དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-15

    ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་རང་སྐྱོང་ལྗོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་ཕེབས་ཏེ། འཐབ་ས་དང་པོའི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་མ་ཟད། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་ནུས་ཤུགས་ཡོད་རྒུས་འདི་ལོའི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་གཏོང་སྤེལ་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་འཛུགས་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། སྐབས་བརྗེའི་ལོ་དང་ཏག་ཏག་འཁེལ་བས། འདི་ལོའི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་དྲིལ་བསྒྲགས་ཡག་པོ་བྱེད་པར་དོན་སྙིང་ཟབ་མོ་ལྡན་ཞིང་། འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ཆེན་པོ་རེད་ཅེས་བསྟན་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། ཚང་མས་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཕྱོགས་སྟོན་སྟངས་འཛིན་ནན་པོ་བྱས་ནས། ཚོགས་འདུ་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་གསལ་འགྲེལ་ལས་དོན་གཏིང་ཟབ་ཅིང་གནད་ལ་འཁེལ་བ་དང་དུས་ཐོག་ནུས་ལྡན་ངང་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད། ཆ་འཕྲིན་གསར་བརྗེའི་གྲུབ་འབྲས་སྤྱད་དེ་གཏོང་སྤེལ་བྱེད་ཐབས་གསར་གཏོད་བྱེད་པ་དང་། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་ཐུབ་པའི་ཚོགས་འདུ་གཉིས་ཀྱི་འདུས་གྲུབ་སྨྱན་སྦྱོར་དཔུང་ཁག་གསར་གཏོད་བྱེད་པ། གཏོང་སྤེལ་གྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ། སྤུས་དག་གཏོད་ཅིང་བཀྲག་མདངས་འཚེར་བ་དང་ནོར་འཁྲུལ་མི་ཤོར་བ་བཅས་བྱེད་དགོས། ཉམས་མྱོང་སྔར་བས་ཕྱོགས་སྡོམ་བྱས་ནས། ཚོགས་འདུའི་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་དྲིལ་བསྒྲགས་ཀྱི་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་། འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པ། ཕྱོགས་ཡོངས་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བོད་ཀྱི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བཅས་བྱས་ཏེ། བོད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་བའི་ལེའུ་གསར་པ་མུ་མཐུད་རྩོམ་པར་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།