ཚེས་6ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་དོན་གནད་ལ་ཞིབ་འཇུག་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། ཏང་གི་ཚོཌ་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོཌ་འདུ་བཅས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་ལྗོངས་ཀྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ལ་སྒྱུར་བཅོས་གཏིང་ཟབ་དང་ཏན་ཏིག་བྱེད་པར་ནུས་ཤུཌ་ཡོད་རྒུས་སྐུལ་འདེད་བཏང་ནས་གནམ་ས་གསར་པ་དང་གྲུབ་འབྲས་གསར་པ་གཏོད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་དེ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཁྲོད་འགག་རྩའི་གནས་བབ་དང་དམིགས་བསལ་གནས་བབ་བཟུང་ཡོད་ལ“དོན་ཆེན་བཞི”དང“འཛུཌ་གཏོད་བཞི”དང་འབྲེལ་བ་ཡོད་པས། ངེས་པར་དུ་མཐའ་ཚད་ཀྱི་བསམ་གཞིག་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་ཚད་མཐོའི་གཅིག་གྱུར་དང་། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་སྟོན་ཕྱོགས་ཚད་མཐོའི་གཅིག་གྱུར། གསར་འབྱེད་གསར་གཏོད་དང་བརྟན་པོ་ལ་གོ་རིམ་ལྡན་པར་ཚད་མཐོའི་གཅིག་གྱུར། འཆར་འགོད་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཚད་མཐོའི་གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ནས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ངོ་མ་བྱེད་པར་ངེས་པར་དུ་གྲི་དངོ་ནང་གཏད་ཀྱིས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྟོབས་དང་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་ཐོག་ནས་དུས་ཚོད་ཀྱི་རེའུ་མིག་དང་ལམ་རིས་བཟོ་བ་དང་། གཙོ་འགན་གཙོ་ལས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དཔྱད་དཔོག་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་འགལ་ཟླ་རེ་རེ་བཞིན་ཐག་གཅོད་དང་། དཀའ་ངལ་རེ་རེ་བཞིན་ཁྱད་བསད། དཀའ་གནད་རེ་རེ་བཞིན་སེལ་བ་བཅས་བྱེད་དགོས། སྒྱུར་བཅོས་ནན་པོ་བྱེད་པར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་ཀའི་ཆེད་དོན་ཚན་ཁག་འཛུགས་པ་དང་། ལས་ཀའི་སྒྲིག་ཁྲིམས་ནན་དུ་གཏོང་བ། བྱེད་སྟངས་དང་བྱ་ཐབས་ལ་སྣང་ཆེན་བྱེད་པ། བསམ་བློ་བརྟན་པོ་དང་། སྲིད་ཇུས་བརྟན་པོ། བབ་བསྟུན་བྱེད་ཐབས། ཐབས་མང་མཉམ་སྤྱོད་བཅས་བྱས་ཐོག་དངོས་ཐོག་བདེན་འཚོལ་དང་། ནུས་པས་ལྕོཌ་ཚོད་ཀྱིས་སྒྲུབ་པ། ཏན་ཏན་ཏིག་ཏིག་ངང་སྒྲུབ་པ། གོམ་པ་རེ་རེ་ལ་རྗེས་རེ་ཡོད་པ་བྱས་ནས་འཚབ་འཚུབ་དང་། ཁ་ཡང་སྤྱོད་ཡང་། ཐལ་སྐྱོད་བཅས་བཀག་འགོག་བྱེད་དགོས་ལ་རིཌ་དབྱེ་མཛུབ་ཁྲིད་དང་། སྔོན་སླ་རྗེས་དཀའ། གནད་སྨིན་ཇུས་འདོན་བཅས་བྱས་ནས་སྒྱུར་བཅོས་ཡག་པོ་བྱེད་པ་དང་སྒྱུར་བཅོས་ལེགས་སྒྲུབ་ཐུབ་པ་བྱས་ཏེ་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།