བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2023ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།
བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས།
གཅིག 2022ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།
2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད། ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་འོག ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་བཀོད་སྒྲིག་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པས་ཞིབ་བཤེར་ཆོག་མཆན་སྤྲད་པའི་སྔོན་རྩིས་དོན་འཁྱོལ་ནན་པོ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་དགའ་བསུ་ཞབས་ཞུ་དང་དྲིལ་བསྒྲགས་ལག་བསྟར་བྱེད་རྒྱུ་གཙོ་རྐང་དུ་བཟུང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ“ནད་ཡམས་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། གོང་འཕེལ་བདེ་འཇགས་ལྡན་པ”བཅས་ཡོང་བའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་།“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ནུས་ཤུགས་གཅིག་སྒྲིལ་བྱས་ཐོག དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དང་། གནས་སྐབས་རང་བཞིན་གྱི་བྱ་ཐབས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་དཔལ་འབྱོར་སྤྱི་ཡོངས་བརྟན་ཚུགས་ལེགས་འཕེལ་ཕྱོགས་སུ་སྐུལ་འདེད་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྲ་ཞིང་བརྟན་ལ་ནུས་ལྡན་གྱི་འདེགས་སྐྱོར་ཐུབ་པ་དང་། སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྤྱི་ཡོངས་ནས་བརྟན་པོ་དང་སྒྲིག་ལྡན་བྱུང་ཡོད།
(གཅིག)2022ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།
1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་3580.8ཡིན་ཞིང་། 20.1%འཕར་བ་དང་སྔོན་རྩིས་ཀྱི་125.4%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་179.6ཡིན་ཞིང་། 16.7%ཆག་པ་དང་། ཚབ་འཕྲི་ཁྲལ་སློག་སྒོར་དུང་ཕྱུར་37.4ལ་བསམ་གཞིགས་བྱས་པས་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་217ཡིན་པ་དེ་འདྲ་མཚུངས་དང་བསྡུར་ན་2.9%ཆག་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2403.1ཡིན་པ་དེ་11.8%འཕར་ཡོད། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་95དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་547.5 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བེད་སྤྱད་པ་སྒོར་དུང་ཕྱུར་343.8 མ་དངུལ་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་11.8བཅས་ཡིན། ལྗོངས་ཡོངས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་3291ཡིན་ཞིང་། 35.2 %འཕར་ཡོད་པ་དང་སྔོན་རྩིས་ཀྱི་115.3%ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2593.8ཡིན་ཞིང་28%འཕར་བ་དང་། སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་44.3དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་649.9 གོང་འབུལ་གཏོང་སྒོ་སྒོར་དུང་ཕྱུར་3བཅས་ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་289.8ཡིན།
རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་2875.7ཡིན་ཞིང་8%འཕར་བ་དང་སྔོན་རྩིས་ཀྱི་134.6%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་36.7ཡིན་ཞིང་27.9%འཕར་བ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2403.1 སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་95 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་209.4 གོང་འབུལ་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་10.4 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་ནས་བེད་སྤྱོད་བྱས་པ་སྒོར་དུང་ཕྱུར་120 མ་དངུལ་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་1.1བཅས་ཡིན། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2835.9ཡིན་ཞིང་། 15.6%འཕར་བ་དང་སྔོན་རྩིས་ཀྱི་132.7%ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་849.3ཡིན་ཞིང་25%འཕར་བ་དང་། ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྤྲད་པ་སྒོར་དུང་ཕྱུར་1706.7ཡིན་ཞིང་10.1%འཕར་བ། སྤྱིར་བཏང་བུ་ལོན་སྐྱི་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་81 སྤྱིར་བཏང་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་14 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་181.9 གོང་འབུལ་གཏོང་སྒོ་སྒོར་དུང་ཕྱུར་3བཅས་ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་39.8ཡིན།
2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་120.6ཡིན་ཞིང་2.1%ཆག་ཡོད་པ་དང་སྔོན་རྩིས་ཀྱི་115.3%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་34.8ཡིན་ཞིང་25%ཆག་ཡོད་པ་དང་། གཙོ་བོ་ནི་ས་ཆ་ནང་བཤུག་བཏང་བའི་ཡོང་འབབ་ཉུང་དུ་ཤུགས་ཆེ་ཙམ་སོང་བས་ཡིན་པ། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་9.8ཡིན་ཞིང་12.6%འཕར་ཡོད་པ། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་30.7 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་45.3བཅས་ཡིན། ལྗོངས་ཡོངས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་68.8ཡིན་ཞིང་11.7%ཆག་ཡོད་པ་དང་སྔོན་རྩིས་ཀྱི་65.8%ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་61ཡིན་པ་དེ་15%ཆག་ཡོད་པ་དང་། ཆེད་དམིགས་བུ་ལོན་གྱི་ངོ་འཇལ་གཏོང་སྒོ་སྒོར་དུང་ཕྱུར་6.5 སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་1.3བཅས་ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་51.8ཡིན།
རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་43.9ཡིན་ཞིང་38.6%ཆག་ཡོད་པ་དང་སྔོན་རྩིས་ཀྱི་288.8%ཡིན། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.2ཡིན་ཞིང་35.3%ཆག་ཡོད་པ་དང་། གཙོ་བོ་ནི་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་དང་འགྲེམས་སྤེལ་གྲོན་དངུལ་གྱི་ཡོང་འབབ་ཉུང་དུ་ཤུགས་ཆེ་ཙམ་སོང་བས་ཡིན་པ། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་9.8དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་30.7 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.2བཅས་ཡིན། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་43.6ཡིན་ཞིང་38%ཆག་ཡོད་པ་དང་སྔོན་རྩིས་ཀྱི་286.8%ཡིན། དེའི་ནང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་5.1ཡིན་པ་དེ་18.6%འཕར་ཡོད་པ་དང་། ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྤྲད་པ་སྒོར་དུང་ཕྱུར་7.5ཡིན་པ་དེ་7.1%འཕར་ཡོད་པ། ཆེད་དམིགས་བུ་ལོན་སྐྱི་སྒྱུར་སྒོར་དུང་ཕྱུར་30.7 སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་0.3བཅས་ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་0.3ཡིན།
3.གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་9.9ཡིན་ཞིང་13.2%ཆག་ཡོད་པ་དང་སྔོན་རྩིས་ཀྱི་135.6%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་གོང་འཇལ་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་7.6ཡིན་ཞིང་16.3%ཆག་ཡོད་པ་དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་2.3ཡིན། ལྗོངས་ཡོངས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་6.4ཡིན་ཞིང་43.8%ཆག་ཡོད་པ་དང་སྔོན་རྩིས་ཀྱི་88%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་ཐོ་འཇུག་བྱས་པ་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་4.6ཡིན་ཞིང་28%ཆག་ཡོད་པ་དང་། སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་1.8ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་3.5ཡིན།
རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་3.6ཡིན་ཞིང་42%ཆག་ཡོད་པ་དང་སྔོན་རྩིས་ཀྱི་102.9%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་གོང་འཇལ་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་2.6ཡིན་ཞིང་35%ཆག་ཡོད་པ་དང་། ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1ཡིན། རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2.2ཡིན་ཞིང་56.9%ཆག་ཡོད་པ་དང་སྔོན་རྩིས་ཀྱི་62.8%ཡིན། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་ཐོ་འཇུག་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་1.5ཡིན་ཞིང་61%ཆག་ཡོད་པ་དང་། སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་0.7ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ཕྱི་ལོར་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.4ཡིན།
4.སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་259.2ཡིན་ཞིང་10.7%ཆག་ཡོད་པ་དང་སྔོན་རྩིས་ཀྱི་101.1%ཡིན། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་207.1དང་། ནོར་སྲིད་ཀྱི་ཁ་གསབ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་52.1ཡིན། ལྗོངས་ཡོངས་ཀྱི་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་214ཡིན་ཞིང་2%འཕར་ཡོད་པ་དང་སྔོན་རྩིས་ཀྱི་99%ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས་ལོ་དེ་གའི་འཕྲོས་ལྷག་སྒོར་དུང་ཕྱུར་45.2དང་། ལོ་མཇུག་གི་རིམ་གསོག་འཕྲོས་ལྷག་སྒོར་དུང་ཕྱུར་535.2ཡིན།
གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དེར་ནོར་སྲིད་པུའུ་ནས་ངེས་རྩིས་ཀྱི་མཆན་བཀོད་བཀའ་ལན་གནང་རྗེས་འགྱུར་ལྡོག་ཕྲན་བུ་ཡོང་སྲིད་པས་སྐབས་ཐོག་ཏུ་ཁྲིམས་བཞིན་མི་དམངས་འཐུས་ཚོགས་ལ་འབྲེལ་ཡོད་དོན་གནད་སྙན་སེང་ཞུ་རྒྱུ་ཡིན།
(གཉིས)ས་གནས་སྲིད་གཞུང་གི་བུན་ལོར་འགྲེམས་གཏོང་དང་བེད་སྤྱོད་བྱས་ཚུལ།
ས་གནས་སྲིད་གཞུང་གི་སྤྱིར་བཏང་བུན་ལོར་སྒོར་དུང་ཕྱུར་95.02(གསར་བསྣན་བུན་ལོར་སྒོར་དུང་ཕྱུར་51དང་མ་དངུལ་བསྡུ་རྒྱུག་བསྐྱར་མའི་བུན་ལོར་སྒོར་དུང་ཕྱུར་44.02)དང་། ཆེད་དམིགས་བུན་ལོར་སྒོར་དུང་ཕྱུར་30.66(གསར་བསྣན་བུན་ལོར་སྒོར་དུང་ཕྱུར་24.64དང་མ་དངུལ་བསྡུ་རྒྱུག་བསྐྱར་མའི་བུན་ལོར་སྒོར་དུང་ཕྱུར་6.02)འགྲེམས་སྤེལ་བྱས་ཤིང་། གྲོང་སྲིད་དང་། ཆུ་བེད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། 2022ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར་645.3(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར་447.3དང་ཆེད་དམིགས་ཀྱི་བུ་ལོན་སྒོར་དུང་ཕྱུར་198)ཡིན་པ་དང་། ལྷག་འཕྲོ་སྒོར་དུང་ཕྱུར་560.7(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར་391.36དང་ཆེད་དམིགས་བུ་ལོན་སྒོར་དུང་ཕྱུར་169.34)ཡིན་པས་རང་ལྗོངས་ཀྱི་བུ་ལོན་ཉེན་ཁ་རྒྱུན་མཐུད་ནས་ལྗང་མདོག་རིམ་པར་གཏན་འཁེལ་བྱས་ཡོད་པ་དང་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཀྱི་ཡོད།
(གསུམ)མི་དམངས་འཐུས་ཚོགས་ཀྱི་གྲོས་ཆོད་དོན་འཁྱོལ་བྱས་ཚུལ་དང་ནོར་སྲིད་ཀྱི་གཙོ་གནད་ལས་དོན་སྤེལ་ཚུལ།
2022ལོར། ནོར་སྲིད་སྡེ་ཚན་གྱིས“དོན་ཆེན་བཞི”ལ་དམིགས་ནས་དེ་བས་གནད་འཕིགས་དང་རྒྱུན་མཐུད་ཡོང་བར་སྣང་ཆེན་གྱིས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ནུས་འབྲས་ཆེ་རུ་བཏང་བ་དང་། ནོར་སྲིད་ཀྱི་འགན་སྒྲུབ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད།
1.“འཛུགས་གཏོད་བཞི”ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ“མདུན་གྲལ་དུ་སླེབས་པ་བཞིའི”ཐད་གོམ་སྟབས་གསར་པ་སྤོ་རྒྱུར་རོགས་འདེགས་བྱས་པ།
བརྟན་ལྷིང་འགན་སྲུང་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་མཐའ་འཁྱོངས་ཀྱིས་ནོར་སྲིད་གཏོང་སྒོ་འགན་སྲུང་བྱེད་པའི་ལམ་སྲོལ་འཐུས་ཚང་བཙུགས་ནས་ཚད་གཞི་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་ཆེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག་དང་འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་མི་རིགས་མཐུན་སྒྲིལ“ཕྱོགས་དགུ་ལ་སྤེལ་རྒྱུར”སྐུལ་སྤེལ་ཏན་ཏིག་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་14.8དོན་འཁྱོལ་བྱས་ཏེ་མཉམ་འགོག་མཉམ་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་བཟོས་ཡོད།
གོང་འཕེལ་འགན་སྲུང་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། སྡེབ་སྒྲིག་རྣམ་པའི་ཁྲལ་རིན་རྒྱབ་སྐྱོར་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཡོད། རྨང་གཞིའི་འཛུགས་སྐྲུན་དང་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་གྱི་མ་དངུལ་སྒོར་དུང་ཕྱུར་517དོན་འཁྱོལ་བྱས་ཏེ་ཞིང་ལས་གྲོང་གསེབ་དང་། ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ལྕགས་ལམ་དང་། རིམ་མཐོའི་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་གནམ་ཐང་བཅས་ཀྱིས་རྐང་འཛིན་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དཀྱུས་མས་གཙོ་རྐང་བྱས་པའི་ཕྱོགས་བསྡུས་ཕྱོགས་ཡོངས་ཀྱི་འགྲིམ་འགྲུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དང་། “ལེགས་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ” ཁྲོན་བོད་ལྕགས་ལམ་གྱི་བོད་ལྗོངས་དུམ་བུའི་ལེ་ལག་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འགན་སྲུང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་6.4དོན་འཁྱོལ་བྱས་ནས“3+1”གནམ་ཐང་འཛུགས་སྐྲུན་ལ་སྐུལ་སྤེལ་ཧུར་ཐག་བཏང་ཡོད། རང་སྐྱོང་ལྗོངས་ནས་བཏོན་པའི“དོན་ཚན་38”དང“དོན་ཚན་29”སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ཞིབ་ཚགས་བྱས་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངུལ་སྒོར་དུང་ཕྱུར་116.7ཆག་ཡང་རྩ་ཆག་དང་ཕྱིར་སློག་ཁ་གསབ་བྱས་ཡོད། ཁྱད་ལྡན་ཐོན་ལས་བརྟན་པོའི་ངང་གོང་འཕེལ་འགྲོ་བ་དང་། ས་མཐོའི་ནུས་མང་གཡོས་སྦྱོར་ཐབ་ཆས་ཀྱི་རྣམ་གྲངས་ཐོན་གཉེར་བྱེད་པ། “གྲངས་འཛིན་བོད་ལྗོངས”འཛུགས་སྐྱོང་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་11.5དོན་འཁྱོལ་བྱས་ཏེ་གསོ་རླུང་མཁོ་འདོན་དང་དྲོད་གཏོང་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་123.1གཅིག་གྱུར་འཆར་འགོད་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་72.9དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་23.2དོན་འཁྱོལ་བྱས་ནས་ཆུ་བེད་ལ་བརྟེན་ནས་གོང་འཕེལ་གཏོང་རྒྱུ་དང་། ཆུ་བེད་ལ་བརྟེན་ནས་གུད་སྐྱོབ་བྱེད་རྒྱུ། ཆུ་མཛོད་ཆེ་འབྲིང་གི་གནས་སྤོས་ཡུལ་མིར་རྗེས་མཐུད་ཀྱི་གཞོགས་སྐྱོར་བྱེད་རྒྱུ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་18.5དོན་འཁྱོལ་བྱས་ནས་གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་སོགས་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལས་གཉེར་བྱེད་ནུས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། གྲབས་གསོག་འབྲུ་རིགས་ཁོངས་སུ་ནས་གྲབས་གསོག་ཇེ་མང་དུ་གཏོང་རྒྱུ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད།
སྐྱེ་ཁམས་འགན་སྲུང་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། “རི་གཉིས”ཀྱི་འདུ་ཤེས་བཅངས་ནས་ལག་བསྟར་ནན་ཏན་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་འགན་དང་འཚམ་པའི་གཏོང་ཆ་འགན་སྲུང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། འཛམ་གླིང་ཡང་རྩེའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་ཡག་པོ་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་53.1དོན་འཁྱོལ་བྱས་ཏེ་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་སླར་གསོ་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་དང་ཐཱན་ཉུང་གཏོང་དང་། ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ས་རྒྱུའི་ཁོར་ཡུག་ཉེན་ཟོན་གྱི་ལྟ་སྡོམ་དང་ཕྱོགས་བསྡུས་འགོག་བཅོས་སོགས་བྱེད་པའི་ཐད་རྒྱབ་སྐྱོར་དང་། ནགས་ལས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བཅོས་སྐྱོང་། དེ་བཞིན་ས་གཤིས་གནོད་འཚེ་འགོག་བཅོས་བཅས་ལ་རྒྱབ་སྐྱོར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བཅས་བྱས་ནས་ནམ་མཁའ་སྔོ་ལ་ཆུ་བོ་དྭངས་ཤིང་ས་གཞི་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་བརྒྱབ་ཡོད། རྒྱལ་ཁབ་ས་ཆ་སྔོ་སྒྱུར་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། “གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་གྱི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་གཏོང་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་དང་སླར་གསོའི་ལས་གྲྭར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་17.9དོན་འཁྱོལ་བྱས་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་སྒྱུར་ལས་གྲྭར་རྒྱབ་སྐྱོར་བྱས་ཡོད། ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་བྱེད་རྒྱུ་ཚང་མ་ལེགས་འགྲུབ་བྱུང་ཡོད། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་40.1དོན་འཁྱོལ་བྱས་ཏེ་གཙོ་གནད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐོག་བཏང་ཡོད། ནགས་ཚལ་དང་། རྩྭ་ཐང་། གཤེར་ས་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་སྐྱོང་གསབ་ལམ་སྲོལ་འཐུས་ཚང་བཟོས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གནས་ཁག་ཁྲི་44.7ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་15.7དོན་འཁྱོལ་བྱས་པས་ས་གཞི་ཆེ་མོ་སྔོ་སྒྱུར་འཕེལ་རྒྱས་བྱུང་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
མཐའ་མཚམས་སྟོབས་ཆེར་གཏོང་རྒྱུ་འགན་སྲུང་བྱས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལས་འགུལ་སྤེལ་བའི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གཏོང་རྒྱུ་གལ་ཆེ་མཉམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་ཀྱི་གྲོང་ཁྱེར་དང་རྫོང་ལ་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ཡོད། མཐའ་མཚམས་ས་ཁུལ་དུ་མ་དངུལ་སྒྱུར་སྤྲོད་བྱེད་པའི་སྲིད་ཇུས་འཐུས་ཚང་བཟོས་ནས་མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་རྒྱུ་དང་། མཐའ་མཚམས་དམངས་འཚོ་ལེགས་བཅོས་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ཡོད།
2.ནུས་ཤུགས་གང་ཡོད་ཀྱིས་འཁོས་དཔག་ལས་སྒྲུབ་བྱེད་རྒྱུ་མཐའ་འཁྱོངས་བྱས་པས་དམངས་འཚོའི་བྱ་གཞག་ཁག་ལ་ཕན་འབྲས་གསར་པ་ཐོན་པ།
མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་རིགས་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་སྲིད་ཇུས་ཁག་13གྱི་ཚད་གཞི་མཐོར་འདེགས་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ། ནོར་སྲིད་ཀྱི་གཏོང་སྒོ་80%ཡན་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་བཏང་ཡོད་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཡག་ཏུ་སོང་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་ལེན་ཐུབ་ཡོད། ལས་ཞུགས་གཙོར་བཟུང་གི་སྲིད་ཇུས་དོན་འཁྱོལ་བྱས་པ། མ་དངུལ་སྒོར་དུང་ཕྱུར་29.3དོན་འཁྱོལ་གྱིས་རྣམ་གྲངས་ལ་བརྟེན་ནས་ལས་ཞུགས་བསྡུ་འགུགས་དང་། ཐོན་ལས་ལ་བརྟེན་ནས་ལས་ཞུགས་སྐུལ་ཁྲིད། རྟེན་གཞིར་བརྟེན་ནས་ལས་ཞུགས་བརྟན་པོ། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་དང་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་འབྲོག་མང་ཚོགས་རྒྱུན་མཐུད་ངང་ལས་ཞུགས་འབབ་འཕར་ཡོང་བར་རོགས་འདེགས་བྱས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་དང་། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ལས་ཞུགས་ཐུབ་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་བརྟན་པོ་ཡོང་བ་དང་རྒྱ་སྐྱེད་ཐུབ་པ་བྱས་ཡོད། མི་དམངས་ཀྱི་བློ་ལ་བབས་པའི་སློབ་གསོ་ཡག་པོ་གཉེར་བ། མ་དངུལ་སྒོར་དུང་ཕྱུར་334.2དོན་འཁྱོལ་གྱིས་ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་ཚད་གཞི་སྒོར་5440ལ་སྤར་བ། འགན་བབས་སློབ་གསོའི་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་དང་། སློབ་སྔོན་སློབ་གསོ་དང་། དམིགས་བསལ་སློབ་གསོ། རྒྱུན་མཐུད་སློབ་གསོ། བོད་ལྗོངས་འཛིན་གྲྭ་བཅས་ཡག་པོ་གཉེར་བ། མཐོ་རིམ་སློབ་གསོ་དང་ལས་རིགས་སློབ་གསོ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་བ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ལམ་གཏིང་ཟབ་ཏུ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་36.2དོན་འཁྱོལ་བྱས་ནས་སློབ་གྲྭར་དྲོད་གཏོང་ཡོངས་སུ་ཁེབས་རྒྱུར་རྒྱབ་སྐྱོར་བྱས་ཡོད། རིག་ལུས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ། མ་དངུལ་སྒོར་དུང་ཕྱུར་13.7དོན་འཁྱོལ་བྱས་ནས་རྫོང(ཆུས)རིག་རྩལ་ཚོགས་པས་སྤྱི་ཕན་འཁྲབ་སྟོན་བྱེད་པ་དང་། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་འཛུགས་སྐྲུན། “ཁང་གསུམ་ཚུགས་གཅིག”རིན་མེད་སྒོ་མོ་དབྱེ་བ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་པས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་སོང་ཡོད། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཡོད། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར་44.9དོན་འཁྱོལ་བྱས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་འགན་སྲུང་ཆུ་ཚད་གོང་མཐོར་གཏོང་རྒྱུ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་གཤམ་སྤེལ་དང་བཀོད་སྒྲིག་དོ་སྙོམས་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་བཅས་ལ་རྒྱབ་སྐྱོར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་645ལ་སྤར་བ་དང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་105བར་སྤར་ཡོད། བུད་མེད་ཀྱི“སྐྲན་གཉིས”ཚགས་བཤེར་དང་། དམིགས་བསལ་མི་ཚོགས་ཀྱི་HPVདང་ཆམ་རིམས་འགོག་ཁབ་རིན་མེད་རང་འདོད་ངང་རྒྱག་རྒྱུ་སོགས་ལ་རྒྱབ་སྐྱོར་བྱས་ཡོད། ནད་ཡམས་འགོག་ཟོན་ཐད་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་པ། མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་དང་། ཉིང་སྐྱུར་བརྟག་དཔྱད། ནད་པ་སྐྱོབ་བཅོས། ནད་ཡམས་འགོག་བཅོས་མི་སྣའི་སྐབས་འཕྲལ་རང་བཞིན་གྱི་ལས་ཀའི་ཁ་གསབ་རོགས་དངུལ། ནད་ཡམས་འགོག་ཟོན་གྱི་དངོས་ཟོག་གྲབས་གསོག་ཉོ་སྒྲུབ། དེ་བཞིན་སྨན་བཅོས་འཕྲོད་བསྟེན་ཚན་པའི་ཆེད་སྤྱོད་སྒྲིག་ཆས་ཉོ་སྒྲུབ་སོགས་ཀྱི་གཏོང་སྒོ་འགན་སྲུང་བྱས་ཡོད། སྤྱི་ཚོགས་ཀྱི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་སོང་བ། མ་དངུལ་སྒོར་དུང་ཕྱུར་7.9དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་ཟླ་རེར་མི་རེར་ཆ་སྙོམས་སྒོར་220ལ་སྤར་བ་དང་། དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཚད་གཞི་དམའ་རུ་གཏོང་རྒྱུའི་སྲིད་ཇུས་རྒྱུན་མཐུད་ལག་བསྟར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་9.8དོན་འཁྱོལ་བྱས་ནས་དམིགས་བསལ་མི་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་11124དང་སྒོར་5160ལ་སྤར་ཡོད། ལོ་ན་མཐོ་བའི་རྒན་རྒོན་ལ་བདེ་ཐང་གི་ཁ་གསབ་དངུལ་སྒོར་200སྤར་ཡོད། སྡོད་ཁང་འགན་སྲུང་གི་ལས་གྲྭར་སྐུལ་སྤེལ་བཏང་བ། མ་དངུལ་སྒོར་དུང་ཕྱུར་7དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཉེན་ཆེའི་ཁང་པ་བཟོ་བཅོས་རྒྱག་རྒྱུ་དང་། ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ཚ་ཁྲི་ཚོད་ལྟ་བྱེད་རྒྱུར་རྒྱབ་སྐྱོར་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྡོད་གནས་ཀྱི་དགོས་མཁོ་འགན་སྲུང་ཐུབ་པ་དང་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་སོང་ཡོད།
3.ནོར་སྲིད་ཀྱི་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་སྟེ་ནོར་སྲིད་དོ་དམ་གྱི་ནུས་པ་སྐས་རིམ་གསར་པར་སླེབས་པ།
“2+1”གི་ནོར་སྲིད་ཕྱོགས་བསྡུས་སྒྱུར་བཅོས་ལག་བསྟར་བྱས་པ། སྔོན་རྩིས་ལས་རྗེས་དོ་དམ་ལམ་ལུགས་ཀྱི་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་དང་། གཞི་གསར་སྔོན་རྩིས་ཀྱི་འདུ་ཤེས་གཏིང་ཟབ་ཏུ་འགྲོ་བ། གཞི་གཅིག་ཅན་གྱི་སྒྱུར་བཅོས་བྱེད་རྒྱུ་ལྗོངས་ཡོངས་སུ་ཁེབས་པ་བཅས་བྱས་ཡོད། “སྔོན་ལ་ལས་ཀ་འཆར་འགོད་དང་རྗེས་སུ་མ་དངུལ་བཀོད་སྒྲིག”བྱེད་པའི་འདུ་ཤེས་བཙུགས་ཏེ་སྔོན་རྩིས་བཀོད་སྒྲིག་དང་། སྔོན་རྩིས་དོན་འཁྱོལ། ལས་རྗེས་དོ་དམ་སོགས་བྱེད་ཚུལ་བཅས་ཟུང་འབྲེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཆེད་དམིགས་མ་དངུལ་གཙང་བཤེར་བྱེད་པར་སྐུལ་སྤེལ་བཏང་སྟེ་དམིགས་ཚད་ལེགས་འགྲུབ་ཟིན་རིགས་དང་། གཏོང་སྒོའི་ཁ་ཕྱོགས་གཅིག་མཚུངས་ཡིན་པ། སྔོན་རྩིས་དོན་འཁྱོལ་བྱེད་འགོར་བ། དེ་བཞིན་ལས་རྗེས་གདེང་འཇོག་དེ་ཙམ་ཡག་པོ་མེད་པ་བཅས་ཀྱི་རྣམ་གྲངས་དུས་ཐོག་ཏུ་མེད་པ་བཟོ་བ་དང་། ལེགས་སྒྲིག སྒྲིལ་བཅོས་བཅས་བྱས་ཡོད། ནོར་སྲིད་སྒྲིག་གཞི་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་བཏང་བ། དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་བ་འབྱེད་པའི་སྒྱུར་བཅོས་ལ་སྐུལ་སྤེལ་བཏང་བ་དང་། མཐའ་མཚམས་ས་ཁུལ་དང་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་དོ་དམ་བྱ་ཐབས་དག་བཅོས་བྱས་ནས་འཐུས་སྒོ་ཚང་དུ་བཏང་ཐོག མ་དངུལ་སྒྱུར་སྤྲོད་ཀྱི་མ་ལག་ཚགས་ཚུད་དུ་བཏང་སྟེ་འབྱོར་སྟོབས་གཤམ་སྤྲོད་བྱེད་གང་ཐུབ་བྱས་པས་གཞི་རིམ་ནོར་སྲིད་དོ་སྙོམས་ངང་འཁོར་རྒྱུག་བྱེད་རྒྱུ་འགན་ལེན་ཐུབ་ཡོད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཡོང་འབབ་བགོ་འགྲེམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། སྔོན་རྩིས་དོན་འཁྱོལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ། སྡེ་ཚན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་སྔོན་རྩིས་དོན་འཁྱོལ་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་དོན་འཁྱོལ་བྱེད་འགོར་བའི་རིགས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་ཡོད། ནོར་སྲིད་མ་དངུལ་གཤམ་སྤྲོད་བྱེད་པའི་ལས་རིམ་ཚད་ལྡན་བཟོས་ནས་ཁ་ཕྱོགས་གསལ་པོ་མེད་པ་དང་རྣམ་གྲངས་ཞིབ་ཕྲ་མེད་རིགས་ཀྱི་མ་དངུལ་གོ་རིམ་གཞིར་བཟུང་སྙན་སེང་བཀའ་འཁྲོལ་ཞུས་ཡོད། ནོར་སྲིད་མ་དངུལ་འགྱུར་ལྡན་ཕྱིར་བསྡུའི་ལམ་སྲོལ་བཙུགས་ནས་དོན་འཁྱོལ་བྱེད་འགོར་བ་དང་མ་དངུལ་བེད་མེད་དུ་འཇོག་པ་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།
སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“གཞུང་གསུམ”གྲོན་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱེད་རྒྱུ་དང་། སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། ས་གནས་སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། བུ་ལོན་བཅད་གྲངས་ཀྱི་དོ་དམ་ནན་དུ་བཏང་བ་དང་། སྲིད་གཞུང་གི་བུ་ལོན་རྣམ་གྲངས་དང་མ་དངུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་བུན་ཉེན་ལ་ཆེད་དམིགས་བཅོས་སྒྲིག་ཧུར་ཐག་བྱས་ཡོད། བུན་ལོར་དོན་འཁྱོལ་བྱེད་རིམ་མགྱོགས་སུ་གཏོང་རྒྱུར་ལྟ་སྐུལ་བྱས་ནས་ཆེད་དམིགས་བུན་ལོར་མ་དངུལ་དོན་འཁྱོལ་བྱེད་ཕྱོགས་ཐད་ལ་བརྡ་ཁྱབ་སྔོན་བརྡ་གཏོང་བ་དང་། རྒྱུན་གཏན་གྱི་བཀོད་གཏོང་དང་ཕྱིར་བསྡུ་ལེགས་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་པ། བུན་ལོར་མ་དངུལ་དོན་འཁྱོལ་བྱེད་འགོར་བའི་ས་གནས་དང་གྲོང་ཁྱེར་ལ་སྐོང་འདྲི་བཅས་བྱས་པས་ཆེད་དམིགས་བུན་ལོར་མ་དངུལ་གྱི་བེད་སྤྱོད་ཕན་འབྲས་ཆེ་རུ་ཏན་ཏིག་སོང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ས་གནས་སྲིད་གཞུང་གི་མངོན་མེད་བུན་ཉེན་སྔོན་འགོག་དང་ཉེན་སེལ་བྱེད་པའི་ལས་དོན་གྱི་གཙོ་རྐང་འགན་འཁྲི་ཆེ་རུ་བཏང་ནས་མངོན་མེད་བུ་ལོན་འཕར་གསོག་ཐེབས་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་། གསོག་འབོར་བརྟན་པོའི་ངང་སེལ་བས་བུ་ལོན་གྱི་ཉེན་ཁ་ལུགས་མཐུན་གྱི་བར་མཚམས་ནང་ཚོད་འཛིན་ཐུབ་ཡོད། ནོར་སྲིད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་པ། གཞུང་ཁོངས་རྒྱུ་ནོར་སྙན་ཞུའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་གཞུང་དོན་སྤྱི་འཁོར་དོ་དམ་བྱ་ཐབས་བཟོས་པ་སོགས་ལས་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱེད་སྟངས་ཟམ་མི་ཆད་པར་ལེགས་སུ་སོང་ཡོད། གཞུང་ཁོངས་དངུལ་རྩའི་མ་རྩ་དོ་དམ་ལམ་ལུགས་འཐུས་ཚང་བཟོས་ནས་རང་སྐྱོང་ལྗོངས་གཞུང་ཁོངས་དངུལ་རྩའི་མ་རྩ་གཅིག་སྡུད་གཅིག་གྱུར་གྱིས་དོ་དམ་བྱེད་པར་སྐུལ་འདེད་བཏང་ཡོད། རང་རྟོགས་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱས་པ། སྔོན་རྩིས་ལ་ཞིབ་བཤེར་དང་ལྟ་སྐུལ་བྱེད་པའི་མི་དམངས་འཐུས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་སྔོན་རྩིས་སྐོར་གྱི་གྲོས་ཆོད་དོན་འཁྱོལ་བྱས་ཐོག མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འཆར་ཧུར་ཐག་ཉན་ནས་ཁྲིམས་ལྟར་སྔོན་རྩིས་ལེགས་སྒྲིག་བྱས་པ་མ་ཟད། སྐོར་ཞིབ་དང་རྩིས་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་རྒྱུར་སྐུལ་སྤེལ་བཏང་ཡོད།
སྤྱིའི་ཆ་ནས་བལྟས་ན། 2022ལོའི་ནོར་སྲིད་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་ཐུབ་ཡོད་ཅིང་། གཙོ་གནད་གཏོང་སྒོ་འགན་སྲུང་བྱེད་ཤུགས་ཆེ་བ་དང་། སྒྱུར་བཅོས་དོ་དམ་ཐད་སྤུས་འབྲས་ལེགས་སུ་སོང་ནས་དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་རོགས་འདེགས་བྱུང་ཡོད། ང་ཚོར་གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ཐུག་ས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་ནས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། རྩ་བ་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཀྱིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་ཡིན། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཞིག་ཡིན། ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱིས་ལྟ་སྐུལ་རྒྱབ་སྐྱོར་གནང་བ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱས་པ་བཅས་ཀྱི་འབྲས་བུ་ཞིག་ཡིན།
དུས་མཚུངས་སུ་ད་ལྟའི་ནོར་སྲིད་ལས་དོན་ཐད་ད་དུང་མི་འདེང་བའི་ཆ་འགའ་ཞིག་ཡོད་པ་སྟེ། དེའང་སྡེ་ཚན་དང་། གྲོང་ཁྱེར། རྫོང་ཁག་གཅིག་གི་རྣམ་གྲངས་གྲབས་གསོག་མི་འདེང་བ་དང་དུས་འགོའི་ལས་དོན་ཏན་ཏིག་མེད་པའི་ཐོག“དངུལ་སྤྲད་ཀྱང་བེད་སྤྱོད་གཏོང་མི་ཤེས་པ”དང་། “དངུལ་ཡོད་ཀྱང་བེད་སྤྱོད་ཡག་པོ་མི་གཏོང་བ”“དངུལ་གྱིས་རྣམ་གྲངས་སྒུག་སྡོད་པ” “མ་དངུལ་རྩིས་ཁྲར་ཉལ་སྡོད་པ”སོགས་ཀྱི་གནད་དོན་མངོན་གསལ་དོད་ཙམ་ཡོད་པ་མ་ཟད། སྔོན་རྩིས་དོན་འཁྱོལ་བྱེད་འགོར་བ་དང་མ་དངུལ་བེད་སྤྱོད་པའི་ཕན་འབྲས་ཞན་པ་བཅས་ཡིན། ང་ཚོས་གནད་དོན་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱ་ཐབས་སྤྱད་དེ་ཐག་གཅོད་ནན་ཏན་བྱེད་རྒྱུ་ཡིན།
གཉིས། 2023ལོའི་སྔོན་རྩིས་འཆར་ཟིན།
2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ནོར་སྲིད་སྔོན་རྩིས་བཟོ་འགོད་ཡག་པོ་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད། སྔོན་རྩིས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་དང་། 《2023ལོའི་ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》སོགས་ཀྱི་བླང་བྱ་གཞིར་བཟུང་། གཏན་འཁེལ་བྱས་པའི་གོ་རིམ་ལ་གཞིགས་ནས་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས་2023ལོའི་སྔོན་རྩིས་ཀྱི་འཆར་ཟིན་བཟོས་པ་ཡིན།
(གཅིག) 2023ལོའི་ནོར་སྲིད་གཏོང་ཡོང་གི་གནས་བབ་ལ་དབྱེ་ཞིབ།
ཡོང་འབབ་ནས་བལྟས་ན། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་ནས་སླར་གསོ་ཐུབ་པའི་རེ་བ་ཡོད་པའི་ཐོག ན་ནིང་གི་ཚབ་འཕྲི་ཁྲལ་སློག་གཅིག་སྡུད་ལག་བསྟར་བྱས་རྗེས་རྨང་གྲངས་དམའ་རུ་བཏང་བས་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སླར་གསོའི་རང་བཞིན་གྱི་འཕར་བར་རྨང་གཞི་བཏིང་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་མུ་མཐུད་མ་དངུལ་སྒྱུར་སྤྲོད་མང་དུ་བཏང་ཡོད་པས་ལྗོངས་ཡོངས་ཀྱི་འབྱོར་སྟོབས་མུ་མཐུད་འཕར་རྒྱུ་རེད། གཏོང་སྒོ་ནས་བལྟས་ན། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་སོགས་ཀྱི་གཙོ་གནད་གཏོང་སྒོ་བརྟན་པོའི་ངང་འཕར་བར་བྱེད་དགོས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུར་མུ་མཐུད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་གཞི་རིམ་གྱི“འགན་ལེན་གསུམ”གྱི་ནུས་པ་ཆེ་རུ་གཏོང་དགོས་པ། གཤམ་ལ་མ་དངུལ་སྒྱུར་སྤྲོད་བྱེད་པར་ཡང་དགོས་ངེས་ཀྱི་ཤུགས་ཚད་རྒྱུན་འཁྱོངས་བྱེད་དགོས་པ་བཅས་ཡིན། ཕྱོགས་བསྡུས་དབྱེ་ཞིབ་བྱས་ན། 2023ལོའི་ནོར་སྲིད་ཀྱི་གཏོང་ཡོང་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡོང་རྒྱུ་རེད།
(གཉིས) 2023ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་རྩ་དོན།
2023ལོའི་སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོཌ་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། བརྟན་པོ་གཙོར་བཟུང་དང་། བརྟན་ཐོག་ཡར་འཕེལ། ཡར་འཕེལ་སྲ་བརྟན་བཅས་མཐའ་འཁྱོངས་བྱས་ནས་གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དང་། འཕེལ་རྣམ་གསར་པར་ཞབས་ཞུ་དང་མཉམ་འདྲེས། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “མངོན་པ་གསུམ་དང་ཕན་ཡོད་གཅིག”གི་བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོཌ་གོང་འཕེལ་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་པ། “དོན་ཆེན་བཞིར”དམིགས་སུ་བཀར་ཏེ“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྐྱོན་ཆ་སེལ་བ་དང་། ཞན་ཆ་གསབ་པ། མཐའ་ཚད་བརྟན་གཏོང་། ལེགས་ཆ་སྐྱོང་སྤེལ་བཅས་ལ་ཤུགས་རྒྱག་པ། “བཟུང་བྱ་བརྒྱད”ཀྱི་གྲུབ་ཆ་ལེཌ་སྒྲིག་དང་། བྱེད་ནུས་ཁ་སྒྱུར། སྤུས་ཚད་མཐོར་གཏོང་བཅས་ལ་དམིགས་ཏེ་ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་དེ་བས་ཡག་པོ་དང་། གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དེ་བས་ཡག་པོ་བྱས་ཐོག སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་སྔོན་དཔག་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་ཇེ་མགྱོགས་སུ་གཏོང་བའི་སེམས་ཤུགས་འཕེལ་བར་བྱེད་པ། ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་འབྲས་ཤུགས་ཆེར་གཏོང་བ། ནོར་སྲིད་ཐོན་ཁུངས་གཅིག་གྱུར་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ། དགོས་ངེས་ཀྱི་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་བྱེད་པ། གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་ཤུགས་ཆེན་བྱེད་པ། གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རིགས་ལ་འབྱོར་སྟོབས་ཀྱི་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ནོར་ཁྲལ་ལམ་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ནོར་སྲིད་སྒྱུར་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་སྤུས་ཚད་ངོ་བོའི་མཐོར་འདེགས་དང་འབོར་ཚད་ལུགས་མཐུན་འཕར་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་སྲ་བརྟན་འདིང་དགོས་པ་དེ་ཡིན།
གོང་གསལ་གྱི་མཛུབ་ཁྲིད་བསམ་བློ་གཞིར་བཟུང་། སྔོན་རྩིས་བཟོ་འགོད་བྱེད་པར་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ། གཅིག་ནི་ཆབ་སྲིད་ལ་བརྟེན་ནས་ནོར་སྲིད་ལ་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། ཏང་གིས་ནོར་སྲིད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་ཐོག དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ“གཏན་འཁེལ་གཉིས”སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་རྒྱུ་དེ་སྔོན་རྩིས་བཀོད་སྒྲིག་འཆར་འགོད་དང་། ནོར་སྲིད་སྲིད་ཇུས་བཟོ་འགོད། ནོར་ཁྲལ་སྒྱུར་བཅོས་ལ་སྐུལ་སྤེལ་བཅས་ཀྱི་བརྒྱུད་རིམ་ཆ་ཚང་དང་ལྷུ་ཚིགས་ཁག་ལ་མངོན་པ་བྱེད་རྒྱུ། གཉིས་ནི་ཡོང་འབབ་བདེན་པ་བདེན་ཐུབ་ཡོང་བ་བྱེད་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཆུ་ཚད་དང་ཟུང་འབྲེལ་གྱིས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་མངོན་པ་དང་། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་ཐོག དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་ངང་ཡོང་འབབ་ཚོད་རྩིས་རྒྱག་པ་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཡོང་འབབ་དོ་དམ་སྔར་བས་འཐུས་ཚང་ཡོང་བ་བྱེད་རྒྱུ། གསུམ་ནི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱེད་རྒྱུ། ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དེ་འབྱོར་སྟོབས་འགན་སྲུང་བྱེད་པའི་ལས་འགན་ཨང་དང་པོར་བརྩིས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ལྷུ་ཚིགས་ཞན་ས་དང་འགག་རྩའི་ཁྱབ་ཁོངས་སུ་གཏོང་སྒོ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ། འགན་སྲུང་ཡོད་ལ་ཚད་བཀག་ཡོད་པ་མཐའ་འཁྱོངས་བྱས་ཏེ་ཏང་སྲིད་ལས་ཁུངས་ཀྱིས་གཏོང་མཁས་སྤྱོད་མཁས་བྱེད་རྒྱུ། ཆེད་སྤྱོད་མ་དངུལ་གཙང་བཤེར་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་དོན་འཁྱོལ་ཞན་ཙམ་དང་། ལོ་མང་བེད་མེད་དུ་བཞག་པ། གཏོང་སྒོའི་ཁ་ཕྱོགས་གཅིག་མཚུངས་ཡིན་པ་བཅས་ཀྱི་རིགས་སྒྲིལ་སྤྱོད་བྱེད་རྒྱུའམ་ཡང་ན་འཕྲི་འཐེན་བྱེད་རྒྱུ། བཞི་ནི་ནོར་སྲིད་རྒྱུན་མཐུད་ཐུབ་ཤུགས་ཆེ་རུ་གཏོང་རྒྱུ། འབྱོར་སྟོབས་གཞི་རིམ་ལ་འཕར་གཟིགས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ནོར་སྲིད་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ནས“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་འཁྱོངས་དང་། བུ་ལོན་གྱི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱས་ཏེ་གཞི་རིམ་འཁོར་སྐྱོད་བརྟན་པོ་ཐུབ་པ་བྱེད་རྒྱུ། ནོར་སྲིད་ཀྱི་ཐེག་ནུས་ལ་ཚོད་སྐོར་བྱས་ཏེ་ཁས་ལེན་བྱེད་ཤུགས་ཆེ་དྲགས་པ་དང་འགན་སྲུང་ཚད་བརྒལ་རིགས་མི་ཡོང་བ་དང་། ནོར་སྲིད་སྲིད་ཇུས་ཀྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་སྟེ་རྒྱུན་མཐུད་ཐུབ་པར་དེ་བས་དོ་སྣང་བྱེད་རྒྱུ། ལྔ་ནི་སྔོན་རྩིས་ཀྱི་ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། ལས་རྗེས་དོ་དམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ཐོག ཕྱོགས་མཐའ་ཀུན་དང་། བརྒྱུད་རིམ་ཆ་ཚང་བ། ཡོངས་སུ་ཁྱབ་པ་བཅས་ཀྱི་སྔོན་རྩིས་ལས་རྗེས་དོ་དམ་མ་ལག་འཛུགས་མགྱོགས་སུ་བཏང་ནས་ལས་རྗེས་ཀྱི་འདུ་ཤེས་དེ་སྔོན་རྩིས་དོ་དམ་བྱེད་པའི་ནང་ཧུར་ཐག་མངོན་པ་དང་། ལས་རྗེས་དོ་དམ་གྱི་སྐུལ་ལྕག་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རྗེས་གདེང་འཇོག་བྱས་འབྲས་སྤྱོད་རྒྱུར་ཤུགས་རྒྱག་པ་བཅས་བྱེད་རྒྱུ། དྲུག་ནི་ནོར་དཔལ་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་ནུས་ལྡན་བྱེད་རྒྱུ། རིགས་ཁག་གི་ནོར་སྲིད་མ་དངུལ་བེད་སྤྱོད་ཚད་ལྡན་བཏང་སྟེ་སྔོན་རྩིས་དོན་འཁྱོལ་གྱི་བཙན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་རྩིས་དོན་འཁྱོལ་གྱི་ལྟ་སྡོམ་ལམ་སྲོལ་འཐུས་ཚང་བཟོས་ཏེ་སྲིད་དོན་ལས་རྗེས་ལས་གྲྭ་དང་རྟགས་མཚོན་ལས་གྲྭ་གཉེར་རིགས་ནན་འགོག་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་རྩད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་རྒྱུ་དེ་ཡིན།
(གསུམ) 2023ལོའི་སྔོན་རྩིས་གཏོང་ཡོང་གི་བཀོད་སྒྲིག
1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་3007.6ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་5.3%འཕར་ཡོད་པ་དང་། འཕྲོས་སྒྱུར་དང་སྒྱུར་འཇུག་སོགས་ཀྱི་མ་དངུལ་འཐེན་རྗེས་འདྲ་མཚུངས་དང་བསྡུར་ན་ལོ་གོང་མའི་སྔོན་རྩིས་ལས་10%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་188ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་10.5%ཆག་ཡོད་པ་དང་། ལོ་གོང་མའི་དོན་འཁྱོལ་བྱས་གྲངས་དང་བསྡུར་ན་5%འཕར་ཡོད་པ། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1968.1ཡོད་པ་དང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་11.7%འཕར་ཡོད་པ། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་30 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བེད་སྤྱད་པ་སྒོར་དུང་ཕྱུར་528 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་3.7 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་289.8བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་3007.6ཡིན་ཞིང་། གཏོང་ཡོང་དོ་མཉམ་བྱུང་ཡོད།
རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་2192.8ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་3%འཕར་ཡོད་པ་དང་འཕྲོས་སྒྱུར་དང་སྒྱུར་འཇུག་སོགས་ཀྱི་མ་དངུལ་འཐེན་རྗེས་འདྲ་མཚུངས་དང་བསྡུར་ན་ལོ་གོང་མའི་སྔོན་རྩིས་ལས་12.4%འཕར་ཡོད་པ་དང་། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་28ཡིན་ཞིང་ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་5.7%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1968.1དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་30 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་0.5 གོང་འབུལ་འཇལ་སྤྲོད་ཡོང་འབབ་སྒོར་དུང་ཕྱུར་8.4 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་སྤྱད་པ་སྒོར་དུང་ཕྱུར་118 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་39.8བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2192.8ཡིན་ཞིང་། དེའི་ནང་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་937.8 སྔོན་གྲབས་གྲོན་དངུལ་སྒོར་དུང་ཕྱུར་20 གོང་འབུལ་འཇལ་སྤྲོད་གཏོང་སྒོ་སྒོར་དུང་ཕྱུར་3 ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1162.2 སྤྱིར་བཏང་བུན་ལོར་སྐྱི་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་30 ལོ་གོང་མའི་འཕྲོས་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་39.8བཅས་ཡིན་པས་གཏོང་ཡོང་དོ་མཉམ་བྱུང་ཡོད།
2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་99.3ཡིན་ཞིང་། ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་5%ཆག་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་32.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་29.8%ཆག་ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་7དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་8 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་51.8བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་99.3ཡིན་ཞིང་། གཏོང་ཡོང་དོ་མཉམ་བྱུང་ཡོད།
རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར17.8ཡིན་ཞིང་། ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་18%འཕར་ཡོད། དེའི་ནང་ས་གནས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་2.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་4%ཆག་ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་7དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་8 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་0.3བཅས་ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་17.8ཡིན་ཞིང་། དེའི་ནང་རིམ་པ་འདི་གའི་གཏོང་སྒོ་སྒོར་དུང་ཕྱུར་4དང་། ས་གནས་དང་གྲོང་ཁྱེར་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་5.5 ཆེད་དམིགས་བུན་ལོར་སྐྱི་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་8 ལོ་གོང་མའི་འཕྲོས་སྒྱུར་གཏོང་སྒོ་སྒོར་དུང་ཕྱུར་0.3བཅས་ཡིན་པས། གཏོང་ཡོང་དོ་མཉམ་བྱུང་ཡོད།
3.གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།
ལྗོངས་ཡོངས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་7.5ཡིན་ཞིང་ལོ་གོང་མའི་སྔོན་རྩིས་ལས་3.2%འཕར་ཡོད། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་འཇལ་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་4ཡིན་པ་དེ་27.3%ཆག་ཡོད་པ་དང་། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར3.5ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་7.5ཡིན་ཞིང་། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་ཐོ་འཇུག་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་4.8ཡིན་པ་དེ་14.6%ཆག་ཡོད་པ་དང་། སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་2.7ཡིན་པས་གཏོང་ཡོང་དོ་མཉམ་བྱུང་ཡོད།
རང་སྐྱོང་ལྗོངས་རིམ་པ་འདི་གའི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་2.9ཡིན་ཞིང་ལོ་གོང་མའི་སྔོན་རྩིས་དང་བསྡུར་ན་16.8%ཆག་ཡོད། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱིས་འཇལ་སྤྲོད་བྱས་པའི་ཡོང་འབབ་སྒོར་དུང་ཕྱུར་1.5ཡིན་པ་དེ་38.9%ཆག་པ་དང་། ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་1.4ཡིན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2.9ཡིན་ཞིང་། དེའི་ནང་གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་ཐོ་འཇུག་སོགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2.4ཡིན་པ་དེ་10.8%ཆག་ཡོད་པ་དང་། སྒྱུར་འཐེན་མ་དངུལ་སྒོར་དུང་ཕྱུར་0.5ཡོད་པས། གཏོང་ཡོང་དོ་མཉམ་བྱུང་ཡོད།
4.སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩའི་སྔོན་རྩིས།
ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་279.5ཡིན། དེའི་ནང་འགན་བཅོལ་ཞུ་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་226.8དང་། ནོར་སྲིད་ཀྱི་ཁ་གསབ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་52.7ཡིན། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་236.1ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། སྔོན་དཔག་བྱས་ན་ལོ་དེར་འཕྲོས་ལྷག་སྒོར་དུང་ཕྱུར་43.4དང་། ལོ་མཇུག་ཏུ་རིམ་གསོག་འཕྲོས་ལྷག་སྒོར་དུང་ཕྱུར་578.6ཟིན་རྒྱུ་རེད།
གསལ་བཤད་བྱེད་དགོས་པའི་དོན་གནད། གཅིག་ནི་ནོར་སྲིད་པུས་སྔ་སྣུར་དུ་2023ལོའི་གསར་སྣོན་བུ་ལོན་གྱི་བཅད་གྲངས་སྒོར་དུང་ཕྱུར་38(སྤྱིར་བཏང་བུ་ལོན་སྒོར་དུང་ཕྱུར་30དང་ཆེད་དམིགས་བུ་ལོན་སྒོར་དུང་ཕྱུར་8)གཤམ་སྤྲོད་བྱས་ཡོད་པས་ཁག་སོ་སོར་2023ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་ནང་བཅུག་ཟིན་པ་དང་། མིག་སྔར་བུན་ལོར་གྱི་སྔོན་གྲབས་ལས་དོན་སྤེལ་མུས་ཡིན་པས་བུན་ལོར་གྱི་མ་དངུལ་བེད་སྤྱོད་བྱེད་རྒྱུའི་ཇུས་གཞི་དེ་ལག་བསྟར་བྱེད་པའི་ཁྲོད་མི་དམངས་འཐུས་ཚོགས་ལ་སྙན་སེང་ཞུ་རྒྱུ་ཡིན། གཉིས་ནི་སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། སྔོན་རྩིས་ཀྱི་ལོ་འཁོར་འགོ་ཚུགས་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་མ་སྤྲད་གོང་། གཏོང་སྤྲོད་བྱེད་དགོས་ངེས་ཀྱི་མི་དང་གཞི་རྩའི་ལས་གཉེར་སོགས་ཀྱི་གཏོང་སྒོ་དང་ས་གནས་གྲོང་ཁྱེར་ལ་སྒྱུར་སྤྲོད་བྱེད་རིགས་སྔ་སྣུར་དུ་བཀོད་སྒྲིག་བྱེད་རྒྱུ་ཡིན།
(བཞི) 2023ལོའི་ནོར་སྲིད་སྔོན་རྩིས་ཀྱི་བཀོད་སྒྲིག་གཙོ་གནད།
རང་སྐྱོང་ལྗོངས་ཀྱི་སྤྱིའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གཤམ་གསལ་ཁྱབ་ཁོངས་ཀྱི་ལས་དོན་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ་སྟེ།
1.རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་བརྒྱབ་སྟེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་རྒྱུ།
དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་བྱེད་རྒྱུ། ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་བྱེད་རྒྱུ་དང་། སྲིད་ཁྲིམས་མ་ལག་གི་གྱོད་ཞིབ་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ། ནག་སེལ་གཤེད་བཅོམ་དང་། མི་དམངས་འདུམ་འགྲིག ཁྲིམས་འཛིན་རོགས་སྐྱོབ། བཅའ་ཁྲིམས་རོགས་སྐྱོར། དུག་རྫས་གཏན་འགོག་སོགས་ཀྱི་གཙོ་གནད་ལས་དོན་ཁག་བདེ་བླག་ངང་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་29.5བཀོད་སྒྲིག་བྱས་ཏེ། ཕྱོགས་ཡོངས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་འགོག་ཟོན་མ་ལག་ཁྱབ་སྤེལ་གཏིང་ཟབ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགལ་ཟླ་དང་རྩོད་རྙོག་ལེབ་བཤེར་འདུམ་སེལ་ནུས་ལྡན་བྱེད་པ། གྲོང་ཚོ་གྲོང་ལྷན་དང་སྡེ་ཁུལ་བརྟན་ལྷིང་ཞི་འཇགས་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ལས་གཞི་སོགས“ལས་གཞི་ཆེན་པོ་བཞི”དང་། སེམས་པ་གཅིག་ཏུ་བསྒྲིལ་ནས་མཛེས་སྡུག་ལྡན་པའི་མཐའ་མཚམས་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་སོགས“བྱ་སྤྱོད་དྲུག”ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་བྱེད་སྒོར་རྒྱབ་སྐྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག་དང་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔེ་བཟང་ཁུལ་འཛུགས་གཏོད“ཕྱོགས་དགུ་ལ་སྤེལ་བར”སྐུལ་སྤེལ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་བེད་སྤྱོད་ཁྱབ་གདལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་རྒྱབ་སྐྱོར་བྱེད་རྒྱུ།
ཆོས་ལུགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་རྒྱུ། དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་ཆ་ཚང་པོ་བཟོ་བ་དང་། ཁྲིམས་བཞིན་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། དགོན་སྡེར་སྤྱི་པའི་ཞབས་ཞུ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ། དགོན་སྡེ་དང་གྲྭ་བཙུན་གཉིས་ལ་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ། ཉམས་ཞན་དང་། རྒན་རྒོན། ནད་པ། དབང་སྐྱོན་བཅས་ཀྱི་གྲྭ་བཙུན་གྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ། ཆོས་ལུགས་ལས་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ།
2.ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་སྟེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་རྒྱུ།
རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་ལེགས་བཅོས་བྱེད་རྒྱུ་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་394བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དང་། གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུ་འཛུགས་སྐྲུན་བྱེད་རྒྱུ།ཡུན་བོད་ལྕགས་ལམ་སྤོ་མེས་ནས་ར་འོག་དུམ་བུའི་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་བཅས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་8.3བཀོད་སྒྲིག་བྱས་ཏེ་ལྷ་སའི་གོང་དཀར་གནམ་ཐང་གི་ཕྱི་ངོས་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན་དང་T1T2གནམ་ཐང་འབབ་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། མཁའ་ལམ་གྱི་ཁ་གསབ་དང་སྤ་སེའི་རིན་གོང་ལ་ཁ་གསབ་སྤྲོད་པའི་གཟིགས་སྐྱོང་སྲིད་ཇུས་སོགས་མུ་མཐུད་ལག་བསྟར་བྱས་ནས་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ས་གནས་ཀྱི་སྔོན་རྩིས་ནང་གཞི་རྩའི་འཛུགས་སྐྲུན་ཐད་མ་འཇོག་སྒོར་དུང་ཕྱུར་11བཀོད་སྒྲིག་བྱས་ཏེ་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ།
གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་མ་དངུལ་གྱི་གཞི་རྒྱ་སྤྱིའི་ཆ་ནས་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ་དང་། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་འགྲོ་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཞིང་འབྲོག་ལས་ཀྱི་སྤུས་འབྲས་མཐོར་འདེགས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་རྒྱབ་སྐྱོར་བྱེད་རྒྱུ། གྲོང་གསེབ་དར་རྒྱས་ཡོང་བར་འབྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་97.1བཀོད་སྒྲིག་བྱས་ནས་དབུལ་གྲོལ་འགག་སྒྲོལ་གྱི་འབྲས་བུ་རྒྱུན་མཐུད་སྲ་བརྟན་དུ་གཏོང་རྒྱུ་དང་། འདེབས་འཛུགས་གསོ་སྤེལ་དང་ཁྱད་ལྡན་ཐོན་ལས་གླིང་སོགས་ཞིང་འབྲོག་ལས་ཀྱི་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་རྒྱུ། མི་ཕྱུགས་ལོགས་དབྱེ་དང་ས་ཁད་མཐོ་བའི་ཞིང་འབྲོག་ཁུལ་གྱི་ཚ་ཐབ་དང་དྲོད་འདོན་སོགས་ཀྱི་ལས་གྲྭར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་36.2བཀོད་སྒྲིག་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་། ཕྱུགས་རིགས་རྒྱུད་བཟང་གི་ཁ་གསབ། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གནོད་འགོག་གེགས་སེལ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་སོགས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཆུ་བོ་འབྲིང་ཆུང་གི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་དང་། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་ལས་གྲྭ་ཉམས་བཟོ་དང་བདག་སྐྱོང་། ཆུ་མཛོད་ཆུང་གྲས་འཛུགས་སྐྲུན། ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་འཛུགས་སྐྲུན་དང་ཆུ་བསྲིའི་བསྒྱུར་བཀོད་སོགས་ལ་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་36བཀོད་སྒྲིག་བྱས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་སོགས་སྤྲོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་5.5བཀོད་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སྤྱི་ཕན་བྱ་གཞག་སོགས་ལ་རྒྱབ་སྐྱོར་བྱེད་རྒྱུ། གྲོང་ཚོའི་ལས་བྱེད་པའི་གླ་ཆའི་ཐོབ་ཐང་མཐོ་རུ་གཏོང་རྒྱུ།
ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱོང་སྤེལ་དང་སྟོབས་ཆེར་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་26.7བཀོད་སྒྲིག་བྱས་ནས“ཐོན་ལས་ཆེན་པོ་བདུན”ལ་དམ་པོར་དམིགས་ཏེ་སྲིད་ཇུས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གོང་འཕེལ་གཏོང་བའི་ལེགས་ཆར་སྒྱུར་བ་དང་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ཀུན་སྤྱོད་མཁའ་འགྲུལ་དང་། དྭངས་གཙང་ནུས་རྒྱུ། གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཐོན་ལས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། ས་མཐོའི་སྐྱེ་དངོས་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ་ནས་ཀྱི་ཐོན་འཕར་དང་འབྲི་གཡག་བཤས་གཏོང་བའི་བྱ་སྤྱོད་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ། རྒྱལ་ཁབ་ཀྱི་ཁྲོན་བོད་ལག་རྩལ་གསར་གཏོད་ལྟེ་གནས་དང་བོད་ཀྱི་དྭངས་གཙང་ནུས་རྒྱུ་གསར་གཏོད་གོང་འཕེལ་ལྟེ་གནས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ས་མཐོའི་ས་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། འབྱུང་འཕྲོད་བཟོ་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ་མི་རིགས་ཀྱི་ལག་ཤེས་བཟོ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་སྤུས་འབོར་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་གཏོང་རྒྱུ། རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་སྟེ“དགུན་དུས་བོད་ཀྱི་ཡུལ་སྐོར”ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ས་མཐོར་གསོ་རླུང་སྤྱོད་པའི་བདེ་ཐང་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།
དཔལ་འབྱོར་བརྟན་གནས་སྲིད་ཇུས་ལག་བསྟར་རྒྱུན་མཐུད་ནས་བྱེད་རྒྱུ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ“དོན་ཚན་38”དང་“དོན་ཚན་29”རྒྱུན་མཐུད་ལག་བསྟར་བྱེད་རྒྱུ་དང་། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གནས་ཐང་འཕར་ཁྲལ་གྱི་ཚབ་འཕྲི་ཁྲལ་སློག་བྱེད་པ་དང་། ཁྲོམ་རའི་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱི་ཁུར་པོ་ཡང་གཏོང་དང་དཀའ་ངལ་སེལ་རོགས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། འཛད་སྤྱོད་བྱེད་རྒྱ་ཆེར་གཏོང་གི་ཆེད་དམིགས་བྱ་སྤྱོད་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ། དངུལ་རྩའི་སྐུལ་སློང་མ་དངུལ་བཀོད་སྒྲིག་བྱས་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དངུལ་བུན་དང་། ལས་གཏོད་ཁག་ཐེག་དངུལ་བུན། ཞིང་འབྲེལ་དངུལ་བུན་སོགས་ལ་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་གཏོང་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ།
ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་30བཏང་ནས་ཁེ་ལས་ལ་ལས་ཞུགས་དང་། གཞི་རིམ་ལ་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་གཏོད། བབ་བསྟུན་ལས་ཞུགས་སོགས“སྣ་མང་གཞི་གཅིག་ཅན”གྱི་ལས་ཞུགས་རྣམ་པ་གསར་པར་རྒྱབ་སྐྱོར་བྱེད་རྒྱུ། སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོར་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་སློབ་ཆེན་ཐོན་པའི་སློབ་མའི་མི་ཚོགས་ལས་ཞུགས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། ཞིང་འབྲོག་པར་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུར་རྒྱབ་སྐྱོར་དང་། “གོང་འོག་སྦྲེལ་མཐུད་དང་། ཕྱི་ནང་ཟུང་འབྲེལ། ཕན་ཚུན་མཉམ་སྦྲེལ་མཉམ་འགུལ”བཅས་ཀྱི་སྒྲིག་འཛུགས་ཅན་གྱི་ངལ་ནུས་ཕྱིར་གཏོང་ལམ་སྲོལ་ལ་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་ཀྱི་གཞི་ཆེན་བརྟན་པོ་ཡོང་བ་བྱེད་རྒྱུ། དཀའ་ངལ་ཡོད་པའི་མང་ཚོགས་ལས་ཞུགས་བྱེད་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་མཁན་དང་། དབང་པོ་སྐྱོན་ཅན། དམག་ཞབས་ཐིམ་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ལས་ཞུགས་ཐུབ་པར་དམ་འཛིན་ཡག་པོ་བྱེད་རྒྱུ།
མི་དམངས་ཀྱི་བློ་ལ་བབས་པའི་སློབ་གསོ་ཡག་པོ་གཉེར་རྒྱུ། ནོར་སྲིད་ཀྱི་སློབ་གསོའི་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་སློབ་གསོའི་གཏོང་སྒོའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སློབ་གསོའི་བྱ་གཞག་གྲོན་དངུལ་སྒོར་དུང་ཕྱུར་282.7བཀོད་སྒྲིག་བྱེད་རྒྱུ། འགན་བབས་སློབ་གསོ་སྤུས་ལེགས་དོ་མཉམ་ངང་གོང་འཕེལ་འགྲོ་བ་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་ཏུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་དང་། སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ཕན་གོང་འཕེལ་འགྲོ་ཤུགས་ཆེ་རུ་གཏོང་རྒྱུ། ལས་རིགས་སློབ་གསོ་དང་། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་མཐུན་སྦྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཡུལ་གཞན་དུ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་རྒྱུ། སློབ་སྦྱོང་དུས་མཚམས་ཡོངས་ཀྱི་སློབ་མར་ཁེབས་པའི་མ་དངུལ་གྱི་རོགས་སྐྱོར་མ་ལག་འཐུས་ཚང་བཟོ་རྒྱུ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་རྒྱུ། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་90སྤར་རྒྱུ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་གསེབ་ཀྱི་དགེ་རྒན་གྱི་རྒྱབ་སྐྱོར་འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ལམ་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།
འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་55.5བཀོད་སྒྲིག་བྱས་ནས་བདེ་ཐང་བོད་ལྗོངས་འགན་སྲུང་གི་ལས་གཞི་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ། དུས་མཚམས་གསར་པའི་ནད་ཡམས་འགོག་ཟོན་གྱི་བྱེད་ཐབས་སྣ་ཚོགས་ལ་རྒྱབ་སྐྱོར་བྱས་ནས་ཚབས་ཆེན་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་འཛུགས་སྐྱོང་བྱེད་པར་ཤུགས་རྒྱག་རྒྱུ། “སྨན་གསུམ”མཉམ་འགུལ་གཏིང་ཟབ་བྱེད་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱི་ཤོང་ཚད་ཆེར་གཏོང་དང་གཤམ་སྒྱུར་བྱེད་པ། ཁུལ་ཁོངས་དོ་མཉམ་ཀྱིས་ཁྱབ་བཀོད་བྱེད་པར་སྐུལ་འདེད་གཏོང་བ། གཞི་རིམ་འཕྲོད་བསྟེན་བདེ་ཐང་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཐད་རྒྱབ་སྐྱོར་བྱེད་རྒྱུ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་བཟོས་ཏེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་110ལ་སྤར་རྒྱུ། གཞི་རྩའི་སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་བཟོ་བ་དང་དམིགས་བསལ་ཚབས་ཆེའི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ཀྱི་སྲིད་ཇུས་འཐུས་ཚང་བཟོས་ཏེ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་675ལ་སྤར་རྒྱུ། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་གོང་འཕེལ་གཏོང་བ་དང་། བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། རྫོང་དང་ཆུད་ཀྱི་གཞུང་བཙུགས་སྨན་ཁང་གི་དྲོད་གཏོང་ལས་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་སྨན་ཁང་འཛུགས་སྐྲུན་བྱས་ནས་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།
སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་བཟོ་རྒྱུ། དམངས་ཡོངས་ལ་ཁེབས་པ་དང་། གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད། འདྲ་མཉམ་གཅིག་གྱུར། བདེ་འཇགས་ཚད་ལྡན། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཚགས་ཚུད་བཟོ་བ་དང་། འགན་སྲུང་བྱེད་དགོས་རིགས་ཆ་ཚང་འགན་སྲུང་མཐའ་འཁྱོངས་ཀྱིས་རིགས་འདྲ་མིན་གྱི་སྤྱི་ཚོགས་འགན་སྲུང་གི་ཐོབ་ཐང་བརྟན་པོའི་ངང་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་230ལ་སྤར་རྒྱུ། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་དངུལ་སྒོར་500མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་11364དང་སྒོར་5340ལ་སྤར་རྒྱུ།
སྡོད་ཁང་འགན་སྲུང་ལས་གྲྭར་སྐུལ་འདེད་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་19.1བཀོད་སྒྲིག་བྱས་ཏེ་གྲོང་ཁུལ་རྙིང་པ་དང་། ཁུལ་ཆུང་རྙིང་གོག སྡོད་ཁང་སྐྱོ་ཁུལ་བཅས་བསྒྱུར་བཀོད་བྱེད་རྒྱུར་རྒྱབ་སྐྱོར་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིར་རྒྱབ་སྐྱོར་བྱས་ནས་མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་4.5བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་རྫོང་གི་དྲོད་གཏོང་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། མ་དངུལ་སྒོར་དུང་ཕྱུར་12བཀོད་སྒྲིག་བྱས་ཏེ་ཁྲེན་ཏུའི་བོད་ཀྱི་ལས་བྱེད་རྒན་གྲས་ལུས་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། བོད་སྐྱོར་ལས་བྱེད་པའི་སྤྱི་ཤག་གི་སྒྲིག་ཆས་ཚང་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།
མང་ཚོགས་ཀྱི་རིག་ལུས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་17བཀོད་སྒྲིག་བྱས་ནས་རིག་གནས་སྟོབས་ཆེའི་ལྗོངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་བྱེད་པ། རིག་གནས་དང་ཡུལ་སྐོར་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། རིག་རྩལ་སྤུས་དག་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་དང་། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ། བོད་ལྗོངས་མཛེས་རྩལ་ཁང་དང་། བོད་ལྗོངས་གསར་བརྗེའི་དྲན་གསོ་ཁང་། རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་བཅས་ལས་གཉེར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། མང་ཚོགས་ཀྱི་ལུས་རྩལ་གོང་འཕེལ་གཏོང་བ་དང་ལུས་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྣ་ཚོགས་བདེ་བླག་ངང་སྤེལ་ཐུབ་པའི་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ།
3.རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་བཟང་འཁྱོངས་ཐུབ་པའི་འགན་ལེན་བྱེད་རྒྱུ།
མ་དངུལ་སྒོར་དུང་ཕྱུར་165བཀོད་སྒྲིག་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ལས་གྲྭར་རྒྱབ་སྐྱོར་བྱེད་རྒྱུ། རྒྱལ་ཁབ་ས་ཆ་སྔོ་སྒྱུར་གྱི་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་སྤེལ་བཏང་སྟེ“གཙང་གཉིས་ཆུ་བཞི”རྒྱུག་ཁུལ་དང་ལྷ་སའི་ལྷོ་རི་བྱང་རིའི་ནགས་བཟོ་སྔོ་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། གཙང་གསུམ་ཆུ་འགོའི་གདང་ལའི་བྱང་རྒྱུད་གླིང་ཁུལ་སོགས་རྒྱལ་ཁབ་སྤྱི་གླིང་གཙོ་རྐང་དུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་སྔོ་ཆུ་དྭངས་ས་གཙང་སྲུང་སྐྱོབ་བྱེད་པའི་དམག་འཐབ་མུ་མཐུད་ཡག་པོ་རྒྱག་པར་རྒྱབ་སྐྱོར་བྱེད་རྒྱུ། སྐྱེ་ཁམས་སྐྱོང་གསབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་གཞི་རིམ་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་རྒྱུ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་དང་སྐྱེ་ཁམས་ལས་ཞུགས་ལས་གནས་ཀྱི་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ། ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོས་བྱས་རྗེས་ཀྱི་རྒྱུན་མཐུད་གོང་འཕེལ་གཏོང་བར་རྒྱབ་སྐྱོར་དང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་རིམ་ལྡན་སྐུལ་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ།
4.རྒྱལ་ཁབ་གྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཤུགས་བརྒྱབ་ནས་མཐའ་སྲུང་མཐའ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་རྒྱུ།
མཐའ་མཚམས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་འཐུས་ཚང་བཟོས་ནས་མ་དངུལ་མཐའ་མཚམས་སུ་གཏོང་བ་དང་སྲིད་ཇུས་མཐའ་མཚམས་སུ་འཕར་གཟིགས་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་ས་ཆ་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། མཐའ་མིའི་ཁ་གསབ་རོགས་དངུལ་འགྱུར་ལྡན་ལེགས་སྒྲིག་བྱེད་ལམ་ཚགས་ཚུད་དུ་གཏོང་རྒྱུ། མཚོ་རྩིས་རྨིད་3500ཡན་གྱི་མཐའ་མཚམས་རྫོང་གྲོང་དང་། ཤང་དང་གྲོང་རྡལ་བཅས་སུ་གསོ་རླུང་མཁོ་འདོན་བྱེད་རྒྱུ།
གསུམ། 2023ལོའི་ནོར་སྲིད་སྒྱུར་བཅོས་དང་དོ་དམ་གྱི་ལས་ཀར་སྐུལ་སྤེལ་གཏོང་རྒྱུ།
(གཅིག) སྔོན་རྩིས་དོ་དམ་ལམ་ལུགས་ལེགས་སྒྱུར་བྱེད་རྒྱུ།
ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་སྔོན་རྩིས་དོ་དམ་གྱི་འཐུས་ཚང་རང་བཞིན་ཆེ་རུ་གཏོང་རྒྱུ། སྲིད་གཞུང་གི་ཡོང་འབབ་སྔོན་རྩིས་དོ་དམ་ཚད་ལྡན་བཟོས་ནས་ནོར་སྲིད་ཡོང་འབབ་ཀྱི་གཞི་ཁྱོན་དང་འཕར་ཚད་དེ་དཔྱད་ཞིབ་དཔྱད་བསྡུར་བྱེད་ཁོངས་སུ་འཇུག་རིགས་གཏན་འགོག་བྱེད་རྒྱུ། སྡེ་ཚན་དང་ཚན་པའི་ཡོང་འབབ་གཅིག་གྱུར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་ནང་མ་ཚུད་པའི་ཡོང་འབབ་དེ་གཏོང་སྒོར་བཀོད་སྒྲིག་མི་བྱེད་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱས་ནས་འཐབ་ཇུས་ཀྱི་ལས་འགན་གལ་ཆེ་རིགས་དང་གོང་འཕེལ་གྱི་འཆར་འགོད་སོགས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་འབྱོར་སྟོབས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཏོང་སྒོའི་སྔོན་རྩིས་ཀྱི་གཞི་ཁྱོན་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། མ་དངུལ་གྱི་གཏོང་སྒོའི་བྱ་དགའ་ཆད་གཅོད་ཀྱི་སྐུལ་ལྕག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནོར་སྲིད་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་གྱི་དུས་འཁོར་འགྱུར་བར་ཁ་གཏད་གཅོག་པའི་སྲིད་ཇུས་ཀྱི་བར་སྟོང་སྔོན་འཇོག་བྱེད་རྒྱུ། ལོ་འཁོར་སྔོན་མའི་ཁུངས་འདེད་ཀྱི་གཏོང་སྒོ་འཕར་སྣོན་གྱི་སྲིད་ཇུས་འདོན་རིགས་གཏན་འགོག་བྱེད་རྒྱུ་དང་གཏོང་སྒོ་འཕར་སྣོན་གྱི་སྲིད་ཇུས་གསར་པ་དེ་རྩ་དོན་ཐོག་ལོ་འཁོར་རྗེས་མའི་སྔོན་རྩིས་བརྒྱུད་ནས་གཏོང་སྒོ་བཀོད་སྒྲིག་བྱེད་རྒྱུ། སྔོན་རྩིས་སྙོམས་སྒྲིག་བྱེད་སྟངས་ཚད་ལྡན་བཟོ་རྒྱུ། ནོར་སྲིད་ཀྱི་གསོག་ཐེབས་མ་དངུལ་ཕན་སྒྱུར་བྱེད་རྒྱུ་དང་ལྷག་འཕྲོས་མ་དངུལ་བསྡུ་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།
(གཉིས) རང་སྐྱོང་ལྗོངས་མན་གྱི་ནོར་སྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།
རང་སྐྱོང་ལྗོངས་མན་གྱི་རིམ་ཁག་ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲིའི་དབྱེ་བ་ལུགས་མཐུན་འབྱེད་རྒྱུ། རང་སྐྱོང་ལྗོངས་མན་གྱི་སྲིད་གཞུང་དབར་གྱི་ཡོང་འབབ་ཀྱི་འབྲེལ་འཛིང་བསང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་སྙོམས་སྒྲིག་བྱེད་ནུས་འོས་འཚམ་ཆེ་རུ་གཏོང་རྒྱུ། སྒྱུར་སྤྲོད་ཀྱི་གྲུབ་ཆ་ལེགས་སྒྱུར་ཐོག་འབྱོར་སྟོབས་གཤམ་གཏོང་བྱེད་པར་སྔར་བས་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་ནས་རྫོང་གི་ནོར་སྲིད་ལ་ཐད་ཀར་དོ་དམ་བྱེད་པའི་ཚོད་ལྟའི་སྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། “ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པའི”ལམ་སྲོལ་བཙུགས་ཏེ་སྲིད་ཇུས་ཀྱིས་ཁྲིད་སྟོན་བྱེད་ཤུགས་དང“བཀོད་འདོམས་དབྱུག་པའི”ནུས་པ་ཆེ་རུ་གཏོང་རྒྱུ།
(གསུམ) “2+1”གི་ནོར་སྲིད་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།
ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། དོ་དམ་གྱི་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་བརྒྱབ་ནས་ལས་རྗེས་དམིགས་ཚད་ལ་ཞིབ་དཔྱད་ནན་པོ་བྱས་ཏེ་དམིགས་ཚད་ཀྱི་དངོས་ཡོད་རང་བཞིན་དང་ལུགས་མཐུན་རང་བཞིན་ཆེ་རུ་གཏོང་རྒྱུ་དང་། ལས་རྗེས་འཁོར་སྐྱོད་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཡོ་བསྲང་དང་གྱོང་གུན་མི་ཕོག་པ་བྱེད་རྒྱུ། བྱ་བ་མ་རྩོམ་གོང་ནས་ལས་རྗེས་ལ་ཚོད་སྐོར་སྔར་བས་བདེན་པ་བདེན་ཐུབ་བྱས་ཏེ་ཚོད་སྐོར་བྱས་འབྲས་དེ་སྔོན་རྩིས་རེ་ཞུའི་དགོས་ངེས་ཀྱི་ཆ་རྐྱེན་དུ་བརྩི་རྒྱུ། ལས་རྗེས་ཀྱི་སྐུལ་ལྕག་དང་གཅུན་སྡོམ་དམ་ནན་བཟོས་ཐོག ལས་རྗེས་ཚོད་སྐོར་བྱས་འབྲས་ཀྱི་ལན་སྤྲོད་ལམ་ལུགས་དང་གནད་དོན་བཅོས་སྒྲིག་གི་འགན་འཁྲིའི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། གཞི་གསར་སྔོན་རྩིས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ། སྔོན་རྩིས་རྣམ་གྲངས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཐོ་མཛོད་ཆ་ཚང་བདེན་ཐུབ་བཟོས་ཐོག རྣམ་གྲངས་ཐོ་མཛོད་ནང་འཇུག་རྒྱུའི་རྣམ་གྲངས་ཚང་མ་ངེས་པར་དུ་གཏན་འབེབས་ལྟར་རིགས་པས་ཁུངས་སྐྱེལ་དང་དཔྱད་ཞིབ་སོགས་ཀྱི་དགོས་ངེས་ལས་རིམ་བརྒྱུད་དགོས། གལ་ཆེ་ཆུང་དང་ཛ་དྲག་ལོས། ལས་རྗེས་དམིགས་ཚད། རྣམ་གྲངས་ཀྱི་ཆ་རྐྱེན་འཛོམས་ཚད་སོགས་གཞིར་བཟུང་ནས་རྣམ་གྲངས་ཀྱི་གོ་རིམ་བསྒྲིགས་ཏེ་འབྱོར་སྟོབས་ཀྱི་ཁྱབ་ཁོངས་སུ་གོ་རིམ་ལྟར་སྔོན་རྩིས་བཀོད་སྒྲིག་བྱེད་རྒྱུ། སྔོན་རྩིས་དོ་དམ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། གཞི་གཅིག་ཅན་གྱི་ལས་སྒོའི་ཚད་གཞི་བཀོལ་སྤྱོད་བྱས་ཏེ་རིམ་ཁག་གཞི་གཅིག་ཅན་གྱི་སྔོན་རྩིས་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ། མ་ལག་སྒྲིལ་སྤྱོད་གང་མགྱོགས་བྱས་ཏེ་གཞི་གཅིག་ཅན་འདུས་གྲུབ་ཐུབ་ཚད་ཆེ་རུ་གཏོང་རྒྱུ། སྔོན་རྩིས་དམིགས་ཚད་ཀྱི་ཞིབ་རྩིས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྔོན་རྩིས་དམིགས་ཚད་ཀྱི་དོ་དམ་ལས་རིམ་ཧྲིལ་པོར“དྲང་ཕྱོགས་ནས་སྟངས་འཛིན་ཐུབ་པ་དང་ལྡོག་ཕྱོགས་ནས་ཁུངས་བཤེར་ཐུབ་པ”བྱེད་རྒྱུ།
(བཞི) ནོར་སྲིད་ཀྱི་ཉེན་ཁ་འགོག་ཟོན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ།
ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱེད་རྒྱུ་དེ་གལ་ཆེའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྩིས་ནས་ཉེན་ཁའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་བ་དང་ནོར་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ། སྲིད་གཞུང་གི་བུ་ལོན་ཉེན་ཁ་ནན་འགོག་བྱས་ཏེ་མངོན་མེད་བུ་ལོན་འཕར་ཚད་མཐའ་གཅིག་ཏུ་བཀག་འགོག་དང་མངོན་མེད་བུ་ལོན་གསོག་ཐེབས་ཐག་གཅོད་འདུམ་སེལ་གང་ལེགས་བྱེད་རྒྱུ། རྒྱུན་རྣམ་ཅན་གྱི་ལྟ་སྡོམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མངོན་མེད་བུ་ལོན་གྱི་རྣམ་གྲངས་གསར་སྣོན་དང་ལས་སྒོ་གསར་སྤེལ་གཏན་ནས་བྱེད་མི་ཆོག རྣམ་གྲངས་ཀྱི་ཞིབ་དཔྱད་འགག་གནད་ནན་པོ་བསྲུངས་ནས་ཆེད་དམིགས་བུན་ལོར་རྣམ་གྲངས་ཀྱི་རེ་ཞུའི་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་བ་དང་། བརྡ་ཁྱབ་དང་ཉེན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བུན་ལོར་རྣམ་གྲངས་སྤྱོད་ཚད་འགོར་བའི་སྡེ་ཚན་ལ་བསྐོང་འདྲི་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་ངོ་ཡོད་ལས་འབོར་སྔ་ཙམ་འགྲུབ་པ་བྱེད་རྒྱུ།
(ལྔ) ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ།
ཁྲིམས་བཞིན་འབྱོར་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྡེ་ཚན་དང་ཚན་པའི་སྔོན་རྩིས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྡེ་ཚན་དང་ཚན་པས་སྔོན་རྩིས་ཀྱི་འཐུས་ཚང་རང་བཞིན་དང་། ཚད་ལྡན་རང་བཞིན། བདེན་ཐུབ་རང་བཞིན། དེ་བཞིན་དོན་འཁྱོལ་བྱས་འབྲས་བཅས་ལ་འགན་འཁུར་ཐོག ནོར་དཔལ་གྱི་སྒྲིག་ཁྲིམས་དང་དོ་དམ་ལམ་ལུགས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ། མི་དམངས་འཐུས་ཚོགས་ཀྱིས་བཀའ་མཆན་གནང་བའི་སྔོན་རྩིས་དོན་འཁྱོལ་ནན་པོ་བྱས་ཏེ་སྔོན་རྩིས་སྔོན་ལ་བཟོས་ནས་གཏོང་སྒོ་རྗེས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་རྩིས་མེད་པ་དང་སྔོན་རྩིས་ལས་བརྒལ་བའི་གཏོང་སྒོ་བཀོད་སྒྲིག་གཏན་ནས་བྱེད་མི་ཆོག་པ་དང་། འགྲོ་སྒོ་འཕྲལ་དུ་སྡེབ་གཏོང་བྱེད་རིགས་གཏན་འགོག་བྱེད་རྒྱུ། གླ་ཕོགས་ཕན་བདེ་དང་ཕོགས་སྣོན་ཁ་གསབ་ཀྱི་ཚད་གཞི་རང་འཚམ་ངང་སྤོར་བའམ་ཡང་ན་རང་དགར་འགྱུར་བ་གཏོང་རིགས་གཏན་འགོག་དང་། “ལས་མེད་ཕོགས་ཟའི”གནད་དོན་ཐོན་རིགས་གཏན་འགོག རྣམ་གྲངས་ཀྱི་སྔོན་རྩིས་ཡང་སྐོར་བསྐྱར་སྐོར་དང་ཕྱོགས་མང་པོར་སྙན་ཞུ་འབུལ་བའམ་ཡང་ན་རྫུན་ཞུ་བྱེད་རིགས་གཏན་འགོག སྒྲིག་འགལ་གྱིས་གཞུང་ལས་ཁང་དང་ཚོགས་ཁང་སྣེ་ལེན་ཁང་སོགས་གསར་རྒྱག་དང་དེ་བཞིན་རྟགས་མཚོན་ལས་གྲྭ་དང་བྱས་རྗེས་ལས་གྲྭ་གཉེར་རིགས་གཏན་འགོག་བཅས་བྱེད་རྒྱུ།
(དྲུག) ཕྱོགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་རྒྱུ།
མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཞིན་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལ་གཞོགས་འདེགས་ཧུར་ཐག་ཞུས་ཏེ་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་འབྲེལ་ཡོད་བསྒྱུར་བཅོས་ལས་དོན་ལ་སྐུལ་སྤེལ་གཏོང་བ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གྲོས་ཆོད་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། དོན་འཁྱོལ་བྱ་ཐབས་དང་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་བ་བཅས་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ཉན་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཞབས་འདེགས་ཡག་པོ་ཞུ་བ། རྩིས་བཤེར་བྱས་ནས་རྩད་བཤེར་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱེད་པར་སྐུལ་སྤེལ་གཏིང་ཟབ་བཏང་ནས“ཀུན་གསལ་ནོར་སྲིད་བཟོ་བ”བཅས་བྱེད་རྒྱུ།
འཐུས་མི་རྣམ་པ། 2023ལོའི་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ལས་འགན་དཀའ་ཚེགས་ཆེ་ལ་འགན་འཁྲི་ཧ་ཅང་ལྕི་ཞིང་ལས་འགན་གཟི་བརྗིད་ཆེ་བ་ཞིག་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། “སྤྱི་ཡོངས་གཉིས”ཡིད་ལ་འཆང་བ།“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་ངེས་པ། བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”སྲུང་སྐྱོབ་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཐོག“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ངར་སེམས་ཆེར་སྐྱེད་དང་། དཔའ་སྐྱེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཐོག་ནས་ནོར་སྲིད་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འདི་ཉིད་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་ལེའུ་གསར་པ་རྩོམ་དགོས།
(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣