དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-01

    ◆དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་ཤེས་ལྡན་མི་སྣའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 2022ལོའི་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ལས་དོན་གནས་ཚུལ་སྙན་སེང་གསན་པ་མ་ཟད། དུས་རབས་གསར་པར་བོད་ཀྱི་མཐོ་རིམ་སློབ་གསོ་དར་རྒྱས་གཏོང་རྒྱུ་སོགས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་ཤེས་ལྡན་མི་སྣའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་ཁ་གསལ་བརྟན་པོ་འཛུགས་པ་དང་། གཞུང་དྲང་ཚུལ་མཐུན་གྱིས་ལས་བྱེད་པ་འདེམས་པ། རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་སྟོབས་ཆེར་གཏོང་བ། ཕུལ་བྱུང་ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་གྲུབ་པ་བཅས་བྱས་པས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བཟང་འདེམས་འཇོན་བསྐོ་དང་། རྩ་སྲ་རྨང་བརྟན། མི་སྣ་གསོ་སྐྱོང་དང་ཤེས་ལྡན་པ་གཅིག་སྡུད་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་སྐྲུན་པར་ཤུགས་སྣོན་རྒྱག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རྩ་བ་དེ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་གི་སློབ་གསོ་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་བྱང་ཚད་རྟོག་ཞིབ་ལ་དམ་འཛིན་ཡག་པོ་བྱེད་པ། ཆབ་སྲིད་ཀྱི་ནུས་པ་སྦྱོང་བརྡར་དང་ཆབ་སྲིད་ཀྱི་ལག་ལེན་གོམས་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། དཔྱད་ཞིབ་ཀྱི་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས། དཔྱད་ཞིབ་བྱས་འབྲས་ཕྱོགས་བསྡུས་ངང་སྤྱོད་པ་དང་། གཞི་རིམ་ལ་སྣང་ཆེན་དང་། ལག་ལེན་ལ་སྣང་ཆེན། དངོས་སྒྲུབ་ལ་སྣང་ཆེན། འགན་འཁུར་ལ་སྣང་ཆེན་བཅས་ཀྱི་ཕྱོགས་སྟོན་གསལ་པོ་འཛུགས་པ། ལས་བྱེད་པ་འདེམས་པ་དང་། གསོ་སྐྱོང་། སྤྱོད་པ་བཅས་ཀྱི་ལམ་སྲོལ་ཟམ་མི་ཆད་པར་ལེགས་སུ་བཏང་ནས་ན་གཞོན་ལས་བྱེད་པ་དང་། བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བཅས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལུགས་སྲོལ་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་པ་འདེམས་པ་དང་རང་ནུས་གང་ཡོད་ཀྱིས་ཤེས་ལྡན་པ་སྤྱོད་པ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་། བྱས་རྗེས་འཇོག་པ། བྱ་གཞག་གཏོད་པ་བཅས་ལ་སྐུལ་ལྕག་བྱེད་དགོས། ཤེས་ལྡན་པར་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེས། སྟབས་བསྟུན་ངང་ཤེས་ལྡན་པ་ནང་འདྲེན་ལ་ཤུགས་སྣོན། ཤེས་ལྡན་པའི་འདུ་འགོད་གལ་ཆེན་ལག་བསྟར་གཞི་རྟེན་དུ་བྱེད་པ། རྣམ་གྲངས་ཅན་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དམ་འཛིན་བྱ་གཞིར་བྱེད་པ། ཆུ་ཚད་མཐོ་བའི་ཤེས་ལྡན་པ་གནད་སྨིན་ནང་འདྲེན་བྱེད་པ། ཤེས་ལྡན་པའི་ཞབས་འདེགས་འགན་ལེན་ལ་ཤུགས་སྣོན། ཤེས་ལྡན་པ་གཅིག་སྡུད་དང་ཡག་པོ་སྤྱོད་པ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་ལྗོངས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པར་ཤུགས་སྣོན་དང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམ་འཛིན་ཡག་པོ། སྤྱི་ཡོངས་ལ་དམིགས་ཏེ་ལས་དོན་ཧུར་ཐག་སྤེལ་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་ཕུལ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་གཏོད་པ་དང་། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོར་མུ་མཐུད་ཤུགས་སྣོན། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲར་དོན་འཁྱོལ། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ནས་མངོན་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། དྲིལ་བསྒྲགས་གཏིང་ཟབ་དང་ཏན་ཏིག བྱ་སྤྱོད་ནས་མངོན་པ་དང་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་འཛིན་བྱས་ཏེ་ཞན་ཆ་སེལ་བ་དང་ཞན་ཆའི་རྣམ་གྲངས་སྟོབས་ཆེར་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་དང་གྲུབ་ཆ་ལེགས་སུ་བཏང་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་མེད་པར་མཐོ་རུ་གཏོང་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་དཔེ་མཚོན་ལམ་སྟོན་དང་དཔེ་བཟང་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ཏེ་རྒྱུན་སྲིང་ལྷོད་མེད་ངང་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གིས་བློས་འགེལ་ཆོག་པ་དང་མི་དམངས་བློ་ཡིད་ཚིམ་པའི་སྤུས་ཚད་མཐོ་བའི་དཔེ་བཟང་ལས་ཁུངས་ཤིག་གཏོད་དགོས། འགན་འཁྲི་ཏན་ཏིག་ཁུར་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་དང་། ལས་ཁུངས་ལས་དོན་ཨུ་ལྷན་གྱི་སྤྱི་འདོམས་དང་། ལྟ་སྐུལ། མཐུན་སྦྱོར་བཅས་ཀྱི་ནུས་པ་གང་ལེགས་འདོན་པ། འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱ་དགའ་ཆད་གཅོད་ནན་དུ་གཏོང་བ་དང་སྟོན་ཕྱོགས་འཛུགས་པ་བཅས་བྱས་ཏེ་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཆགས་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་མཐའ་འཁྱོངས་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ལ་ཤུགས་སྣོན། རང་ལྗོངས་ཀྱི་མཐོ་རིམ་སློབ་གསོ་མགྱོགས་མྱུར་དར་རྒྱས་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། མཐོ་རིམ་སློབ་གསོའི་གྲུབ་ཆའི་བཀོད་པ་སྔར་བས་ལེགས་སུ་བཏང་སྟེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལེགས་ཆ་ལྡན་པའི་རིག་ཚན་སྐྱེད་སྲིང་དང་། དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཏེ་ཚན་རིག་དང་མཐུན་པའི་ངང་རིག་ཚན་དང་ཆེད་ལས་བཀོད་སྒྲིག་ལུགས་མཐུན། མཐོ་རིམ་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཐོ་རིམ་སློབ་གསོའི་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་དུས་རབས་གསར་པའི་ལས་འགན་ཁོང་དུ་ཡང་དག་ཆུད་པ་དང་། སྤུས་ཚད་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོར་འཆང་བ། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྡེ་ཚན་གྱིས་དམ་འཛིན་གཙོ་བོ་བྱེད་པ། ཁེ་ལས་ཀྱིས་འགན་གཙོ་བོ་འཁུར་བ། ལས་རིགས་ཀྱིས་རང་འདོམས། སྤྱི་ཚོགས་ཞུགས་པ་བཅས་ཀྱི་སྤུས་ཚད་མཉམ་བཅོས་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། སྤུས་རྟགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རས་ཁས་ལེན་པ་དང་དགའ་བསུ་ཐོབ་པའི་གྲགས་ཅན་སྤུས་རྟགས་ཁག་གཅིག་ཁྱབ་གདལ་བཏང་སྟེ་བོད་ཀྱི་སྤུས་རྟགས་ཀྱི་མིང་གྲགས་དང་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤུས་ཚད་ཡོད་པའི་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱེད་པ་དང་ཞབས་ཞུའི་ཕན་འབྲས་ཚད་གཞིར་བཟུང་ནས། ཞབས་འདེགས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། སྤུས་ཚད་ཀྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། ཁྲོམ་རའི་ལྟ་འདོམས་ཀྱི་ཕྱོགས་བསྡུས་ཁྲིམས་འཛིན་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་གནད་དོན“ཐར་པར་གཏན་ནས་མི་གཏོང་བ”མཐའ་འཁྱོངས། སྤུས་ཚད་ལ་བརྟེན་ནས་ལྗོངས་སྟོབས་ཆེན་སྐྲུན་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བར་བོད་ཀྱི་ལེགས་སྐྱེས་འབུལ་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།