དེ་བོད་ལྗོངས་སུ་ཟམ་མི་ཆད་པར་འཐུས་ཚང་དང་གོང་འཕེལ་བྱུང་བ་མ་ཟད། སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་འཕེལ་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ལག་ལེན་དང་གསར་གཏོད་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    2022ལོའི་ཟླ་7པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་བོད་དུ་བརྟག་ཞིབ་གནང་སྐབས་ཆེད་དམིགས་སུ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྙན་ཞུ་གསན་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་ཡོད།

    གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་འཛིན་དུ་བཟུང་ནས་བློ་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“གཏན་འཁེལ་གཉིས”སྲུང་སྐྱོབ་རྣམ་དག་དང“སྲུང་སྐྱོང་གཉིས”ལྷག་བསམ་ཟོལ་མེད་ཀྱིས་ལག་བསྟར་བྱས་པ།

    ང་ཚོས་མཐའ་གཅིག་ཏུ“གཏན་འཁེལ་གཉིས”སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩིས་ཏེ། ཟམ་མི་ཆད་པར་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱས་ཡོད།

    (གཅིག)“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་མཐའ་གཅིག་ཏུ“སྲུང་སྐྱོང་གཉིས”ཐུབ་པ་བྱས་པ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ཤུགས་རྒྱག་པ་བཅས་ཀྱི་ཐོག་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་གསར་གཏོད་རིགས་གཞུང་ལ་བརྟེན་ཏེ་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱས་པ། ལས་དོན་ལ་སྐུལ་འདེད་བཏང་བ་མ་ཟད། བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དེ་མཐའ་གཅིག་ཏུ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་གྱུར་བ་བྱས་ཡོད། “གྲོས་དོན་དང་པོའི་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཏང་ཙུའི་ཚོགས་འདུ། རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། “བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཆད་ཁྲིད”སོགས་ཐབས་རྣམ་སྣ་ཚོགས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་། གལ་ཆེའི་མཛུབ་སྟོན། བཀའ་མཆན་བཅས་ཀྱི་དགོངས་དོན་གསར་ཤོས་དུས་ཐོག་རྗེས་སྙེག་གིས་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཏང་གི་གསར་གཏོད་རིགས་གཞུང་དང་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ཀྱི་ལམ་ལུགས་དེ་བློ་ལ་ངེས་པ་དང་སེམས་རྒྱུད་ལ་འཇགས་པ་བྱས་ཁར་མི་དམངས་འཐུས་ཚོགས་ཀྱི་སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱི་ཞིབ་ཕྲའི་ལག་ལེན་དུ་སྒྱུར་བ་བཅས་བྱས་ཡོད། ལོ་ལྔའི་རིང་། ཏང་ཙུའི་ཚོགས་འདུ་ཐེངས་37དང་། རིགས་གཞུང་སློབ་སྦྱོང་གི་ལྟེ་བའི་ཚོགས་ཆུང་སློབ་སྦྱོང་ཚོགས་འདུ་ཐེངས་39སྒྲིག་འཛུགས་དང་སྐོང་འཚོག་བྱས་པ་དང་། “བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཆད་ཁྲིད”དུས་ཐེངས་21གཉེར་སྤེལ་བྱས་ཡོད།

    (གཉིས)རང་རྟོགས་ངང་ཏང་གི་འགོ་ཁྲིད་དེ་ཉིད་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་གང་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་ཐུབ་པ་བྱས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྐབས་དགུ་པ་དང་སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཚོགས་འདུ་སྐོང་འཚོགས་བྱས་ཏེ། 《དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཡིག་ཆ་ཁག་6བཟོ་འདོན་བྱས་ཐོག མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་འགན་དབང་སྤྱོད་པ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་དང་འགན་ལེན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ལོ་ལྟར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྙན་ཞུ་ཉན་འཇོག་བྱས་ཏེ། ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་དང་། ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི། དེ་བཞིན་ཁྲིམས་བཟོའི་རྣམ་གྲངས་གལ་ཆེན་སོགས་ལ་ཞིབ་འཇུག་དང་ཆོག་མཆན་གནང་བ་དང་སྦྲགས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་བཀོད་སྒྲིག་དང་བླང་བྱ་བཏོན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་ཆབ་སྲིད་ཐོག་ནས་འགོ་ཁྲིད་ཀྱི་འགན་འཁྲི་ནན་སྒྲུབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་གལ་ཆེའི་སྙན་ཞུའི་དོན་གནད་ཁག་23གྱི་གསལ་ཐོ་དང་ལས་རིམ་ཁ་གསལ་བཟོས་ཡོད། ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་ལ་གལ་ཆེའི་གནད་དོན་དང་གལ་ཆེའི་དོན་གནད་ཐེངས་450ལྷག་ཙམ་དགོངས་སྐོར་སྙན་སེང་ཞུས་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དེ་དག་མི་དམངས་འཐུས་ཚོགས་སུ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ལག་བསྟར་ནུས་ལྡན་བྱུང་ཡོད།

    (གསུམ)ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཞིན་མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོ་དང་བསྐོ་འཐེན་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་དོ་ཏན་ངང་ཡག་པོ་བསྒྲུབས་པ་དང་། འདེམས་བསྐོའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་དག་བཅོས་བྱས་པ། སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་བསམ་འཆར་བཟོ་འབེབས་བཅས་བྱས་ཐོག་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས། ཁྲིམས་བཞིན་བྱ་བ་ནན་སྒྲུབ་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཁྱབ་ཐུབ་པ་བྱས་ཡོད། ལྗོངས་ཡོངས་སུ་ཁྱོན་བསྡོམས་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་42153བདམས་ཐོན་བྱུང་ཞིང་། རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁ་གྲངས་6500ལ་ཉེ་བར་མང་དུ་བཏང་ནས་འཐུས་མིའི་གྲུབ་ཆ་སྔར་བས་ལེགས་སྒྱུར་དང་འཐུས་མིའི་རྒྱ་ཁྱབ་རང་བཞིན་གང་ལེགས་མཚོན་ཐུབ་པ་བྱུང་བས་གཞི་རིམ་གྱི་དམངས་གཙོའི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་བཏང་ཐུབ་ཡོད། སྒྲིག་འཛུགས་ལག་བསྟར་དང་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། འདེམས་ཁུལ་དབྱེ་འབྱེད་དང་། འདེམས་དམངས་ཐོ་འགོད། འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་པ་སོགས་ལྷུ་ཚིགས་ཁག་གི་ལས་ཀ་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱས་པར་བརྟེན། མི་རིགས་ཁག་གི་སྤྱི་དམངས་རྣམས་རྒྱ་ཁྱབ་ངང་འདེམས་བསྐོའི་བརྒྱུད་རིམ་ནང་ཐེ་ཞུགས་བྱས་ཤིང་། འདེམས་བསྐོའི་གྲུབ་འབྲས་ལས་མི་དམངས་ཀྱི་འདོད་བློ་གསལ་པོར་མངོན་ཡོད་སྟབས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གསོན་ཉམས་དོད་པོ་བྱུང་ཡོད། རང་ལྗོངས་སུ་ཡོད་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱ་མི་ཐེངས་605ཁྲིམས་བཞིན་འདེམས་བསྐོ་དང་བསྐོ་འཐེན་བྱས་ནས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དོན་བཀོད་སྒྲིག་གི་འདོད་འདུན་མངོན་གྱུར་གང་ལེགས་ཡོང་བའི་འགན་ལེན་བྱས་ཡོད།

    གཉིས། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་སྐྱོང་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་རྨང་རྩ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་བ།

    སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཐོག ཁྲིམས་སྐྱོང་གི་འདུ་ཤེས་དང་འཐབ་རྩོད་ཀྱི་སྙིང་སྟོབས་འབྲེལ་མཐུད་ནུས་ལྡན་དང་། ཁྲིམས་སྐྱོང་བྱེད་སྟངས་དང་འཐབ་རྩོད་ཀྱི་འཇོན་ནུས་མཉམ་འདྲེས་ནུས་ལྡན་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཡོད།

    (གཅིག)དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྲ་བརྟན་དུ་བཏང་བ། ཀྲུང་དབྱང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ངོ་བོ་གཏན་འཁེལ་གནང་བར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་མཛད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་དར་ཆ་གསལ་སྟོན་གྱིས་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་ཡོད། གསང་མྱུལ་ལ་འགོག་རྒོལ་བྱས་ནས་ཉེན་ཟོན་བདེ་སྲུང་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག་བཟོ་འབེབས་བྱས་པ་དང་། སྐུད་མེད་གློག་འཕྲིན་གྱི་དོ་དམ་སྲོལ་ཡིག་ལ་དག་བཅོས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཡོད། དྲ་རྒྱའི་ཆ་འཕྲིན་གྱི་བདེ་འཇགས་དོ་དམ་སྲོལ་ཡིག་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་མཉམ་དུ་གཏོད་པ། མེས་རྒྱལ་ཁ་ཕྲལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་གཏམ་བརྗོད་མཐའ་དག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཁ་གསལ་བཟོས་ནས་དྭངས་གསལ་གྱི་དྲ་མཐོངས་འཛུགས་སྐྱོང་དང་དྲ་རྒྱའི་བདེ་འཇགས་ཀྱི་སྲུང་བཅད་སྲ་བརྟན་དུ་བཏང་ཡོད། ཁ་ཕྲལ་ལ་ངོ་རྒོལ་དང་། སིམ་འཛུལ་ལ་ངོ་རྒོལ། མུག་ཟོས་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་རྩོད་ཀྱི་དགོས་མཁོར་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་གཏིང་ཟབ་སྤེལ་བ་དང་། རང་ལྗོངས་ཀྱི་རྒྱལ་མཚམས་འཛུལ་གྲོལ་དོ་དམ་གྱི་ལས་དོན་སྤེལ་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད།

    (གཉིས)དུས་བདེའི་བོད་ལྗོངས་འཛུགས་སྐྱོང་བྱེད་པར་དམིགས་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་བ། དུས་བདེ་འཛུགས་སྐྱོང་གི་སྲོལ་ཡིག་དང་། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་སྲོལ་ཡིག སྤྱི་བདེ་ལས་ཁུངས་ཀྱི་ལས་རོགས་ཉེན་རྟོག་པའི་དོ་དམ་སྲོལ་ཡིག སྲིད་འཛིན་ཁྲིམས་སྒྱུར་གྱི་ལྟ་སྐུལ་སྲོལ་ཡིག་དང་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག་བཅས་བཟོ་འབེབས་བྱས་ཡོད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་ཐོག འདྲི་གཅོད་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། སྤྱི་བདེ་ལས་ཁུངས་བཅས་ལ་དུས་གཅིག་ཏུ་བརྟག་ཞིབ་བྱས་ཏེ། ཁྲིམས་འགལ་ཉེས་གསོག་པར་མཉམ་འབྲེལ་ཐོག་རྡུང་རྡེག་གཏོང་རྒྱུའི་སྐུལ་འདེད་བཏང་ནས་གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་བློ་མཐུན་ཚོས་ས་གནས་གྲོང་ཁྱེར་དང་། དགོན་སྡེ། འབྲེལ་གཏུག་བྱེད་གནས་བཅས་སུ་བསྐྱོད་པ་དང་། དེ་བཞིན་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་སྡོད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས། དེ་བཞིན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས། གྲོང་ཁྱེར)བཅུ་བདུན་གྱི་མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་བཞུགས་མོལ་ཚོགས་འདུའི་གཉེར་འགན་ཁུར་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་ཉམས་མྱོང་གསར་པ་དང་བྱེད་སྟངས་གསར་པ་བགྲོ་གླེང་དང་སྤེལ་རེས་བྱས་ཡོད། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྱོང་བྱེད་པའི་ཆེད་དོན་བརྟག་ཞིབ་སྒྲིག་འཛུགས་ཀྱིས་སྤེལ་བ་དང་། “ཚད་གཞི་བཞིར་བརྩི་སྲུང་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུའི་སྲུང་སྐྱོང་བྱེད་པར་ཕན་སྐུལ་བཏང་ཡོད། “ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་དོན་བརྟག་ཞིབ་བྱས་པ་དང་། ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་གི་དྲིལ་བསྒྲགས་དང་སློབ་གསོ་སྤེལ་རྒྱུའི་གྲོས་ཆོད་བཟོ་འབེབས་བྱས་ནས་དམངས་ཡོངས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་སྐུལ་འདེད་བཏང་ཡོད།

    (གསུམ)རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལ་ཞབས་ཞུ་བསྒྲུབས་ཏེ་ཁྲིམས་སྐྱོང་གི་རྣམ་པར་བརྟེན་ནས་བོད་འབྲེལ་ཐད་ཀྱི་རྒྱལ་སྤྱིའི་འཐབ་རྩོད་ནུས་ལྡན་སྤེལ་བ། 《ཨ་རིའི་རྒྱལ་ཚོགས་ནས་གྲོས་འཆམ་བྱས་པའི“2020ལོའི་བོད་ཀྱི་སྲིད་ཇུས་དང་དེར་རྒྱབ་སྐྱོར་བྱེད་པའི་ཁྲིམས་གཞིར”དམིགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གསལ་བསྒྲགས》དུས་ཐོག་ཏུ་སྤེལ་ཏེ། ཁོ་པ་ཚོས་བོད་འབྲེལ་གནད་དོན་ཐད་རང་ཕྱོགས་ལ་ཉེས་འགེལ་འཁྱོག་བཤད་དང་དོན་མེད་སྐྱོན་འཛུགས་བྱས་པར་རྒོལ་ལན་ཚ་ཐག་ཆོད་བསློགས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད། ཕྱི་ཕྱོགས་དང་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས་ཨ་རི་དང་། པོ་ལུའོ་ཏི་ཧའེ་རྒྱལ་ཁབ་གསུམ། སེར་པི་ཡ། ནེ་པ་ལ་སོགས་ཕྱི་རྒྱལ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཁག་5ལ་སྣེ་ལེན་ཞུས་ནས“ནང་དུ་གདན་འདྲེན་ཞུ་བའི”ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ཡོད། “རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་པའི”གྲགས་རྟགས་ཡག་པོ་སྤྱད་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་པ་དུས་ཁག་6དང་མི་ཐེངས་གྲངས་38སྒྲིག་འཛུགས་དང་མངག་གཏོང་བྱས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་དུས་ཁག་7དང་མི་ཐེངས་གྲངས་40སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་20དང་ཡོ་རོབ་གྲོས་ཚོགས་སོགས་ལ་བཅར་འདྲི་བྱས་པ། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་དང་། ཨའོ་མོན་སྤུན་ཟླ་སོགས་ཚོགས་པ་བོད་དུ་ལྟ་སྐོར་ཡོང་བར་སྣེ་ལེན་ནན་ཏན་བྱས་པ། “བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་དང་། གོང་འཕེལ་ཁྲོད་ཀྱི་རྣམ་པ་གསར་པ”ཞེས་པའི་དྲ་ཐོག་བཅར་འདྲིའི་ཕྱི་དོན་བྱེད་སྒོ་སྤེལ་བར་གཞོགས་འདེགས་བྱས་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་ཐོབ་པའི་གྲུབ་འབྲས་ཆེན་པོ་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཡོད།

    གསུམ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་། དམངས་གཙོའི་ཁྲིམས་བཟོ། བཅའ་ཁྲིམས་བཞིན་ཁྲིམས་བཟོ་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱས་ཡོད།

    ཏང་གིས་ཁྲིམས་བཟོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་གིས་ཐེ་ཞུགས་བཅས་བྱེད་པའི་ཁྲིམས་བཟོའི་ལས་དོན་གྱི་རྣམ་པ་མཐའ་འཁྱོངས་བྱས་ཐོག ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་། དམངས་གཙོའི་ཁྲིམས་བཟོ། བཅའ་ཁྲིམས་བཞིན་ཁྲིམས་བཟོ་བཅས་བྱ་རྒྱུ་མཐའ་འཁྱོངས་དང་། སྤུས་ཚད་དང་ལས་ཕྱོད་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། “དོན་ཆེན་བཞིར”དམིགས་ནས་ས་གནས་ཀྱི་ཁྲིམས་བཟོའི་ལས་དོན་སྤེལ་ཡོད།

    (གཅིག)ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་བཟོའི་རྣམ་པ“ལུས་གཅིག་གཤོག་གཉིས”ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་གནད་སྨིན་ཐུབ་པར་སྐུལ་འདེད་བཏང་བ། གཙོ་འཛིན་གྱི་བཀའ་མངགས་སེམས་ལ་ངེས་ཤིང“རྒྱལ་ཁབ་ཀྱི་དོན་ཆེན”ཁོག་ལ་བཅངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”པའི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་འཛུགས་རྒྱུར་གཞི་ཚུགས་ནས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག》དང《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཟོ་འདོན་དང་ལག་བསྟར་གཏིང་ཟབ་བྱས་པར་བརྟེན། ཁྱབ་ཁོངས་དེའི་ས་གནས་ཀྱི་ཁྲིམས་བཟོའི་སྟོང་ཆ་བསྐངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཅས་ཀྱི་ཁྲིམས་བཟོའི་ལས་དོན་དེ་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་མངོན་གྱུར་བྱུང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྔར་ལས་ལྷག་པའི་སྒོ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་རང་འགུལ་གྱི་བྱ་སྤྱོད་ལ་གྱུར་ཐུབ་པ་བྱུང་ཡོད།

    (གཉིས)རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་གོང་བཀུར་ཞུས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ཀྱི་ལག་བསྟར་བྱ་ཐབས་དག་བཅོས་དང་ལག་བསྟར་བྱས་ཐོག་མི་ཐེངས་187སྒྲིག་འཛུགས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་བཞག་པ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་སྤེལ་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་རྩ་ཁྲིམས་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་ལྟ་བ། འགན་འཁྲི་འཁུར་སེམས། སྤྱི་ཞབས་པའི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་རིགས་འབྲེལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ཏེ་རྩ་ཁྲིམས་ལག་བསྟར་འགན་ལེན་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་བ་བྱས་ཡོད། སྙན་དཔོད་ཞིབ་བཤེར་གྱི་ཆ་འཕྲིན་ལས་སྟེགས་འཛུགས་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་སྟེ་རྒྱུན་ལས་ཨུ་ལྷན་གྱིས་སྙན་དཔོད་ཞིབ་བཤེར་གྱི་ལས་དོན་ཉན་འཇོག་དང་ཞིབ་བཤེར་བྱེད་པའི་ལམ་སྲོལ་དང་སྒྲིག་སྲོལ་འཐུས་ལེགས་སུ་བཏང་ཐོག སྙན་དཔོད་ཞིབ་བཤེར་ལས་དོན་གྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་ཐེངས་4བྱས་པ་དང་། སྙན་དཔོད་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་110ཞིབ་བཤེར་བྱས་པས་སྙན་དཔོད་ཞིབ་བཤེར་ལས་དོན་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཙང་བཤེར་ལས་དོན་ལག་བསྟར་བྱ་རྒྱུའི་གཏན་འབེབས་བཟོ་འབེབས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་སོགས་ཀྱི་ནང་དོན་གཙོ་གནད་དུ་དམིགས་ནས་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཐེངས་864དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་ཐེངས་279ལ་ཚོད་སྐོར་དང་གཙང་བཤེར་བྱས་ཏེ། འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དུས་ཐོག་ཏུ་དག་བཅོས་དང་རྩིས་མེད་དུ་བཏང་བར་བརྟེན། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ཡོང་རྒྱུར་སྲུང་སྐྱོང་བྱས་ཡོད།

    (གསུམ)གོ་ཆོད་པའི་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཟམ་མི་ཆད་པར་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་བཏང་བ། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱས་ཏེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་སོགས་ཀྱི་གལ་ཆེའི་རྩ་དོན་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དོན་ཚན་ནང་དུ་བཅུག་སྟེ་ཁ་གསལ་བྲིས་ཡོད། ཟམ་མི་ཆད་པར་ཁྲིམས་བཟོའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕྱོགས་བསྡུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་གལ་ཆེའི་ཁྲིམས་བཟོའི་རྣམ་གྲངས་ལ་རྒྱུན་ལས་ཨུ་ལྷན་གྱིས་སྣེ་ཁྲིད་པའི་ཁྲིམས་བཟོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ཟིན་འགོད་ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་བཙུགས་ཏེ། ཁྲིམས་བཟོའི་ཁྲོད་ཀྱི་གནད་དོན་གལ་ཆེན་རིགས་མཐུན་སྦྱོར་དང་ཐག་གཅོད་ནུས་ལྡན་བྱས་ནས་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆེ་རུ་བཏང་བ་དང་ཁྲིམས་བཟོའི་སྤུས་ཕྱོད་གོང་མཐོར་བཏང་ཡོད། སྒོ་མོ་ཕྱེ་ནས་ཁྲིམས་བཟོ་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐེངས་དང་པོར་ལྗོངས་ཕྱི་རོལ་དུ་ཁྲིམས་བཟོའི་རྣམ་གྲངས་ཀྱི་རིགས་གཅིག་མཁས་པའི་བློ་འདྲི་དང་རིགས་སྒྲུབ་ཚོགས་འདུ་འཚོགས་པ་དང་། གལ་ཆེའི་ཁྲིམས་སྲོལ་ཐད་རང་འགུལ་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མཛུབ་ཁྲིད་བརྩོན་ལེན་བྱེད་པའི་ལམ་སྲོལ་བཙུགས་པར་བརྟེན། བོད་ལྗོངས་ས་གནས་ཀྱི་ཁྲིམས་བཟོའི་ལོ་རྒྱུས་ཐོག་ཚད་གཞི་མཐོ་བ་དང་། བང་རིམ་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་བློ་འདྲི་རིགས་སྒྲུབ་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    (བཞི)“དོན་ཆེན་བཞིར”དམ་པོར་དམིགས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”འགན་སྲུང་བྱེད་པའི་ཁྲིམས་སྲོལ་མ་ལག་འཚོལ་ཞིབ་དང་གསར་བཙུགས་བྱས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་སྟངས་འཛིན་ནན་པོ་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག་དང་དུས་བདེ་འཛུགས་གཏོད་ཀྱི་སྲོལ་ཡིག་སོགས་ཁྲིམས་སྲོལ་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ནང་དོན་དེ་ཆེད་སྒྲིག་ལེའུར་ཚད་ལྡན་དུ་བཟོས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད། གྲོང་གསེབ་དར་རྒྱས་དང་། ཁེ་ལས་འབྲིང་ཆུང་གི་གོང་འཕེལ། སྔོན་རྩིས་ཞིབ་བཤེར་དང་ལྟ་སྐུལ་སོགས་ཀྱི་སྲོལ་ཡིག་བཟོ་འདོན་བྱས་པ་དང་། དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། རང་སྐྱོང་ལྗོངས་རིམ་པའི་སྔོན་རྩིས་ཞིབ་བཤེར་དང་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།  གཞུང་ཁོངས་རྒྱུ་ནོར་དོ་དམ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་བཅས་སྐོར་གྱི་གཏན་འབེབས་བཏོན་པ། ཨར་སྐྲུན་ཁྲོམ་རའི་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་16ལ་བཟོ་བཅོས་བརྒྱབ་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་སྲོལ་ཡིག་གིས་ལྟེ་བར་བྱས་ཏེ། རླུང་ཁམས་ཆེན་མོའི་བཙོག་སྐྱོན་འགོག་བཅོས་སྲོལ་ཡིག་བཟོ་འབེབས་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་སྲོལ་ཡིག་ལ་དག་བཅོས་བྱས་ཏེ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གྲོང་ཁྱེར་4ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཐུན་མོང་ཐོག་ཁྲིམས་བཟོའི་ལས་དོན་སྤེལ་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞོགས་འདེགས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་བའི་ལས་དོན་སྤེལ་བ། བཅའ་ཁྲིམས་ཀྱི་མཚོན་ཆར་བརྟེན་ནས་བོད་ཀྱི་ནམ་མཁའ་དེ་བས་སྔོ་བསངས་དང་། རི་ཀླུང་དེ་བས་སྔོ་ལྗང་། ཆུ་བོ་དེ་བས་དྭངས་གཙང་། སྐྱེ་ཁམས་ཁོར་ཡུག་དེ་བས་ལྟ་ན་སྡུག་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔའི་བར། རང་ལྗོངས་སུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་25ཡོད་པ་དེས་རང་ལྗོངས་སུ་ད་ལྟ་སྤྱོད་མུས་ཡིན་ཞིང་གོ་ཆོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱི་20%ཟིན་ཡོད། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་བཅའ་ཁྲིམས་དོན་ཚན་གྱི་རྣམ་པའི་ཐོག་ནས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་དང་གོང་འཕེལ་གཏོང་རྒྱུའི་ལས་དོན་ཚད་ལྡན་བཟོས་པ་དང་། མཐའ་མཚམས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་དག་བཅོས་བྱེད་བཞིན་ཡོད་པར་བརྟེན། མཐའ་མཚམས་གོང་འཕེལ་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཐུབ་ཡོད།

    (ལྔ)མི་དམངས་ཀྱི་བདེ་རྩ་ལེགས་སུ་གཏོང་རྒྱུར་དམ་པོར་དམིགས་ཏེ། མི་དམངས་ཀྱི་གོང་འཕེལ་ཁེ་དབང་ལ་འགན་སྲུང་བྱས་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྲོལ་ཡིག་བཟོ་འབེབས་བྱས་ཏེ། ཐེངས་དང་པོར་ས་གནས་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་སྲོལ་ཡིག་དང་། སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་སྲོལ་ཡིག མེ་ཟོན་སྲོལ་ཡིག ས་བོན་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས། ཕྱོགས་མིར་ཞབས་ཞུ་དང་དོ་དམ་བྱ་རྒྱུའི་སྲོལ་ཡིག ཚན་རྩལ་འབྲས་བུ་དངོས་སྒྱུར་ཡོང་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས། སྨན་རྫས་དོ་དམ་སྲོལ་ཡིག་བཅས་དག་བཅོས་བྱས་པ་དང་། མ་བུ་བདེ་སྲུང་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དག་བཅོས་བྱས་ནས་མི་དམངས་མང་ཚོགས་ཚོའི་ཁྲིམས་སྐྱོང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཤུགས་ཆེར་སོང་ཡོད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་ཁྲིམས་དང་མ་མཐུན་པར་བདག་མེད་སྲོག་ཆགས་ཉོ་ཚོང་དང་ཟས་སྤྱོད་བྱེད་རིགས་ཕྱོགས་ཡོངས་ནས་བཀག་འགོག་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལག་བསྟར་བྱེད་ཕྱོགས་ཀྱི་བསམ་འཆར་དུས་ཐོག་ཏུ་བཟོ་འདོན་བྱས་པ་དང་། སྲོག་ཆགས་ཀྱི་རིམས་འགོག་སྲོལ་ཡིག་ལ་དག་བཅོས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་ཐོབ་རྒྱུར་རམ་འདེགས་བྱས་ཡོད།

    བཞི། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་བཞིན་ལྟ་སྐུལ་བཅས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།

    ལྟེ་བ་དང་ཁྱོན་ཡོངས་ལ་དམིགས་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་མངོན་ཆེར་བཟུང་སྟེ། ཁྲིམས་བཞིན་ལྟ་སྐུལ་གྱི་འགན་དབང་སྤྱད་ནས་ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱས་པར་བརྟེན། བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་ཉིད་ཕྱོགས་ཡོངས་དང་ནུས་ལྡན་གྱི་སྒོ་ནས་ལག་ལེན་བསྟར་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་། “གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱིས་ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་འཛིན་དྲང་གཞག་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    (གཅིག)འཆར་གཞི་དང་སྔོན་རྩིས་ལག་བསྟར་དང་། འབྲེལ་ཡོད་གྲོས་ཆོད་དང་གཏན་འབེབས་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས་ལྟ་སྐུལ་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་རམ་འདེགས་བྱས་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས་དཔལ་འབྱོར་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། དུས་བཀག་ལྟར་དཔལ་འབྱོར་གྱི་གནས་བབ་ལ་དབྱེ་ཞིབ་དང་དཔལ་འབྱོར་གྱི་འཁོར་སྐྱོད་ལ་རྗེས་འདེད་ལྟ་སྐུལ་བྱས་ཡོད། དམངས་གཉེར་དཔལ་འབྱོར་ལ་ཆེད་དོན་བརྟག་ཞིབ་བྱས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་རྩ་གནད་ལག་བསྟར་དང་། དེ་བཞིན་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་སོགས་ཀྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་ལ་ཞིབ་བཤེར་བྱས་ཡོད། སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དྲ་སྦྲེལ་ལྟ་སྐུལ་མ་ལག་བཙུགས་ནས་སྔོན་རྩིས་ལག་བསྟར་ཐད་སྐབས་བསྟུན་ལྟ་སྐུལ་བྱས་འབྲས་ཐོག་མའི་ཆར་མངོན་ཡོད། ཡོངས་འདུས་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་གཙོ་གནད་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཀྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོ་འབེབས་བྱས་ཐོག ཉེ་བའི་ལོ་གསུམ་རིང་ནོར་སྲིད་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་མ་དངུལ་བགོ་འགྲེམས་དང་བེད་སྤྱོད་དང་། ནོར་སྲིད་སྔོན་རྩིས་ཀྱི་ལས་རྗེས་དོ་དམ་བྱས་ཚུལ་གྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་སྙན་སྒྲོན་གྱི་ལམ་ལུགས་བཙུགས་ཏེ། བསྟུད་མར་ལོ་5ཁག་སོ་སོར་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་། དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བཅས་ལ་དོ་དམ་བྱས་ཚུལ་གྱི་སྙན་སྒྲོན་དང་གཞུང་ཁོངས་རྒྱུ་ནོར་གྱི་ཕྱོགས་བསྡུས་སྙན་སྒྲོན་ཉན་འཇོག་བྱས་ཡོད།

    (གཉིས)མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། བློ་གཏད་བཅོལ་ས་བཅས་ལ་དམིགས་ཏེ་ལྟ་སྐུལ་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་གཅུར་འགག་ཐེབས་པའི་མངོན་ཆེའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་རྒྱུར་རམ་འདེགས་བྱས་པ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་གཞི་བརྟན་པོར་བཙུགས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་བརྒྱབ་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ལ་བསྟུན་ཡོད། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དམིགས་ཏེ། བསྟུད་མར་ལོ་3དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། གྲོང་གསེབ་ཀྱི་ས་ཆའི་བདག་དབང་གཏན་འཁེལ་དང་། ནས་ཀྱི་ཐོན་འབོར་འཕར་ཐབས་ཀྱི་ལས་འགུལ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་བཅས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་པ། རྩྭ་ཐང་འབྲོག་ལས་དང་ཞིང་འབྲོག་ལས་དེང་རབས་ཅན་སོགས་ཀྱི་ཆེད་དོན་བརྟག་ཞིབ་བྱས་པ། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་དམིགས་བཙུགས་རྫོང་ཁག་འགན་གཙང་བླངས་ནས་དབུལ་སྒྲོལ་འགག་སྒྲོལ་དང་། སྲ་བརྟན་མཐོར་འདེགས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་འགན་འཁུར་ཡོད། སློབ་གསོ་དང་། ཚན་རྩལ། རིག་གནས་བཅས་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་དམིགས་ཏེ། དགེ་རྒན་གྱི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་དང་། སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་བཅའ་ཁྲིམས། ཡིག་ཚགས་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས། ཚན་རྩལ་གྲུབ་འབྲས་དངོས་སྒྱུར་གྱི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་བཅས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་སྤེལ་བ་དང་། འགན་བབས་སློབ་གསོའི་སྙོམས་མཚུངས་གོང་འཕེལ་གྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་པའི་ཁར་ཆེད་དོན་འདྲི་རྩད་བྱས་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བེད་སྤྱོད་དང་། ཞིང་འབྲོལ་ཁུལ་གྱི་སློབ་ལོ་མ་ལོན་གོང་གི་སློབ་གསོ། སློབ་གསོའི་གྲོན་དངུལ་གཏོང་ཕྱོགས་དང་། བེད་སྤྱོད། དོ་དམ་བཅས། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་སོགས་ལ་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུར་དམིགས་ཏེ། ཀྲུང་ལུགས་སྨན་རྫས་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་སྨན་རྫས་མཁོ་འདོན་དང་འགན་སྲུང་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་བྱས་པ། བསྟུད་མར་ལོ་3རིང་བདག་མེད་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་། འགོས་ནད་འགོག་བཅོས་བཅའ་ཁྲིམས། དེ་བཞིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཁྲིམས་སྒྱུར་ཞིབ་བཤེར་དང་རྗེས་འདེད་ཞིབ་བཤེར་གཏིང་ཟབ་སྤེལ་ཡོད། 2022ལོར་རང་ལྗོངས་སུ་ནད་ཡམས་ཐོན་རྗེས་རྒྱུན་ལས་ཨུ་ལྷན་གྱི་བློ་མཐུན་རྣམ་པས་ས་གནས་དང་གྲོང་ཁྱེར་7ལ་བསྐྱོད་པ་དང་། ཤང་དང་། གྲོང་རྡལ། ཁྲོམ་གཞུང་བཅས་སུ་ཟབ་ཞུགས་ཀྱིས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་ལྟ་སྐུལ་མཛུབ་ཁྲིད་བྱེད་འགན་གཙང་ལེན་འཁུར་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པས་རང་འགུལ་ངང་སྡེ་ཁུལ་གྱི་ཞབས་ཞུ་དང་དོ་དམ་ལ་ཐེ་ཞུགས་བྱས་ཐོག ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུག་གང་ལེགས་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ལྟ་བུ་ཞིག་བྱས་ཏེ་སེམས་ནུས་ཡོད་རྒུ་དང་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་དང་། ཐུན་མོང་ཐོག་མི་དམངས་ཀྱི་བདེ་འཇགས་དང་ལུས་ཁམས་བདེ་ཐང་སྲུང་སྐྱོབ་བྱས་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་བྱ་སྤྱོད——བོད་སྐྱོད་བྱེད་སྒོ་ཞེས་པ་རྒྱུན་མཐུད་དུ་སྤེལ་བ་དང་། གོང་འོག་མཉམ་འགུལ་གྱིས་རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་དང་། དེ་བཞིན་རྩྭ་ཐང་དང་། ནགས་ཚལ། གཏེར་ཁའི་ཐོན་ཁུངས་བཅས་སྲུང་སྐྱོང་དོ་དམ་བྱ་རྒྱུའི་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་སྒྲུབ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྱོང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བྱེ་འགོག་བྱེ་བཅོས་ལས་དོན་སོགས་ཀྱི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་པ། ནགས་དཔོན་ལམ་ལུགས་ཁྱབ་སྤེལ་དང་། “ཆུ་གཉིས་གཙང་བཞིའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ནགས་བཟོ་སྔོ་སྒྱུར་བྱེད་པ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་སྒྱུར་ལས་གྲྭ་སོགས་ལ་ཆེད་དོན་བརྟག་ཞིབ་བྱས་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད། དམངས་འཚོའི་བདེ་རྩར་དམིགས་ཏེ། ལས་ཞུགས་སྐུལ་འདེད་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་དང་། བཟོ་ཚོགས་ཀྱི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས། བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་བཅས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་། ལས་ཞུགས་ལས་གཏོད། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་པ། མཐའ་མཚམས་འཛུགས་སྐྲུན་དང་གོང་འཕེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ། སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་གཏོང་བ་སོགས་གཙོ་གནད་ནང་དོན་དུ་བྱས་ཏེ་ཆེད་དོན་འདྲི་རྩད་སྒྲིག་འཛུགས་བྱས་པ་བཅས་ཀྱི་ཐོག་ནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་སྒོ་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ཡོད།

    (གསུམ)དྲང་གཞག་བདེན་སྐྱོང་དང་ཁྲིམས་འཛིན་བསྒྱུར་བཅོས་བྱེད་པར་དམིགས་ཏེ་ལྟ་སྐུལ་བྱས་ནས་སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་རྒྱུར་རམ་འདེགས་བྱས་པ། ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཚད་དུ་བཟུང་སྟེ་ཁྲིམས་བཀོད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བྱ་རྒྱུའི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་དང་། བཙོན་ཁང་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཁྲིམས་སྒྱུར་ཞིབ་བཤེར་བྱས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཆེད་དོན་འདྲི་རྩད་སྤེལ་བ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ལས་དོན་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད། ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་ཁང་གིས་ཉེས་དོན་འདྲི་གཅོད་ལ་ཤུགས་སྣོན་རྒྱག་པའི་སྐོར་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་ཞིབ་དཔྱོད་ལ་ལྟ་སྐུལ་བྱེད་པ་སོགས་སྐོར་གྱི་ཆེད་དོན་བརྟག་ཞིབ་བྱས་པ་དང་ལས་ཀའི་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། ཕྱོགས་ཡོངས་ནས་ཁྲིམས་འཛིན་ལམ་སྲོལ་ལ་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་དང་། དེ་བཞིན“ལག་བསྟར་བྱེད་དཀའ་བའི་རིགས”ཐག་གཅོད་བྱ་རྒྱུ་དང་། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད། དམངས་དོན་གྱི་འདྲི་གཅོད། ནག་ཉེས་དང་ཁྲིམས་ཆད་ངོས་ལེན་ཞུས་པར་གུ་ཡངས་གཏོང་བའི་ལམ་ལུགས་སྤྱད་འཐུས་དོན་འཁྱོལ་བྱེད་པ་སོགས་ཀྱི་ཆེད་དོན་བརྟག་ཞིབ་བྱས་ནས་ཁྲིམས་འཛིན་ལམ་སྲོལ་སྒྱུར་བཅོས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་དོན་ཐོག་ཏུ་བབས་ནས་ཕན་འབྲས་ཐོན་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད། ཁྲིམས་སྒྱུར་ཚད་ལྡན་ཅན་དུ་འཛུགས་སྐྱོང་གཏིང་ཟབ་བྱས་ནས་དྲང་གཞག་བདེན་སྐྱོང་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཆེད་དོན་བརྟག་ཞིབ་བྱས་ཏེ་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྔར་བས་སྲུང་སྐྱོང་ཡག་པོ་བྱས་ཡོད།

    ལྔ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་གོང་འཕེལ་བཏང་བ།

    འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དོན་གཉེར། འཐུས་མི་དང་མང་ཚོགས་ལ་འབྲེལ་བ་དམ་ཟབ་བཅས་བྱས་ཏེ་ལྷུ་ཚིགས་ཚང་མའི་ཐོག་ནས་མི་དམངས་ཀྱི་སྐད་སྒྲ་ཐོས་ཐུབ་པའི་འགན་ལེན་བྱས་ཡོད།

    (གཅིག)“འབྲེལ་གཏུག་གཉིས”ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྒྱུན་ལས་ཨུ་ཡོན་དང་འཐུས་མིའི་དབར་དང་། འཐུས་མི་དང་མི་དམངས་དབར་འབྲེལ་གཏུག་དེ་བས་དམ་ཟབ་ཏུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་འཐུས་མིར་འབྲེལ་གཏུག་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། འཐུས་མི་མི་ཐེངས་646ལ་ཐད་ཀར་འབྲེལ་གཏུག་བྱས་ནས་རྒྱ་ཁྱབ་ངང་ཡུལ་བབ་དམངས་འདུན་འཚོལ་སྡུད་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་དང་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱེད་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞི་རིམ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དབར་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། བཞུགས་མོལ་ནང་མི་ཐེངས་243ཞུགས་ནས“བརྟན་པོ་དྲུག”དང“འགན་སྲུང་དྲུག”དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་རྩ་གནད་བསྒྲིགས་བཟོ། དབུལ་སྒྲོལ་འགག་སྒྲོལ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན། སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་ཁག་369འཚོལ་སྡུད་བྱས་ཁར་འབྲེལ་ཡོད་སྡེ་ཚན་ལ་གཉེར་སྒྲུབ་བྱེད་རྒྱུར་རྩིས་སྤྲོད་བྱས་ཡོད། འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལས་ཀའི་བྱ་ཐབས་འཐུས་ཚང་དུ་བཏང་སྟེ། རིམ་ཁག་འཐུས་མིས་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་འདེམས་དམངས་ལ་འབྲེལ་གཏུག་དང་སྣེ་ལེན་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བཏང་སྟེ་མང་ཚོགས་ཀྱི་བསམ་འདུན་ཉན་པ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད།

    (གཉིས)ནང་དོན་དང་རྣམ་པ་རྒྱ་ཆེར་བཏང་སྟེ། ཚོགས་འདུ་གྲོལ་བའི་རིང་གི་བྱེད་སྒོ་དེ་བས་སྣ་མང་ཕུན་སུམ་ཚོགས་སུ་བཏང་བ། ས་གནས(གྲོང་ཁྱེར)དང་རྫོང(ཆུད)མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱི་སྦྱོང་བརྡར་ཚོགས་འདུ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་། ལྗོངས་ཡོངས་ཀྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”གི་ལས་སྟེགས་772འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཚོའི(གྲོང་ལྷན)མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་། འཐུས་མིའི་བྱེད་སྒོ་ཁང་ལ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་ཐུབ་པ་བྱས་ཡོད། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ལས་ཁུངས་ཀྱིས་སྒྲིག་འཛུགས་བྱས་པའི་ཚོགས་འདུ་དང་བྱེད་སྒོར་མི་ཐེངས་240ཞུགས་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རིགས་གཅིག་མཁས་ཅན། མཁས་དབང་རྣམས་ཁྲིམས་བཟོའི་རྣམ་གྲངས་བསྡུ་རུབ་དང་། ཁྲིམས་སྲོལ་གྱི་བསམ་འཆར་བསྡུ་ལེན། ལྟ་སྐུལ་རྣམ་གྲངས་ཀྱི་བརྗོད་གཞི་གདམ་སྒྲུག ཁྲིམས་སྒྱུར་ཞིབ་བཤེར་སོགས་ཀྱི་ལས་ཀའི་ཁྲོད་རྒྱ་ཁྱབ་ངང་ཞུགས་ཏེ། དམངས་གཙོའི་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་བྱུང་བ་དང་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་ཡོད།

    (གསུམ)གྲོས་གཞིའི་སྤུས་ཚད་མཐོ་པོ་ཡོང་རྒྱུར་དམིགས་ཏེ། གྲོས་འགོ་གཉེར་སྒྲུབ་བྱེད་པར་དེ་བས་ཆེ་བའི་ཕན་འབྲས་ཐོན་པ། འཐུས་མིའི་འགན་འཁྲི་སྒྲུབ་པའི་དྲ་ཐོག་ཞབས་ཞུའི་ལས་སྟེགས་བསྐྲུན་ཏེ། འཐུས་མིའི་གྲོས་གཞི་དང་གྲོས་འགོ་འདོན་པ་དང་། སྒྲུབ་སྤྲོད། གཉེར་སྒྲུབ། མཐུན་སྦྱོར། ལན་འདེབས། ལན་སྤྲོད། འདྲི་རྩད་བཅས་ཀྱི་ལས་རིམ་ཧྲིལ་པོའི་ཆ་འཕྲིན་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བ་བྱས་ཡོད། འཐུས་མིའི་གྲོས་གཞི་དང་གྲོས་འགོར་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོས་གཞི་གཉེར་སྒྲུབ་ཀྱི་བརྒྱུད་རིམ་དང་གྲུབ་འབྲས་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བསྟུད་མར་ལོ་4གཏན་འཁེལ་བྱས་པའི་གྲོས་འགོ་ཁག་31ལ་གཙོ་གནད་དུ་ལྟ་སྐུལ་སྒྲུབ་གཉེར་བྱས་ནས་སྐབས་འདིའི་མི་དམངས་འཐུས་ཚོགས་ཀྱིས་གོང་གི་ཚོགས་འདུ་ཐེངས་གསུམ་འཚོག་རིང་གི་འཐུས་མིའི་གྲོས་འགོ་གཉེར་སྒྲུབ་བྱས་ཚུལ་ལ“ཕྱིར་མིག་བལྟས”ན་འཐུས་མིའི་གྲོས་འགོར་མཐུན་སྦྱོར་བྱུང་ཚད་100%དང་སྒྲུབ་ལན་སློག་ཚད་100%ཟིན་ནས་འཐུས་མིའི་འབོད་སྒྲར་ལན་འདེབས་གསལ་པོ་བྱུང་བ་དང་མང་ཚོགས་ཀྱི་རེ་སྒུག་ཚང་མ་དོན་འཁྱོལ་ཐུབ་ཡོད།

    (བཞི)ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་ཞབས་ཞུའི་འགན་ལེན་སྔར་བས་ཤུགས་ཆེར་སོང་བ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་ལམ་ལུགས་ཀྱི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། ཡོང་འབབ་གཏན་འཇགས་མེད་པའི་རང་སྐྱོང་ལྗོངས་འཐུས་མིའི་འགན་སྒྲུབ་ཀྱི་ཁ་གསབ་རོགས་དངུལ་མཐོ་རུ་བཏང་ནས་འཐུས་མིས་རང་འགན་གཙང་སྒྲུབ་སྔར་ལས་ལེགས་པ་བྱ་རྒྱུར་འགན་ལེན་བྱས་ཡོད། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སློབ་སྦྱོང་དང་སྦྱོང་བརྡར་ལམ་ལུགས་འཐུས་ཚང་དུ་བཏང་ནས《མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ལག་དེབ》ཁྲི་7.5རྩོམ་སྒྲིག་པར་འདེབས་བྱས་པ་དང་། དྲ་ཐོག་དང་དྲ་ཕྱི་བརྒྱུད་ནས་ཐབས་རྣམ་སྣ་ཚོགས་ཀྱི་འཐུས་མིའི་སྦྱོང་བརྡར་སྒྲིག་འཛུགས་དང་གཉེར་སྒྲུབ་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་དང་། འབྲེལ་ཡོད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་བཅས་དང་མཉམ་འབྲེལ་ཐོག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་ནས་གཞི་རིམ་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་སློབ་སྦྱོང་དང་སྦྱོང་བརྡར་དེ་ཁྱོན་ཡོངས་ནས་ཁྱབ་ཐུབ་པ་བྱས་ཡོད།

    དྲུག “ལས་ཁུངས་བཞིའི”ངེས་གནས་གསར་པ་དང་བླང་བྱ་གསར་པར་སྟངས་འཛིན་གང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

    དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་མི་དམངས་འཐུས་ཚོགས་ཀྱི་ཏང་གི་འཛུགས་སྐྱོང་ཁག་ལ་སྐུལ་འདེད་བཏང་ཐོག “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཐོག་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་ནུས་པ་དང་འགན་འཁྲི་སྒྲུབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་བཏང་སྟེ། ཏང་དང་མི་དམངས་ཀྱིས་དགའ་མོས་བྱེད་པའི་ཆབ་སྲིད་ལས་ཁུངས་དང་། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས། ལས་དོན་ལས་ཁུངས། འཐུས་ཚབ་ལས་ཁུངས་བཅས་འཛུགས་སྐྱོང་ཧུར་ཐག་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དོན་གྲོས་སྒྲིག་སྲོལ་དག་བཅོས་བྱས་པ་དང་། ཚོགས་འདུའི་གོ་རིམ་དང་ནང་དོན་ཇེ་ལེགས་སུ་བཏང་ནས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དོན་འཁྱོལ་གྱིས་ཁོངས་མི་རྣམས་ཚོགས་འདུར་ཞུགས་པའི་གནས་ཚུལ་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཟོས་ཡོད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཡན་ལག་ཏང་ཙུའུ་བཙུགས་ཡོད། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བའི་མི་སྣ་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་གསལ་པོར་བཏོན་ཡོད། ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་ལས་ཨུ་ལྷན་དང་དེའི་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་93བཟོས་འབེབས་དང་བཟོ་བཅོས་བརྒྱབ་པར་བརྟེན་ལས་ཀའི་ལས་ཕྱོད་སྔར་བས་ཆེ་རུ་སོང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་ཤུགས་ཆེན་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཐོག་སྤྱོད་ཚུལ་བཟང་པོ་དང་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ལ་ཞུན་བརྡར་སྤྲས་ཡོད།

    སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་སྤྱོད་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ། གསོན་ཉམས་དོད་ལ་ལྟ་འདོད་པ་དང་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གཏམ་རྒྱུད་གང་ལེགས་བརྗོད་ཡོད། མི་དམངས་འཐུས་ཚོགས་ཀྱི་རིགས་གཞུང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བའི་གཙོ་གནད་ཁྱབ་ཁོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཟོའི་ལས་དོན་གྱི་ཞིབ་འཇུག་བརྗོད་གཞི་སྒྲིག་འཛུགས་ཀྱིས་ལེགས་གྲུབ་བྱུང་བ་དང་། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་དངོས་སུ་སྤྱོད་རྒྱུར་སྐུལ་འདེད་བཏང་ཡོད། རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་འཛུགས་སྐྱོང་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ཞིང་། གཙོ་གནད་ལས་ཀར་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤྱི་ཡོངས་ཀྱི་དངོས་ཕན་ཕྱོགས་ཡོངས་ནས་གང་ཆེར་སོང་ཡོད།

    འཐུས་མི་རྣམ་པ།

    འདས་ཟིན་པའི་ལོ་ལྔ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་དང་ཐོག་མཐར་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པའི་ལོ་ལྔ་དང་། ཕྱོགས་ཡོངས་ནས་ཏང་གི་འདོད་བློ་དང་འདོད་ཚུལ་མཚོན་པར་བྱེད་ཅིང་། ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པའི་ལོ་ལྔ། ཕྱོགས་ཡོངས་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་ཞུ་དང་འགན་སྲུང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དུས་བསྟུན་མདུན་སྐྱོད་དང་འཐུས་ལེགས་གོང་འཕེལ་བཏང་བའི་ལོ་ལྔ། ཕྱོགས་ཡོངས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དོན་གཉེར་དང་། མི་རིགས་ཁག་གི་མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བའི་ལོ་ལྔ། “ལས་ཁུངས་བཞི”འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། མི་དམངས་འཐུས་ཚོགས་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བའི་ལོ་ལྔ་བཅས་ཡིན། འདི་དག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཨུ་ལྷན་ཁག་གི་ཁོངས་མི། དེ་བཞིན་ལས་ཁུངས་ཀྱི་ལས་བྱ་ཡོངས་ཀྱིས་རང་འགན་འབད་སྒྲུབ་དང་ལས་ཀ་ཏན་ཏིག་བྱས་པའི་འབྲས་བུ་དང་། “གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་རིམ་ཁག་མི་དམངས་འཐུས་ཚོགས་དབར་གཞོགས་འདེགས་དམ་ཟབ་དང་ཤུགས་སྒྲིལ་མཉམ་ལས་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཐེ་ཞུགས་ཧུར་ཐག་དང་ཤུགས་ཆེའི་རྒྱབ་སྐྱོར་བྱས་པའི་འབྲས་བུ་བཅས་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འཐུས་མི་རྣམ་པ།

    ལོ་ལྔའི་རིང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་ལག་ལེན་ཁྲོད། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ཚན་རིག་དང་མཐུན་པའི་གོ་དོན་དང་། གཞི་རྩའི་ཁྱད་ཆོས། ངོ་བོའི་བླང་བྱ་བཅས་ལ་ང་ཚོའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་སོང་ཞིང་། དེ་ནི་དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་སྐབས“ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དྲུག”ཐུབ་པ་བྱེད་དགོས་པ་དེ་ཡིན།

    ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་མཐའ་འཁྱོངས་བྱེད་དགོས་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་བའི་ཁྱད་ཆོས་ཤིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་ཆེ་ཤོས་ཤིག་ཀྱང་ཡིན། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པ་དེ་ལམ་ལུགས་ཅན་དང་ཞིབ་ཕྲ་ཅན་དུ་སྐུལ་འདེད་ནུས་ལྡན་བཏང་ཚེ། གཞི་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་ཐུབ་པ་དང་། གཞི་ནས་རྒྱལ་ཁབ་ལས་ཁུངས་ཁག་མཐུན་སྦྱོར་གཅིག་གྱུར་ཐུབ་པ། གཞི་ནས་མི་རིགས་ཁག་དང་། ལས་རིགས་ཁག ཕྱོགས་ཁག་བཅས་སྒྲིག་འཛུགས་ནུས་ལྡན་བྱེད་ཐུབ།

    ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་གྱི“རྩ་འཛིན”དང“བླ་སྲོག”མཐའ་འཁྱོངས་བྱེད་དགོས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་གྱི“རྩ་འཛིན”དང“བླ་སྲོག”ཡིན་ཞིང་། སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”དང“འགན་ལེན་བཞིའི”ལས་དོན་ཁག་རྣམ་གྲངས་ཅན་དང་། གཞི་རྟེན་ཅན། གསལ་ཐོ་ཅན་དུ་གྱུར་བ་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས“འཛུགས་གཏོད་བཞི”དང་། “མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་ཀྱི་དམིགས་ཚད་བཏོན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དང་། གལ་ཆེའི་ལས་འགན། ནང་གནས་ཀྱི་བླང་བྱ། འཐབ་ཇུས་ཀྱི་ལས་འགན་བཅས་སུ་སྔར་ལས་ལྷག་པའི་སྒོ་ནས་གསལ་པོར་བཏོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་ཁ་གསལ་བྱས་པའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ལམ་སྲོལ་བཙུགས་ཏེ་ཁྲིམས་བཞིན་རང་འགན་གཙང་མར་བསྒྲུབས་ན། གཞི་ནས་ཆབ་སྲིད་དང་ཁྱོན་ཡོངས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་འགག་གནད་དམ་འཛིན་ཐུབ་པ་དང་། གཞི་ནས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པ། གཞི་ནས་བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་ཐུབ།

    ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི་བཅས་ཀྱི་ལས་དོན་གྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དེ་ས་གནས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ནང་བཅུག་སྟེ། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པའི་ཁར། ཟམ་མི་ཆད་པར་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བཏོད་ན། གཞི་ནས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ་པ་དང་། གཞི་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཀྱི་ལྕགས་རི་རིང་པོ་སྲ་བརྟན་དུ་གཏོང་ཐུབ་པ། གཞི་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་ཐུབ།

    ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་འཐབ་རྩོད་ཀྱི་འཐབ་ས་དང་པོར་ལངས་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ཞིང་། ཨ་རི་སོགས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོ་ཁ་ཕྲལ་གཏོང་བ་དང་བཀག་སྡོམ་བྱེད་པའི་ངན་ཇུས་ལྐོག་གཤོམ་ལ་བཀག་འགོག་བྱེད་པའི་འཐབ་ས་མདུན་མ་ཞིག་ཡིན་ལ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་གཏོང་བར་ངོ་རྒོལ་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཀྱང་ཡིན། བོད་ཀྱི་ལས་ཀའི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པའི་མདུན་དུ་རྒྱུན་དུ་ཉེན་བརྡ་གཏོང་བ་དང་རྟག་ཏུ་དོགས་ཟོན་བྱས་ཏེ། ནམ་ཡང་འཐབ་རྩོད་ཀྱི་སྙིང་སྟོབས་འཆང་བ་དང་འཐབ་རྩོད་ཀྱི་འཇོན་ནུས་ཆེ་རུ་བཏང་སྟེ། འགག་རྩའི་དུས་སུ་དཔའ་དམ་བཤམས་ཕོད་པ་དང་རང་འགུལ་ངང་ཐེག་པ་ཁུར་ལེན་བྱས་ཐོག ཁྲིམས་སྐྱོང་གིས་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་འཁྱོངས། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ན། གཞི་ནས་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་ཁྱད་ཡོན་གང་ལེགས་མཚོན་ཐུབ་པ་དང་། གཞི་ནས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་མི་དམངས་འཐུས་ཚོགས་ཀྱི་ཐེག་པ་ཁུར་ལེན་མཚོན་ཐུབ།

    ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་གོང་འཕེལ་གཏོང་དགོས་པ། མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེང་རྒྱུ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོའི་བླང་བྱ་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་གོང་འཕེལ་གཏོང་བ་དང་། སྤྱི་དམངས་ཀྱིས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཐེ་ཞུགས་བྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཕྲེང་སྦྲེལ་མཐུད་ཐུབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བརྒྱུད་དེ་རང་ཁྱིམ་རང་བདག་གི་ཁེ་དབང་སྔར་བས་བེད་སྤྱོད་ཡག་པོ་བྱས་ན། གཞི་ནས་ཏང་གི་དགོངས་ཚུལ་དང་མི་དམངས་ཀྱི་འདོད་བློ་ཚད་མཐོའི་གཅིག་གྱུར་མངོན་གྱུར་ཐུབ་པ་དང་། གཞི་ནས་ཁྱབ་རྒྱ་ཆེ་ཤོས་ཀྱི་བློ་གྲོས་དང་ངོས་འཛིན་གཅིག་མཐུན་གཞི་གཅིག་ཏུ་སྒྲིལ་ཐུབ།

    ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་ལྟ་བ་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་དགོས་པ། ཁྱོན་ཡོངས་ཀྱི་ལྟ་བ་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྟག་ཐབས་སྨྲ་བ་གལ་ཆེན་ཞིག་ཡིན། ལོ་ལྔའི་རིང་ང་ཚོས་ཁྱོན་ཡོངས་ཀྱི་ལྟ་བས་འཕེལ་ཕྱོགས་ཆེན་པོ་དང་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན་བརྒྱབ་ཡོད། གཞུང་འཁྱོངས་གསར་འབྱེད་ལ་བརྟེན་ནས་ལས་བརྩོན་གསར་གཏོད་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཟོའི་བློ་འདྲིའི་རིགས་གཅིག་མཁས་པའི་མིང་མཛོད་གསར་འཛུགས་དང་འཐུས་ཚང་དུ་བཏང་བ་མ་ཟད། གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་བཙུགས་པ། སྲིད་གྲོས་དབར་གྱི་ཁྲིམས་བཟོའི་གྲོས་མོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཁྲིམས་བཟོའི་རྣམ་གྲངས་གལ་ཆེན་ཐད་མི་དམངས་འཐུས་ཚོགས་དང་སྲིད་གཞུང་གི་འགོ་ཁྲིད་ཙུའུ་ཀྲང་གཉིས་ཅན་གྱི་འགན་འཁུར་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་པ། མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ཞིབ་བཤེར་དང་ལྟ་སྐུལ་དང་། རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་དག་ཐེར། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་སེང་ཞུ་བའི་ལམ་ལུགས་སོགས་ཀྱི་བསྒྱུར་བཅོས་གཏིང་ཟབ་སྤེལ་བ། ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ལས་ཀའི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཡོད། ཁྲིམས་བཀོད་ཀྱི་འགན་ནུས་ཁག་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱས་ནས་སྣ་འདུས་ཐབས་བཟང་སྤྱད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ལྟ་སྐུལ་གྱི་བརྟན་ཚུགས་དང་ཕན་འབྲས་དངོས་ཆེ་རུ་བཏང་ཡོད། ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་བྱུང་བར། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་ཁག་དང་། ལས་དོན་ཁག་གིས་ཁྱོན་ཡོངས་ཀྱི་ལྟ་བ་མཐའ་འཁྱོངས་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ན། གཞི་ནས་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྤེལ་རེས་ཐུབ་པ་དང་། གཞི་ནས་དུས་བསྟུན་མདུན་སྐྱོད་དང་འཐུས་ཚང་གོང་འཕེལ་གཏོང་ཐུབ།

    འདས་ཟིན་པའི་ལོ་ལྔར་ཕྱིར་མིག་བལྟས་རྗེས། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཁག་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་བླང་བྱ་གསར་པ་དང་བསྡུར་ན་ད་དུང་ཧེ་བག་ཡོད་པ་སྟེ། ཁྲིམས་བཟོའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཟོའི་ཐད་སྔར་བས་འཚོལ་ཞིབ་བྱེད་དགོས། ལྟ་སྐུལ་གྱི་ཤུགས་ཚད་དང་ཕན་འབྲས་དངོས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ། འཐུས་མིར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་སྔར་བས་གོང་མཐོར་གཏོང་དགོས་པ། རང་ངོས་འཛུགས་སྐྱོང་ཐད་སྔར་བས་ཤུགས་སྣོན་རྒྱག་དགོས་པ་སོགས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་ཡོད། གནད་དོན་འདི་དག་ཚང་མ་སླད་ཕྱིན་གྱི་ལས་དོན་ཁྲོད་ལེགས་བཅོས་དང་གོང་མཐོར་ཏན་ཏིག་གཏོང་དགོས་ཀྱི་ཡོད།

    2023ལོའི་ལས་ཀའི་གྲོས་སྒོ།

    འཐུས་མི་རྣམ་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག་ཏང་གི་ལྟེ་བའི་ལས་འགན་གཏན་འཁེལ་ཁ་གསལ་བྱས་ཏེ། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་ཕྱོགས་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པར་བརྟེན། ང་ཚོར་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྔར་བས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱུང་བ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བསམ་གཞི་གསར་པ་དང་། བསམ་བློ་གསར་པ། བླང་བྱ་གསར་པ། ལས་འགན་གསར་པ་གང་མང་ཅིག་བཏོན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པའི་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པ་བཅས་ཀྱི་མདུན་སྐྱོད་དུང་བརྡ་བསྒྲགས་ཡོད། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་བཞིན་འགན་དབང་སྒྲུབ་པའི་ལོ་དང་པོ་དེའང་ཡིན། ང་ཚོས་གཤམ་གསལ་ཕྱོགས་ཁག་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་གྲོས་སྒོ་འདོན་རྒྱུ་ཡིན།

    (གཅིག)རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ལ་ཤུགས་རྒྱག་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོངས་ཡོངས་ནས་སློབ་སྦྱོང་དང་། ཕྱོངས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱ་རྒྱུ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ། བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ། དེ་བཞིན་ཏང་ཀྲུང་དབྱང་གི་གལ་ཆེའི་ཐབས་ཇུས་ཀྱི་རྗེས་སུ་དམ་པོར་འབྲངས་ཐོག རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། གཅིག་གྱུར་འཆར་འགོད་དང་། ཆེད་དོན་བཀོད་སྒྲིག མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི། དེ་བཞིན་རང་ངོས་འཛུགས་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་། གལ་ཆེའི་དོན་གནད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཡོན་དེ་སྔར་ལས་ལྷག་པའི་སྒོ་ནས་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ནུས་ཕྱོད་དུ་དངོས་སུ་ཏན་ཏིག་བསྒྱུར་རྒྱུ་བཅས་ཡིན།

    (གཉིས)རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བར་ཤུགས་རྒྱག་དགོས། ཁྲིམས་བཟོའི་ལས་དོན་ཁྲོད་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཟོའི་འཆར་འགོད་དང་ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི་ཞིབ་འཇུག་དང་བཟོ་སྒྲིག་བྱ་རྒྱུ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དུས་ཐོག་ཏུ་བཟོ་འབེབས་དང་། ཚོང་གཉེར་ཁོར་ཡུག་གི་སྲོལ་ཡིག་ལེགས་སུ་གཏོང་རྒྱུ། མཐའ་མཚམས་དོ་དམ་སྲོལ་ཡིག་ལ་དག་བཅོས་མུ་མཐུད་བྱ་རྒྱུ། དེ་བཞིན་རྩ་ཁྲིམས་དང་བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་བསྟར་བྱ་རྒྱུར་འགན་སྲུང་བྱེད་པའི་གལ་ཆེའི་འགན་འཁྲི་ཏན་ཏིག་ཁུར་ཏེ། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་རྒྱུ་དང་། ཁྲིམས་སྒྱུར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་དམངས་ཡོངས་ཀྱིས་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་རྒྱུ་མཐའ་འཁྱོངས་ཀྱིས“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་དོན་ཞིབ་བཤེར་སྤེལ་ནས་གསར་གཏོད་ཀྱི་བྱ་ཐབས་དང་། ཕུན་སུམ་ཚོགས་པའི་གཞི་རྟེན་གྱི་ཐོག་ནས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་བཅས་ཡིན།

    (གསུམ)རྒྱུན་འཁྱོངས་ལྷོད་མེད་ཀྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ནུས་ཤུགས་གཅིག་ཏུ་སྒྲིལ་བར་ཤུགས་རྒྱག་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཕྱོགས་ཡོངས་ནས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་ནས་དུས་ཐོག་ཏུ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་ས་གནས་ཀྱི་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དེ་དམིགས་ཡུལ་དུ་མཐའ་འཁྱོངས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་ལམ་ལུགས་འདོན་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམངས་འཚོ་དང་། སྐྱེ་ཁམས། ཚན་རྩལ་སོགས་ཀྱི་ཁྲིམས་བཟོའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ། “འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིའི”ཁྲིམས་ལུགས་ཁྲིམས་སྲོལ་དང་ཞིབ་ཕྲའི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དེ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ། དེ་བཞིན་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་སོགས་ལ་དམིགས་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་སྤེལ་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”པའི་འཆར་འགོད་ཀྱི་དུས་དཀྱིལ་ཚོད་སྐོར་བྱ་རྒྱུ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་གི་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་བྱ་རྒྱུ་དང་སྲོལ་ཡིག་ལག་བསྟར་བྱས་པའི་ལོ་འཁོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱ་རྒྱུ། ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་དྲང་གཞག་ཡོང་བ་བྱ་རྒྱུ་བཅས་ཡིན།

    (བཞི)རྒྱུན་འཁྱོངས་ལྷོད་མེད་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དོན་གཉེར་ལ་ཤུགས་རྒྱག་དགོས། མི་དམངས་ཀྱིས་གོ་རིམ་ལྡན་པའི་ངང་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཟོ་དང་། ལྟ་སྐུལ་སོགས་ཀྱི་ནང་ཐེ་ཞུགས་བྱེད་པའི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་གཏོང་རྒྱུ་དང་། འཐུས་མིའི་གྲོས་གཞི་དང་གྲོས་སྒོ་གཉེར་སྒྲུབ་བྱེད་པའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུ། འཐུས་མིས་གཅིག་སྡུད་ཐོག་ལྟ་ཞིབ་དང་། ཆེད་དོན་ལྟ་ཞིབ། འདེམས་དམངས་ལ་སྣེ་ལེན་བྱེད་པ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུཌ་ཡག་པོ་བྱེད་པར་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་ཚང”དང་གྲོང་ཚོའི(གྲོང་ལྷན)འཐུས་མིའི་བྱེད་སྒོ་སྤེལ་སའི་འབྲེལ་གཏུག་ཁང(ས་ཚིགས)གི་ནུས་པ་འདོན་སྤེལ་ཏན་ཏིག་བྱ་རྒྱུ། འཐུས་མི་ཚོགས་ཆུང་གི་བྱེད་སྒོའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་གསར་བསྐོས་འཐུས་མིར་སློབ་སྦྱོང་དང་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན།

    (ལྔ)རྒྱུན་འཁྱོངས་ལྷོད་མེད་ཀྱིས“ལས་ཁུངས་བཞིའི”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་རྒྱུན་ལས་ཨུ་ལྷན་དང་། ཨུ་ཡོན་ལྷན་ཁང་ཁག དེ་བཞིན་ལས་ཁུངས་བཅས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། རང་རྟོགས་ངང“ངེས་པར་དུ་བརྒྱད”དང་། “ཕྱོགས་བརྒྱད་ནས་དོན་འཁྱོལ་ལ་དམ་འཛིན” “མིག་དཔེ་དྲུག”བཅས་ཚད་དུ་བཟུང་སྟེ་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ནས་ལས་སྒོར་མཛུབ་སྟོན་བྱེད་པར་བརྩོན་ལེན་ཧུར་ཐག་བྱ་རྒྱུ་དང་། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་ཚོགས་དབར་གྱི་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་སྤུས་ཕན་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་སྐྱོང་གོང་དུ་བཀུར་བ། དམངས་གཙོ་དར་སྤེལ་གཏོང་བ། རང་འགན་འབད་སྒྲུབ་བྱེད་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་རྒྱུ་བཅས་ཡིན།

    འཐུས་མི་རྣམ་པ།

    དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག འགན་འཁྲི་གསར་པ་དང་ལས་འགན་གསར་པ་ཕྲག་ཏུ་ལེན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡིད་ཆེས་བརྟན་གཏོང་དང་། མཐུན་སྒྲིལ་འབད་འཐབ། ངར་སེམས་ཆེར་སྐྱེད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་རྒྱུར་འབད་འཐབ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།