དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-03

     ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་སྒྲིག་བཤེར་ལྟ་ཞིབ་དང་སྐོར་གཟིགས་ལས་དོན་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གནང་བའི་གསུང་བཤད་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ། ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་ཤུགས་སྣོན་རྒྱག་པ་དང་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པ་དང་། ནན་པོ་མཐའ་འཁྱོངས་དང་ནན་པོ་མཐའ་གཅིག་ཏུ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་ལ་བརྟེན་ནས་རུལ་རྒོལ་གྱིས་ཆབ་སྲིད་ཀྱི་ཁོར་ཡུག་མུ་མཐུད་དྭངས་གཙང་ཡོང་བ་བྱེད་དགོས་པ། དབང་ཆ་སྤྱད་པའི་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་གྱི་ཆེད་དོན་འགན་འཁྲི་ཡག་པོ་སྒྲུབ་སྟེ། “འགོ་ཁྲིད་གཙོ་བོ”དང་འགག་རྩའི་ཉུང་ཤས་ཀྱི་ལྟ་སྐུལ་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་ལ་གཞོགས་འདེགས་བྱས་ཏེ་ལྟ་སྐུལ་མ་ལག་འཁོར་སྐྱོད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་དགོས་པ། ཆབ་སྲིད་སྐོར་གཟིགས་ཟབ་ཏུ་གཏོང་བ་དང་། སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ལོ་ཧྲིལ་པོའི་སྐོར་གཟིགས་ལས་དོན་སྤྱི་འདོམས་དང་ཇུས་འགོད་ཡག་པོ་བཅས་བྱས་ནས་རྣོ་གྲིའི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།