དབུ་ཤོག>སྲིད་དོན།
  • མང་ཚོགས་ཚོགས་པའི་སྒྱུར་བཅོས་ཟབ་ཏུ་དང་མང་ཚོགས་ཚོགས་པའི་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-07

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། 2022ལོའི་ལྗོངས་ཡོངས་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་དང་། སྤྱི་ཚོགས་རྩ་འཛུགས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་དང་། སྤྱི་བདེའི་ལས་དོན། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་འཆར་འགོད་ལ་ཞིབ་འཇུག འབྲེལ་ཡོད་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ཁོང་གིས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཚོགས་པའི་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ལས་ཀའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་སྔར་བས་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་མཐའ་གཅིག་ཏུ་འཁུར་བ། ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཆེ་རུ་ཏན་ཏིག་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་ཆེས་རྒྱ་ཁྱབ་དང་ཆེས་དམ་ཟབ་སྒོ་ནས་མཐུན་སྒྲིལ་བྱེད་དགོས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་རང་རྟོགས་ངང་མང་ཚོགས་ཚོགས་པའི་ལས་དོན་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཞིབ་འཇུག་དང་ཇུས་འགོད་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས།  མཐའ་སྟོབས་བཅས་ཀྱི་ལག་ལེན་ཚ་ཚ་འུར་འུར་ལ་ཧུར་ཐག་ཞུགས་རྒྱུའི་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་ཁྲོད་འཇོན་ཐང་ངོམ་པ་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་དུས་བབ་གསར་པ་དང་ལས་འགན་གསར་པར་གཞི་ཚུགས་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ལ་ཤུགས་སྣོན། དུས་བསྟུན་མདུན་སྐྱོད་དང་སྒྱུར་བཅོས་གསར་གཏོད། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཚོགས་པའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་བཏོན་ཏེ་དུས་རབས་གསར་པའི་ཕུལ་བྱུང་བཟོ་པ་དང་། གཞོན་ནུ། བུད་མེད་བཅས་འདེམས་གཏོད་དང་། དཔེ་བཟང་གི་སྙིང་སྟོབས་ཁྱབ་སྤེལ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་པ། སྤྱི་ཚོགས་སུ་ལྟ་སའི་མིག་དཔེ་དང་བསྡུར་སའི་ཚད་གཞི་ཡོད་པ་བཅས་བྱས་ནས་ཧུར་བརྩོན་ཡར་ཐོན་དང་བཟང་བསྟོད་ངན་སྨད་ཀྱི་རྣམ་པ་བཟང་པོ་གཏོད་དགོས། སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ“འཕེལ་རྒྱས་ལ་ཁྲིད་སྟོན་ཧུར་ཐག”དང“ཁྲིམས་ལྟར་དོ་དམ་ནན་པོ་བྱེད་པའི”གཙོ་གནད་གཉིས་ཁོང་དུ་ཆུད་པར་བྱས་ནས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ཞབས་ཞུ་ལེགས་གཏོང་། སྐྱེད་སྲིང་དང་རོགས་སྐྱོར་ཧུར་ཐག་བཅས་བྱེད་དགོས་ལ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ལྟ་འདོམས་བྱེད་ཤུགས་ཁྲིམས་ལྟར་ཆེ་རུ་བཏང་ནས་རྒྱལ་ཁབ་ལ་ཞབས་འདེགས་དང་། སྤྱི་ཚོགས་ལ་ཞབས་འདེགས། མང་ཚོགས་ལ་ཞབས་འདེགས། ཞབས་ཞུའི་ལས་རིགས་བཅས་ཁྲོད་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས། རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དུས་བཀག་ལྟར་ལས་ཀའི་སྙན་སེང་ཉན་པ། དཀའ་ངལ་དང་གནད་དོན་རང་འགུལ་ངང་ཐག་གཅོད་བཅས་བྱེད་པ་དང་རྒྱབ་སྐྱོར་དང་འགན་སྲུང་ནུས་ལྡན་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་ལས་དོན་སྤེལ་བར་མཐུན་རྐྱེན་སྐྲུན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་སྐོར་གཟིགས་གཏིང་ཟབ་ཏུ་བཏང་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ཆབ་སྲིད་ལྟ་སྐུལ་གྱི་རྩ་བའི་ལས་འགན་ལ་བརྩིས་ཏེ་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། སྲོག་ཤིང་ལ་བརྩི་བཀུར་ཞུ་བ། སྲོག་ཤིང་གི་རྗེས་སུ་འབྲང་བ། སྲོག་ཤིང་ལ་སྲུང་སྐྱོང་བཅས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྐོར་གཟིགས་ཕྱོགས་ཡོངས་ལ་ཁྱབ་པར་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་སྟེ། རྒྱུན་གཏན་གྱི་སྐོར་གཟིགས་དང་ཆེད་དོན་སྐོར་གཟིགས་ཟུང་འབྲེལ་མཐའ་འཁྱོངས་དང་། རྒྱུན་གཏན་གྱི་ལྟ་སྐུལ་དང་གཙོ་གནད་ལྟ་སྐུལ་ཟུང་འབྲེལ། “སྐབས་བསྟུན་རྣམ་པའི”སྐོར་གཟིགས་དང“ཕྱིར་མིག་ལྟ་བ”ཟུང་འབྲེལ་བཅས་བྱས་ནས་སྐོར་ཞིབ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྐོར་གཟིགས་ལྟ་སྐུལ་གྱི་གནད་སྨིན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། སྐོར་གཟིགས་ཀྱི“མཇུག་འཕྲོའི་ལས་དོན”ཏན་ཏིག་བསྒྲུབས་ཏེ་བཅོས་སྒྲིག་ལ་དམ་འཛིན་བྱེད་པ་ནི་རང་འགན་སྒྲུབ་པ་དང་། བཅོས་སྒྲིག་ལ་དམ་འཛིན་མི་བྱེད་པ་དང་བཅོས་སྒྲིག་ཡག་པོ་མི་བྱེད་པ་ནི་འགན་འཛོལ་ཤོར་བ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་དམ་འཛིན་ཡང་ཡང་དང་ཡང་ཡང་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོ་དང་། འཛེམ་མེད་དམར་འདོན། འགག་སྒྲོལ་དཀའ་སེལ་བཅས་བྱེད་པ་དང་། རྣམ་འགྱུར་ཐག་ཆོད་ཤོས་དང་། བྱེད་ཐབས་གོ་ཆོད་ཤོས། སྤྱོད་ཚུལ་ཏན་ཏན་ཏིག་ཏིག་བཅས་ལ་བརྟེན་ནས་སྐོར་གཟིགས་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། “དུས་ཐོག་ཏུ་དག་ཐེར”དང“ཡུན་རིང་གཞི་ཚུགས”གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་ལམ་ལུགས་བཟོ་བ་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་ཞིབ་བཤེར་བྱེད་ཞོར་ལེཌ་སུ་གཏོང་བ་དང་དག་ཐེར་བྱེད་ཞོར་འཛུགས་སྐྱོང་མཐའ་འཁྱོངས་ཀྱིས་སྐོར་གཟིགས་ཀྱི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་བདེ་འཇགས་གནད་དོན་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་རྡུང་རྡེག་ནན་པོ་དང་བཅོས་སྒྲིག་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྤེལ་དགོས། དུག་རྫས་གཏན་འགོག་གི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དུག་རྫས་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་ཡོངས་ཀྱིས་དུག་རྫས་འགོག་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། དུག་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས་དམངས་ཡོངས་ཀྱིས་དུག་རྫས་འགོག་པའི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་གཏོང་དགོས། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་བྱས་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་ཁྲིམས་ལྟར་ཉེན་རྟོག་སྐྱོང་བ་དང་ཉེན་རྟོག་ནན་པོས་སྐྱོང་བ་མཐའ་འཁྱོངས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བྱང་ཚད་མཐོ་བའི་སྤྱི་བདེའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཤུལ་འཛིན་མཁན་ཡོད་པའི་གཞི་རྩའི་ཇུས་ཆེན་ལ་དམ་འཛིན་ཡག་པོ་བྱས་ནས“ཀུན་སྤྱོད་ལྔ་མཉམ་སྤེལ”དོན་འཁྱོལ་བྱས་ཏེ་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། དགེ་རྒན་གྱི་ཐོབ་ཐང་ལེགས་སུ་བཏང་སྟེ་ས་བབ་མཐོ་བའི་ས་ཁུལ་དང་། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་དགེ་རྒན་བཅས་ལ་སེམས་ཁུར་དང་གཟིགས་སྐྱོང་བྱེད་དགོས། སློབ་གྲྭའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཁྱབ་ཚད་དང་ལས་དོན་ཁྱབ་རྒྱ་ཆེ་རུ་གཏོང་དགོས། རིག་ཚན་ཁག་ལ་ཁྱབ་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་བསམ་བློའི་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཉམ་འདྲེས་ནུས་པ། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།