དབུ་ཤོག>སྲིད་དོན།
  • 2022ལོའི་ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མིང་འདོགས་པའི་ཡོངས་བསྒྲགས་མཛད་སྒོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-13

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་10ཉིན། 2022ལོའི་ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མིང་འདོགས་པའི་ཡོངས་བསྒྲགས་མཛད་སྒོ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཡོངས་བསྒྲགས་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཕུའུ་ཁོན་ཚོགས་འདུར་ཕེབས་པ་རེད།

    “རྒྱལ་ཁབ་ཆེན་པོའི་མཆོག་ནོར”འབིབས་འཕྲུལ་ཁ་ལོ་བ་མུའུ་ཡུང་ཆི་དང་། རྟ་སྒྲོ་བཟོ་སྐྲུན་ལག་རྩལ་གྱི་རྒྱུན་འཛིན་པ་བསོད་ནམས་ཆོས་འཕེལ། ཡར་ཀླུང་གཙང་པོར“གས་སྲུབ་མེད་པའི་རགས་ཆེན”སྐྲུན་མཁན་ཆུ་གློག་གི་གདོང་ལེན་པ་ཧུའུ་ཀྲུང་ཁོ། ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་འཐབ་ཕྱོགས་དང་པོར་རབ་ཏུ་བཞད་ཅིང་རྒྱ་སེ་མེ་ཏོག་ཅེས་སུ་གྲགས་པའི་ཀྲང་ཧུའེ་ཧྥང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ལུགས་གསོ་རིག་གི་ལུས་ཁམས་བདེ་སྲུང་ལུས་རྩལ་གསར་གཏོད་པ་བསོད་དབང་། གཙང་པོ་དང་ཆུ་བོར་ཟམ་པ་བརྒྱབ་ནས་མཁའ་ལམ་སྐྲུན་མཁན་གྱི་ཟམ་པའི་རིགས་གཅིག་མཁས་ཅན་ཁྲེན་ཁེ་ཅན་བཅས་མི་དྲུག་ལ་2022ལོའི་ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མཚན་སྙན་ཐོབ་པ་རེད།

    ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས། “བོད་ཀྱི་བཟོ་བོའི”གཟི་བརྗིད་མཚན་སྙན་ཐོབ་པའི་བློ་མཐུན་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། འཐབ་ཕྱོགས་ཁག་ཏུ་དཀའ་སྤྱད་ལས་བརྩོན་གནང་མཁན་རྒྱ་ཆེའི་ངལ་རྩོལ་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ། དུས་ཡུན་རིང་པོའི་ནང་བོད་ཀྱི་བཟོ་པའི་ལས་འགུལ་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཀྲོང་ཡན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པའི་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཟོ་ཚོགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བླང་བྱ་ཁ་གསལ་ཐེངས་མང་བཏོན་གནང་བ་རེད། གཟེངས་བསྟོད་ཐོབ་པའི“བོད་ཀྱི་བཟོ་བོ”ཚོས་མཚན་སྙན་ལ་གཅེས་སྤྲས་ལྡབ་བརྒྱ་དང་ཡང་འབད་བསྐྱར་འབད་བྱས་ནས་རང་མདངས་རྒྱུན་འཁྱོངས་དང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ལ། རྒྱ་ཆེའི་ངལ་རྩོལ་པས་ཁོང་ཚོ་མིག་དཔེར་བཟུང་སྟེ་སྔོན་ཐོན་དང་རྩེ་གྲ་བརྩོན་ལེན་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།