དབུ་ཤོག>སྲིད་དོན།
  • དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ཏེ་འདུ་ཤེས་ཟམ་མི་ཆད་པར་གསར་བརྗེས་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན། འཕེལ་རྒྱས་མྱུར་པོ་ཡོང་བ་བཅས་བྱས་ནས་ཉིང་ཁྲི་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་ལ་འཛུགས་སྐྲུན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-15

    4b5725f6-8c58-48b7-b8aa-ac2d0b7d541e.jpg.jpg

    ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཉིང་ཁྲིའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

    ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཉིང་ཁྲིའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་རང་རྟོགས་ངང་ལས་དོན་དེ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་དུས་རབས་གསར་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་དང་བསྟུན་ཏེ་ཟམ་མི་ཆད་པར་འདུ་ཤེས་གསར་བརྗེས་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན། འཕེལ་རྒྱས་མྱུར་པོ་ཡོང་བ་བཅས་བྱས་ནས་ཉིང་ཁྲི་འདི་ཉིད་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་ལ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཉིང་ཁྲིའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཚ་ཚ་འུར་འུར་དང་རྣམ་པ་འཁྲུག་ཆ་དོད་ལ་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་གནང་ཞིང་། འཐུས་མི་ཨའོ་ལིའུ་ཆོན་དང་། ནོར་གཡང་། དབྱང་ལི། ཡན་ཧྲི་ཧུའེ། གཡུ་སྒྲོན་བཅས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་འགན་ལེན་སྣུར་སྲིང་བྱེད་པ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ། ནགས་ཚལ་མེ་ཟོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏེང་པ་བའི་འཚོ་བ་གསར་པ་སོགས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་སྐོར་ལྷུག་པོར་གླེང་གནང་བ་རེད། ཝང་ཅུན་ཀྲེང་གིས་གསན་ཞོར་ཟིན་བྲིས་བསྐྱོན་ཞིང་། ཁོང་གིས་འཐུས་མི་ཚོས་མང་ཚོགས་ཁྲོད་བསྐྱོད་པ་དང་མང་ཚོགས་དང་འབྲེལ་གཏུག་བྱས་ཏེ་མང་ཚོགས་ཀྱི་འདོད་འདུན་གང་ལེགས་མཚོན་ཡོད། བཏོན་པའི་བསམ་འཆར་དང་གྲོས་འགོར་དམིགས་སའི་རང་བཞིན་ཆེན་པོ་ལྡན་པས། འབྲེལ་ཡོད་སྡེ་ཚན་གྱིས་གསེད་བཀྲོལ་ཞིབ་འཇུག་ནན་ཏན་བྱས་ནས་རྒྱབ་སྐྱོར་བྱ་ཐབས་ཞིབ་ཕྲ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཤིང་། ཁོང་གིས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན། མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ཀྱིས་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དངོས་ཐོག་བདེན་འཚོལ་དང་། གནད་དོན་ལ་དབྱེ་ཞིབ་བྱས་པ་དྲང་གཞག་ཁ་གསལ། འཆར་གཞིའི་དམིགས་ཚད་བཀོད་པ་སྤྱོད་འཐུས་ལྡན་པ། ལས་དོན་བཀོད་སྒྲིག་གནང་བ་ཏན་ཏིག་ནུས་ལྡན་བཅས་ཡིན་པ་དེས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་རྒྱུར་ལྕག་སྐུལ་ཐེབས་ངེས་ཡིན་པས་ང་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས།

    ཝང་ཅུན་ཀྲེང་གིས། འདས་པའི་ལོ་གཅིག་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་པས་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས།

    ཝང་ཅུན་ཀྲེང་གིས། ཉིང་ཁྲི་ནི་བོད་ཀྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་རེད། གོ་སྐབས་ལ་དམ་འཛིན་ནན་ཏན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། འགྱུར་ལྡོག་བྱུང་བའི་དུས་བབ་དང་འཚམ་མཐུན་དང་འདུ་ཤེས་གསར་བརྗེས་བྱས་ཏེ་བྱ་བ་སྒྲུབ་བསམས་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པར་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཀྱི་དཔལ་འབྱོར་ཤེས་བྱ་ཁོང་དུ་ཧུར་ཐག་ཆུད་པ། འདུ་ཤེས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དང་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་གཉིས་ཟུང་འབྲེལ་ཏན་ཏིག་ཡོང་བ་བཅས་ཀྱི་སྒོ་ནས་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་སྔོན་ལ་འཇོག་པ་དང་འདུ་ཤེས་བསྒྱུར་རྒྱུ་སྔོན་དུ་སྐྱོད་ཐུབ་པ་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་ཡོང་བར་དམིགས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ས་ཁོངས་ཁྱོན་ཡོངས་ལ་ཁྱབ་པ་དང་། དོ་དམ་གོ་རིམ་ལྡན་པ། ཚན་རྩལ་གྱི་ནུས་པ་འདོན་པ་བཅས་ཀྱི་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུའི་མ་ལག་གཏོད་རྒྱུར་དམིགས་ཏེ་གྲོང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚད་ཤིང་གཏོད་དགོས། མིག་སྔར་དམིགས་འཛིན་དང་ཕུགས་ལ་གཞི་ཚུགས་ཏེ་ཚད་གཞི་མཐོ་བ་དང་འགོ་འཛུགས་ས་མཐོ་བའི་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་འཆར་འགོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་བཅས་ཀྱི་སྒོ་ནས་ཉིང་ཁྲི་འདི་ཉིད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས། ཐོན་ལས་སྤུས་ཕན་གཉིས་འཕར་ཡོང་བར་ཤུགས་སྣོན་བརྒྱབ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ནུས་རྒྱུ་གཙང་མ་སོགས་ཀྱི་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ། བཟོ་ལས་ཅན་གསར་པ་འཕེལ་རྒྱས་འགྲོ་བར་རིམ་བཞིན་སྐུལ་འདེད་གཏོང་བ། དངུལ་རྩའི་ལས་རིགས་དང་མ་རྩའི་ཁྲོམ་ར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ཟམ་མི་ཆད་པར་ཇེ་མགྱོགས་སུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་དང་དམངས་འཚོ་ལེགས་སུ་གཏོང་བར་རྒྱུན་སྲིང་ལྷོད་མེད་བྱས་ནས་དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་དྲོ་བར་བྱེད་པའི་བྱ་ཐབས་སྤྱད་དེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོའི་ལས་དོན་གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས་བཅས་ཡོང་བར་བྱས་ནས་མང་ཚོགས་ལ་སྒྱུར་བཅོས་སྒོ་དབྱེ་ལས་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་རྩྭ་རྩི་ཤིང་ཚུན་ཆད་དང་སྔོ་ལྗང་རི་ཆུ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་མཐའ་དར་དམངས་ཕྱུག་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་བ། རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“མིག་དཔེ་དྲུག”འདོན་ཐུབ་པར་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། སློབ་སྦྱོང་ཐད་རིམ་པ་བཞིན་དུ་མིག་དཔེ་འདོན་པ་དང་ལག་ལེན་ཐད་རིམ་པ་བཞིན་དུ་སྣེ་ཁྲིད་བཅས་བྱས་ནས། ལས་དོན་དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།