ཚེས་18ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་མིག་སྔའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
མོང་ཞའོ་ལིན་དང་། རྡོ་རྗེ་ཚེ་སྒྲུབ། པད་མ་དབང་འདུས། སྒྲོལ་དཀར། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། བཀྲ་ཤིས་ཟླ་བ་བཅས་ཟུར་ཞུགས་གནང་ཡོད་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྲིད་གྲོས་ལས་དོན་ལ་བཏོན་གནང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལྟར་འདི་ལོའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གཅིག་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། རང་རྟོགས་ངང“གཏན་འཁེལ་གཉིས”ཀྱི་སྲུང་སྐྱོང་བ་ཞིག་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་དགོས། གཉིས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རང་རྟོགས་ངང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”སྐུལ་སྤེལ་བ་ཞིག་བྱས་ཏེ། སྲིད་དོན་ཇུས་འབུལ་དང་སེམས་ནུས་གཅིག་སྒྲིལ་རྒྱ་ཁྱབ་ངང་བྱེད་དགོས། གསུམ་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་རང་རྟོགས་ངང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཞིག་བྱས་ཏེ། ཏང་ཨུད་དང་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་གྱི“སྦྲེལ་ཟམ”ཞིག་འཛུགས་དགོས། བཞི་ནས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས། རང་རྟོགས་ངང་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་གི་སྐུལ་འདེད་པ་ཞིག་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་དང་ཨུ་ཡོན་གྱིས་ལས་རིགས་ཁག་གི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལམ་སྲོལ་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་ནས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ལྔ་ནས་འཇོན་ཐང་དང་བྱང་ཚད་མཐོ་རུ་བཏང་སྟེ་རང་རྟོགས་ངང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་སྔོན་སྐྱོད་པ་ཞིག་བྱས་ནས། མི་དེ་བས་མང་བ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཧུར་ཐག་ཡོང་བ་བྱེད་དགོས། དྲུག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་མཁན་ཞིག་བྱས་ཏེ། སྤྱོད་ཚུལ་འགྱུར་བར་བརྟེན་ནས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། བདུན་ནས་རྩ་བའི་དགོངས་གཞི་ནན་པོ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་སྲིད་གྲོས་ཀྱི་ཆབ་སྲིད་སྐྱེ་ཁམས་བཟང་པོ་སྲུང་སྐྱོང་བྱེད་མཁན་ཞིག་བྱས་ནས། ཚན་ཁག་གི་གོང་བུ་འགྲིལ་ཤུགས་དང་། དམག་འཐབ་ནུས་པ། བློ་ཁ་ཕྱོགས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།