དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་སྤྱད་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་གྲ་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-20

    bc5dbb71-1537-48af-a1fa-d08c9b3644c8.jpg.jpg

    ཟླ་1ཚེས་18ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་སྤྱད་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་གྲ་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་བཀོད་གཏོང་ལྟེ་གནས་སུ་འཕྲལ་སྡོམ་དོ་དམ་བྱ་ཐབས་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཚེས་18ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”(བརྡ་ཐོ་མི་གཏོང་བ་དང་། ལན་མི་སྤྲོད་པ། སྙན་སེང་མི་ཉན་པ། འགྲོ་རོགས་མི་དགོས་པ་དང་སྣེ་ལེན་ཞུ་མི་དགོས་པར། གཞི་རིམ་དང་ས་ཆ་དངོས་སུ་ཐད་ཀར་སྐྱོད་པ)བྱེད་སྟངས་སྤྱད་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་གྲ་སྒྲིག་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ་དང་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་། ཉེན་ཁ་སྔོན་འགོག མི་མངོན་པའི་རྐྱེན་ངན་སེལ་བ། བདེ་འཇགས་འགན་ལེན་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་གི་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་དང་བརྙན་ལམ་འབྲེལ་མཐུད་བྱས་ཏེ་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་པ་དང་། ནག་ཆུ་དང་། གཞིས་རྩེ། མངའ་རིས་སོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་དང་ལས་རེས་མི་སྣ་ལས་གནས་ཐོག་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་སྐབས་བསྟུན་འཐེན་བཤེར་གནང་བ་དང་འབྲེལ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཚང་མར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་གནང་བ་རེད། རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་བཀོད་གཏོང་ལྟེ་གནས་སུ་ཝང་ཅུན་ཀྲེང་ལས་རེས་གྲ་སྒྲིག་མི་སྣར་གཟིགས་པར་ཕེབས་པ་དང་འཕྲལ་སྡོམ་དོ་དམ་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་གནང་ནས་འཕྲལ་སྡོམ་དོ་དམ་སྡེ་ཚན་ལ་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཕན་འབྲས་ཐོན་པའི་བྱ་སྤྱོད་སྤེལ་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པའི་རྒྱང་ལྟའི་རང་བཞིན་དང་། ཚན་རིག་རང་བཞིན། དམིགས་སའི་རང་བཞིན་བཅས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་རིང་ཝང་ཅུན་ཀྲེང་གིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་འགན་དང་འགན་འཁྲི་ཏན་ཏིག་ཁུར་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་གོ་རིམ་ལྡན་པ་དང་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བར་འགན་ལེན་བྱེད་དགོས། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་དུས་བབ་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་ལྷོད་མེད་ཀྱིས་བདེན་འཚོལ་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་བླང་བྱ་དང་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་རྒྱུན་གཏན་དང་གཞི་རིམ་དུ་ཏན་ཏིག་སྒྲུབ་དགོས། སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་དང་སྔོན་འགོག་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དབྱེ་ཞིབ་མཐའ་དཔྱོད་དང་ཆ་འཕྲིན་བརྡ་ཁྱབ་ཀྱི་ལས་ཀའི་ལམ་སྲོལ་དང་ཐག་གཅོད་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་རྩ་ནས་སྔོན་འགོག་དང་། དོ་དམ་ནན་པོ་དང་ཚོད་འཛིན་ནན་པོ། གནས་ཚུལ་གྱི་ཉེན་ཟོན་སྔོན་བརྡ་གཏོང་བ་སོགས་ཀྱི་ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་འགལ་ཟླ་དང་གནད་དོན་གཞི་རིམ་དང་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འགན་རི་བོ་ཐའེ་ཧྲན་ལས་ལྕི་བས་ལྷོད་གཡེང་གཏན་ནས་གཏོང་མི་རུང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མངོན་གསལ་དོད་པའི་ཉེན་ཁ་དང་། འགག་རྩའི་ཁྱབ་ཁོངས། གཙོ་གནད་ས་ཁུལ་བཅས་ལ་དམིགས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་དང་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གོང་འོག་སྦྲེལ་མཐུད་དང་ཕན་འབྲས་ཆེ་ཞིང་གོ་རིམ་ལྡན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་ཐག་ཆོད་པོ་དང་གནད་ལ་འཁེལ་པོས་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་བྱེད་ནུས་ཆེ་རུ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཉེན་ཟོན་སྔོན་ལ་འཇོག་པ་དང་སྔོན་འགོག་གཙོ་བོར་བཟུང་རྒྱུ་མཐའ་འཁྱོངས་བྱས་ཏེ་གནད་དོན་དང་མངོན་མེད་རྐྱེན་ངན་ལ་དམ་པོར་དམིགས་པ་དང་། ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་པ། འགན་འཁྲིའི་སྐྱོན་ཆར་དམ་པོར་དམིགས་པ། ཁྱབ་ཁོངས་ཧྲིལ་པོ་དང་། ཕྱོགས་ཡོངས། རྒྱུན་འཁོར་ཧྲིལ་པོ་བཅས་ཀྱི་བཅོས་སྒྲིག་ལ་གཞོགས་འདེགས་བྱས་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་ཆུང་ས་ནས་ཐག་གཅོད་ཏན་ཏིག་བྱེད་དགོས། དུས་ཆེན་རིང་གི་ལས་རེས་གྲ་སྒྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་གཏོང་བ་དང་། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་ཐབས་ལམ་ཤར་བགྲོད་དང་ཉེན་སེལ་རོགས་སྐྱོབ་ཀྱི་བརྡ་ལན་དང་ལེན་གྱི་མྱུར་ཚད་དང་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་རང་ངོས་ནས་ཞིབ་འཇུག་བཀོད་སྒྲིག་དང་རང་ངོས་ནས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྣ་ཚོགས་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། མི་དམངས་མང་ཚོགས་བློ་བདེ་བག་ཕེབས་ངང་ལོ་གསར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།