དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སོགས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-06

     ཟླ་1ཚེས་30ནས་ཟླ་2ཚེས་3ཉིན་བར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་བཅས་སུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ལས་བྱེད་པའི་དཔུང་ཁག་འཛུཌ་སྐྱོང་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ། ཏང་འཛུཌ་སྐྱོང་ལ་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྒྲུབ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ་དང་གཞི་རིམ་ཏང་ཡོན་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    ལའེ་ཅའོ་ཡིས་ནག་ཆུ་གྲོང་ཁྱེར་དང་འབྲི་རུ་རྫོང་དང་། སོག་རྫོང་། སྦྲ་ཆེན་རྫོང་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སེམས་གཅིག་སྒྲིལ་དང་བླ་སྲོག་གཏོད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ལ་ཁྲིད་སྟོན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་འགག་སྒྲོལ་གྱི་བསམ་བློར་བརྟེན་ནས་ལག་ལེན་ལ་མཛུབ་ཁྲིད་དང་། འཕེལ་རྒྱས་ལ་སྐུལ་འདེད་དང་། རྨང་གཞི་བརྟན་གཏོང་དང་། གཙོ་གནད་དམ་འཛིན། ལེགས་ཆ་དར་སྤེལ། མི་མངོན་པའི་ནུས་ཤུགས་སྔོག་འདོན། ཁྱད་ཆོས་ལེགས་གཏོང་། སྒུལ་ནུས་ཆེར་གཏོང་། སྒོ་དབྱེ་རྒྱ་ཆེ། སྲུང་བཅད་བསྐྲུན་པ་བཅས་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་པར་བྱས་ཏེ། ནག་ཆུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།