ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས“ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་རོ་བཅུད”ཀྱི་ཞིམ་ཟས་ཁྲོམ་གཞུང་གི་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྡོ་རྗེ་ཚེ་སྒྲུབ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
“ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་རོ་བཅུད”ཀྱི་ཞིམ་ཟས་ཁྲོམ་གཞུང་གི་རྣམ་གྲངས་ནི་2022ལོར། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དོ་ཁུར་ཆེན་པོ་གནང་བའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། “བོད་ཀྱི་རོ་བཅུད་དར་སྤེལ་དང་། ཀྲུང་ཧྭའི་ཞིམ་ཟས་བསྡུ་རུབ”བྱ་རྒྱུ་འགོ་འཛུགས་སར་བྱེད་པ་དང་། ས་གནས་དེ་གའི་བཟའ་བཏུང་གི་དགོས་མཁོར་གཞི་ཚུགས་པ། རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་ཕྱོགས་ནས་འགྲེམས་སྟོན་བཅས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་རྩེར་སོན་བཟའ་བཏུང་ཁྲོམ་ར་དང་དེང་རབས་ཅན་གྱི་འཛད་སྤྱོད་ཁྲོམ་གཞུང་སྤུས་ལེགས་གཏོད་པར་ཤུགས་སྣོན་བརྒྱབ་ཡོད། ཡན་ཅིན་ཧའེ་དང་བཅས་པ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་ཁྲོམ་གཞུང་གི་རྣམ་པར་ཞིབ་ཚགས་ངང་གཟིགས་པ་མ་ཟད། བོད་ཀྱི་ཁྱད་ལྡན་ཞིམ་ཟས་དང་། རྒྱལ་ནང་གི་རྩེར་སོན་བཟའ་བཏུང་། དར་སོ་ཆེ་བའི་འཁྲབ་སྟོན་ལས་རྣམ་སོགས་ནང་འདྲེན་གྱི་ཞིབ་ཕྲའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཞིམ་ཟས་ནི་ཡུལ་སྐོར་གྱི“བཟའ་སྡོད་འགྲོ་གསུམ་དང་ཡུལ་སྐོར་ཉོ་སྒྲུབ་རོལ་རྩེད”བཅས་ཀྱི་ནང་དོན་གཙོ་བོ་ཡིན་ལ། ཡུལ་སྐོར་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། “ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་རོ་བཅུད”ཀྱི་ཞིམ་ཟས་ཁྲོམ་གཞུང་རྣམ་གྲངས་ནི་རང་ལྗོངས་ཀྱིས་ཕྱི་ཕྱོཌ་སུ་གཟུཌ་བརྙན་མངོན་པར་བྱེད་པའི་སྐར་ཁུང་ཞིག་ཡིན།
མི་སེར་ཚོས་ཁས་ལེན་པ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི“ཚོང་རྟགས་གྲགས་ཅན”གྱི་བཟའ་བཏུང་སྤྲོ་གསེང་ཁུལ་དུ་གཞི་ཚུགས་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིམ་ཟས་ཀྱི་སྤུས་ཚད་འགན་ལེན་དང“གཅིག་འཐུས་རྣམ་པའི”ཉམས་ལེན་ལ་བརྟེན་ཏེ་ཞིམ་ཟས་ཁྲོམ་གཞུང་ས་གནས་དེ་གའི་མང་ཚོགས་རྟག་ཏུ་སྐྱོད་ས་དང་ཡུལ་སྐོར་བ་འཛོམ་ས་ཞིག་ཏུ་འགྱུར་བར་བྱེད་དགོས་པ་མ་ཟད། ལོ་གཅིག་དུས་བཞིར་མི་ཚོགས་མང་བའི་འདུ་གནས་གསར་པ་དང་དྲ་ཐོག་མིང་ཅན་གཱ་ཐོ་འགོད་སར་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ། “ཞིམ་ཟས་འགྲན་བསྡུར་ཆེན་པོ”སོགས་ཀྱི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་བ། “ཞིམ་ཟས་ཁྲོམ་གཞུང”གི་འབྱུང་འགྱུར་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པ། ཤུགས་རྐྱེན་ཆེན་པོ་ལྡན་པ་དང་། མིང་གྲགས་ཆེ་བ། བསྔགས་བརྗོད་འཐོབ་པ་བཅས་ཀྱི་ཁེ་ལས་སྤུས་ལེགས་བཅའ་སྡོད་དང་ལས་དར་བྱེད་པའི་ཡིད་དབང་འགུག་དགོས་པ་དང་། དུས་མཇུག་གི་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཞབས་འདེགས་སྤུས་ལེགས་ཞུ་བ་དང་། ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་པ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཚོང་དུད་ཚོའི་གདེང་ཚོད་ཆེ་རུ་གཏོང་བ་དང་ཡིད་རྟོན་གཉེར་སྐྱོང་ཐུབ་པ་བཅས་བྱས་ཏེ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།