དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་2022ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-12

    ◆ ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང“ངེས་པར་དུ་གསུམ”ལག་བསྟར་ནན་ཏན་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

     ཟླ་1ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས2022ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གྱོད་དཔེར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ‘གཏན་འཁེལ་གཉིས’ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་རང་ངོས་ཞིབ་བཤེར་དང་ཏང་གཤིས་ལ་དབྱེ་ཞིབ་གཏིང་ཟབ་དང་། གནད་དོན་དང་མི་འདང་སར་འཚོལ་བཤེར་ནན་ཏན། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ལེགས་བཅོས་བྱེད་ཐབས་འདོན་པ། འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་སྡོམ་གསུང་བཤད་གནང་བ་རེད། ཀྲུང་དབྱང་རྩ་འཛུགས་པུའི་རྩ་འཛུགས་ཅུས་གཉིས་པའི་ཅུས་ཀྲང་གཞོན་པ་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བརྒྱད་པའི་ཙུའུ་ཀྲང་སུའུ་ཅིན་ཤིན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་དང་འབྲེལ་དཔྱད་བརྗོད་ཀྱང་གནང་བ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་ཁང་བཅུ་པའི་ཀྲུའུ་རེན་གཞོན་པ་ཀྲང་ཤིན་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་གནང་སྟེ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད། ཚོགས་འདུ་མ་འཚོགས་གོང་། ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ཏེ་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་དང་། ཇུས་གཞི་ནན་ཏན་བཟོ་བ། བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བཅས་བྱས་ཡོད། རྒྱུན་ཨུའི་བློ་མཐུན་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་སྙིང་གཏམ་ཤོད་རེས་དང་གླེང་མོལ་གྱི་ལས་དོན་གཏིང་ཟབ་སྤེལ་བ་དང་ལྟ་སྡུར་ཞིབ་བཤེར་གྱི་དཔྱད་ཡིག་བྲིས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་ཆེད་གྲ་སྒྲིག་གང་ལེགས་བྱས་ཡོད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ནས་ལྟ་སྡུར་ཞིབ་བཤེར་གནང་བ་དང་འབྲེལ། སྣེ་ཁྲིད་ནས་སྒེར་གྱི་ལྟ་སྐུལ་ཞིབ་བཤེར་གྱི་གཏམ་བཤད་གནང་ཞིང་། དེ་རྗེས་རྒྱུན་ཨུའི་བློ་མཐུན་ཚོས་རེ་རེ་བྱས་ནས་གཏམ་བཤད་གནང་བ་དང་འབྲེལ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཡང་ཡིན་པས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་དུས་བབ་ལ་ལྟ་བ་དང་། སྤྱི་ཡོངས་དོན་གཉེར། དོན་ཆེན་ལ་དམ་འཛིན་བཅས་བྱེད་པར་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་ཅེས་གསུངས་པ་རེད།

    ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་པོར་སྲུང་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་དང་ཏང་དང་བློ་སེམས་གཅིག་མཐུན་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་ནས“དོན་ཆེན་བཞིར”བྱ་ཐབས་གསར་པ་དང་བྱ་ཐབས་དངོས་བཏོན་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་སོགས་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ཁ་ཞེ་གཉིས་མེད་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་དང་གཞུང་དྲང་ཅན་ཞིག་བྱེད་དགོས།

    ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང་རང་སྣང་འཇིག་རྟེན་སྒྱུར་བཀོད་ལ་ཤུགས་སྣོན་རྒྱག་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་མཐའ་འཁྱོངས་གཏོད་པ། དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཟབ་སྦྱོང་གཏིང་ཟབ་བཅས་བྱས་ནས། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས།

    མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་དགོས། བློ་བརྟན་འགྱུར་མེད་ངང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས། བློ་བརྟན་འགྱུར་མེད་ངང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    རང་དཔེ་གཞན་སྟོན་མཐའ་འཁྱོངས་བྱས་ནས་འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ཀྱི་ནུས་པ་ཡག་པོ་འདོན་དགོས། གྲི་དངོ་ནང་དུ་གཏད་ཕོད་པ་དང་། རང་གཅུན་ནན་པོ། སྣེ་ཁྲིད་དེ“མིག་དཔེ་དྲུག”ཐུབ་པ་བཅས་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་དགོས། སྣེ་ཁྲིད་དེ་ཤེས་བྱ་གསར་པ་དང་ཆ་འཕྲིན་གསར་པ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས། ཏང་རྩ་འཛུགས་དང་སྤྱི་ཚོགས་ཡོངས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་དང་སྤྲོ་པོའི་ངང་དང་ལེན་བྱས་ནས། རང་ཉིད་གཙང་མ་དང་། རང་ཚུགས་ཟིན་པ། འཇོན་ཐང་ཆེ་བ་བཅས་ཡོང་བར་བྱེད་དགོས།

    རང་ངོས་གསར་བརྗེ་ཕོད་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཙན་ཅིང་ནན་པའི་སྒྲིག་ལམ་དང་ཚད་གཞི་ནན་པོར་མཐའ་འཁྱོངས་དང་། རྩ་བའི་དགོངས་གཞི་ནན་པོར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། “སྤྱོད་ཚུལ་བཞིའི”གནད་དོན་ལ་ཞིབ་བཤེར་ནན་པོ་དང་། གཙོ་འགན་འཁུར་མཁན་ལ་དོ་དམ་ནན་པོ། ན་གཞོན་ལས་བྱེད་པར་སློབ་གསོ་དང་ལྟ་སྐུལ་བྱེད་པའི་འགག་སྒོ་ནན་དུ་གཏོང་བ། རུལ་སུངས་པར་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་མཐའ་འཁྱོངས་གཏོང་བ་དང་། “སྟག་སྦྲང་མཉམ་རྡུང”མཐའ་འཁྱོངས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ནན་ལ་ཏན་ཏིག་ངང་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་མཐའ་གཅིག་ཏུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ་ནམ་ཡང་ཚར་དུས་མེད་པའི་བློ་རྩ་བརྟན་པོ་དང་སྙིང་རུས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གཞི་རིམ་གྱི་འཐབ་ས་དང་པོར་མང་ཙམ་བསྐྱོད་དེ་གནས་ཚུལ་དངོས་ལ་ལྟ་ཞིབ། ལས་དོན་ཏན་ཏིག་མཐའ་འཁྱོངས་སྒྲུབ་པ་བཅས་བྱས་ནས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།