དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལེགས་མཆོག་དང་པ་སངས་སོགས་འགོ་ཁྲིད་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2023-01-23

    4190408_yis_1674316800000_s.jpg

    ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལེགས་མཆོག་དང་པ་སངས་སོགས་འགོ་ཁྲིད་བློ་མཐུན་རྒན་གྲས་ལ་མཛའ་བརྩེའི་ངང་གཟིགས་པ་དང་འབྲེལ། ལོ་གསར་གྱི་འཚམས་འདྲི་ཞུས་ནས་ཁོང་རྣམ་པ་ནད་མེད་ཚེ་རིང་དང་། ཐུགས་སེམས་སྤྲོ་པོ། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ལེགས་མཆོག་ལ་འཚམས་འདྲི་གནང་བཞིན་པ།

    4190406_yis_1674316800000_s.jpg

    ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལེགས་མཆོག་དང་པ་སངས་སོགས་འགོ་ཁྲིད་བློ་མཐུན་རྒན་གྲས་ལ་མཛའ་བརྩེའི་ངང་གཟིགས་པ་དང་འབྲེལ། ལོ་གསར་གྱི་འཚམས་འདྲི་ཞུས་ནས་ཁོང་རྣམ་པ་ནད་མེད་ཚེ་རིང་དང་། ཐུགས་སེམས་སྤྲོ་པོ། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་པ་སངས་ལ་འཚམས་འདྲི་གནང་བཞིན་པ།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ལེགས་མཆོག་དང་པ་སངས་སོགས་འགོ་ཁྲིད་བློ་མཐུན་རྒན་གྲས་ལ་མཛའ་བརྩེའི་ངང་གཟིགས་པ་དང་འབྲེལ། ལོ་གསར་གྱི་འཚམས་འདྲི་ཡང་ཞུས་ནས་ཁོང་རྣམ་པ་ནད་མེད་ཚེ་རིང་དང་། ཐུགས་སེམས་སྤྲོ་པོ། ཁྱིམ་ཚང་འཆམ་མཐུན་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་སྔ་རྗེས་སུ་ལེགས་མཆོག་དང་པ་སངས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་རྣམ་པར་ལོ་གསར་གྱི་འཚམས་འདྲི་ཞུས་ཏེ་མཇལ་དར་སྒྲོན་རེས་གནང་བ་དང་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཝང་ཅུན་ཀྲེང་གིས་ལེགས་མཆོག་དང་པ་སངས་ལ་གཟུགས་གཞི་བདེ་ཐང་དང་འཚོ་བའི་གནས་ཚུལ་སྐོར་དྲིས་ཤིང་། དེ་ནས་ཁོང་ཚོའི་ཕྱག་ནས་འཇུས་ཏེ“ཁྱེད་རྣམ་པས་སྐུ་གཟུགས་ལ་ཐུགས་ཅག་གནང་རོགས། ཁྱེད་ཚོ་སྐུ་གཟུགས་ཐང་པོ་བྱུང་ན། ངའི་རེ་འདུན་ཆེ་ཤོས་ཡིན”ཞེས་གསུངས་པ་རེད། ཝང་ཅུན་ཀྲེང་གིས་ལེགས་མཆོག་དང་པ་སངས་ལ་མིག་སྔའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ད་དུང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཐད་སྤེལ་རེས་ཀྱང་གཏིང་ཟབ་གནང་བ་དང་། ཁོང་ཚོའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད།

    ཝང་ཅུན་ཀྲེང་གིས། འདས་མ་ཐག་པའི་ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་ཇུས་གཞི་བཀོད་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པས། བྱ་གཞག་ཁག་ལ་མི་སེམས་འགུལ་བའི་གྲུབ་འབྲས་ཐོབ་པ་དང་། ལྗོངས་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་གོང་འཕེལ། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་སྟེ་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། གྲུབ་འབྲས་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་སྟངས་འཛིན་གནང་བ་ལས་བྱུང་བ་ཞིག་རེད་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། དེས་མ་ཟད་འགོ་ཁྲིད་བློ་མཐུན་རྒན་གྲས་ཚོས་རྨང་གཞི་བརྟན་པོ་བཏིངས་བ་ལས་བྱུང་བ་ཞིག་ཡིན་པས། དེའི་ནང་འགོ་ཁྲིད་བློ་མཐུན་རྒན་གྲས་ཀྱི་བློ་གྲོས་དང་སྟོབས་ཤུགས་འདུས་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། འགོ་ཁྲིད་བློ་མཐུན་རྒན་གྲས་རྣམ་པས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ་རང་ངོས་ཀྱི་ལེགས་ཆ་མང་ཙམ་འདོན་སྤེལ་དང་། རྩ་ཆེའི་བསམ་འཆར་མང་ཙམ་འདོན་པ། ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མང་ཙམ་བརྗོད་པ་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་རོགས་རམ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལེགས་མཆོག་དང་པ་སངས་ཀྱིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་སེམས་གཏིང་ནས་དགའ་པོ་བྱུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་གནང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།