དབུ་ཤོག>སྲིད་དོན།
  • སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་བསམ་པའི་སྟོབས་ཤུཌ་ཆེན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-02

    1c1c706e-3273-476d-8046-249eda046733.jpg.jpg

    2022ལོའི་ཟླ་12ཚེས་30ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།

    3061877b-9317-45f7-bbd7-607afe70bca8.jpg.jpg

    2022ལོའི་ཟླ་12ཚེས་30ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    2022ལོའི་ཟླ་12ཚེས་30ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་། ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་ཚན་པ། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ དེ་བཞིན་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་བཅས་དང་། རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ། རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དཔེ་སྟོན་ལྟེ་གནས(ཁང་དང་ས་ཚིགས)དང་སྔོན་ཐོན་མི་སྒེར་བཅས་ལ་གཟེངས་བསྟོད་བྱས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཡན་ཅིན་ཧའེ་ཡིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། ཁྲེན་ཡུང་ཆི་དང་། དབང་ཧའེ་ཀྲོའུ། ཟླ་བ་ཚེ་རིང་། ཐང་མིང་དབྱིང་། རྡོ་རྗེ་ཚེ་སྒྲུབ། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་པ་རེད། ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་པ་རེད། ཁོང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་།

    (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བསམ་པའི་དཔལ་ཡོན་སྲོལ་གཏོད་གཏིང་ཟབ་སྤེལ་བ་བཅས་བྱས་པས་ལྗོངས་ཡོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྤྱི་འདོམས་སུ་ལེགས་སུ་མཐའ་འཁྱོངས་བྱས་ནས་གཞུང་འཁྱོངས་གསར་འབྱེད་དང་གསར་འབྱེད་ཡར་བརྩོན་བྱས་ཏེ། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྤུས་ཕན་གཉིས་ཀ་ཆེ་རུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་ཆེན་པོས་རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་རང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།

    བསམ་བློ་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་རིམ་ཁག་ཏང་གི་སློབ་གྲྭའི་ནུས་པ་གང་ལེགས་བཏོན་ནས་རིམ་པ་མང་བ་དང་ཕྱོགས་ཡོངས་སུ་ཁྱབ་པའི་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱེད་པ་དང་། གོང་གིས་འོག་ལ་སྣེ་ཁྲིད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་རྣམ་ཅན་དང་རྒྱུན་གཏན་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དྲིལ་བསྒྲགས་ཁྱབ་གདལ་ཟབ་ཏུ་བཏང་སྟེ་སློབ་ཁང་དུ་སློབ་ཁྲིད་ཡག་པོ་བྱེད་པ་དང་། དྲ་རྒྱའི་གཡུལ་ས་སྟོབས་ཆེར་གཏོང་བ། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ་བཅས་སུ་ཁྱབ་གདལ་གཏོང་བར་ཕྱོགས་ཡོངས་དང་རིམ་པ་མང་པོ་ནས་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་བ་དང་སྦྱངས་པ་གོ་ཆོད་དང་སྦྱོང་སྤྱོད་གཉིས་འཕེལ་ཡོང་བར་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས“འཛུགས་གཏོད་བཞིར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས།

    རིན་ཐང་གི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེའི་དགོངས་པ་འབྱུང་ཁུངས་སུ་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་དར་སྤེལ་ཤུགས་ཆེན་བཏང་སྟེ“ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་ལག་ལེན་བསྟར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་བ་དང་། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ལྡན་པ་བཅས་ཀྱིས་ཟབ་ཏུ་བཏང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས“མོས་སེམས་ལྔ”ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་བླ་སྲོག་གཏོད་པ་དང་མི་གསོ་སྐྱོང་མཐའ་འཁྱོངས་བྱས་ཏེ་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་འཐབ་ས་དང་། གྲོང་ཚོའི་ལོ་རྒྱུས་ཁང་། རིམ་ཁག་དང་རིགས་ཁག་གི་བོད་གསར་རྙིང་སྡུར་བའི་འགྲེམས་སྟོན་བཅས་ལ་བརྟེན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་ནུས་པ་བཏོན་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་དགོས།

    རིག་གནས་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྔོག་འདོན་གཏིང་ཟབ་དང་སྲུང་སྐྱོབ་བྱེད་པ་དང་། རང་ལྗོངས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཀྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་དགོས། མཐུན་སྒྲིལ་དང་། བརྟན་ལྷིང་། ཤུགས་སྒྲིམ། དྲང་ཕྱོགས་བཅས་ཀྱི་དྲིལ་བསྒྲགས་གཙོ་བོར་མཐའ་འཁྱོངས་བཟུང་སྟེ། ཏང་ལ་བསྟོད་བསྔགས་དང་། མེས་རྒྱལ་ལ་བསྟོད་བསྔགས། མི་དམངས་ལ་བསྔགས་བརྗོད་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་བ་བཏོན་ཏེ་སྐྱོན་བྲལ་ཡར་བརྩོན་གྱི་རིག་རྩལ་བརྩམས་ཆོས་ལ་བརྟེན་ནས་སེམས་ཀྱི་གསོས་དང་དར་སྲོལ་ལ་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་ནས་རིག་གནས་དམངས་ཕན་འདུ་འགོད་གསར་གཏོད་དང་། “མཛེས་སྡུག་ལྡན་པའི་བོད་ལྗོངས། གཅེས་པར་འོས་པའི་ཕ་ཡུལ”གྱི་ཕུལ་བྱུང་རིག་གནས་ཐོན་རྫས་གྲོང་གསེབ་ཏུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་འདེགས་ཚད་ལྡན་ཅན་དང་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་གནས་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་འཐོབ་པར་བྱེད་དགོས།

    དཔལ་ཡོན་དར་ཁྱབ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། སྲོལ་གཏོད་ནི་དམངས་ཀྱི་ཆེད་དུ་དང་། དམངས་ལ་ཕན་པ། དམངས་ལ་གཟིགས་སྐྱོང་བཅས་ཡིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་སྐྲུན་དང་། ཁུལ་ཁོངས་མཉམ་སྐྲུན། དམག་དམངས་མཉམ་སྐྲུན་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། “ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་གསར་པ་གཏོད་པའི”བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“ངོ་རྒོལ་དྲུག་དང་དར་སྤེལ་དྲུག”གི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ། གྲོང་མིའི་གྲོས་བསྡུར་ཚོགས་འདུ་དང་ཀུན་སྤྱོད་དཔྱད་མོལ་ཚོགས་འདུ་སོགས་ཀྱི་ནུས་པ་གང་ལེགས་བཏོན་ནས་ཡ་རབས་སྲོལ་གསར་དར་སྤེལ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་གོམས་སྲོལ་སྒྱུར་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་དགོས། སྔོན་ཐོན་དཔེ་མཚོན་ཡག་པོ་འདེམས་པ་དང་དྲིལ་བསྒྲགས་ཡག་པོ་བྱས་ཏེ་སྔོན་ཐོན་གྱི་བྱས་རྗེས་ལ་བརྟེན་ནས་མི་སེམས་ལ་སྐུལ་མ་ཐེབས་པ་དང་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་སྤྱི་ཚོགས་ཡོངས་སུ་མིག་ལྟོས་ཡར་འདྲེན་ཡོང་བར་སྐུལ་འདེད་གཏོང་དགོས།

    གཞི་རིམ་ལ་ཕྱོགས་པ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ཁུངས་ལ་སྤྱི་འདོམས་ནུས་ལྡན་དང་དྲ་རྒྱར་སྣུར་སྲིང་དང་རྒྱ་སྐྱེད་བཏང་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སྲེིད་ཇུས་བཟང་པོ་བརྒྱུད་བསྒྲགས་དང་། བརྗོད་དོན་གཙོ་བོ་དར་སྤེལ། ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་བཅས་ཀྱི་གཡུལ་ས་གཙོ་བོ་ཞིག་ཏུ་ཧུར་ཐག་སྐྲུན་དགོས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་ཟབ་ཏུ་བཏང་ནས“ཞབས་འདེགས་ཡོངས་བསྒྲགས་དང་མང་ཚོགས་ཀྱི་མངགས་ཐོ་ཟུང་དུ་འབྲེལ་བའི”ལམ་ལུགས་འཛུགས་པ་དང་། མང་ཚོགས་ཀྱི་འདོད་བློ་དང་། ནུས་པ། ཆ་རྐྱེན་བཅས་དང་འཚམ་པའི་རྣམ་གྲངས་ཇུས་འགོད་ཞིབ་ཚགས་བྱས་ཏེ་གཞི་རིམ་མང་ཚོགས་ལ་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས། དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་སྡོད་ལས་བྱེད་པ་དང་། གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག “གཉིས་ལྡན་དུད་སྦྲེལ”གྱི་ཁོངས་མི་བཅས་རྒྱ་ཁྱབ་བསྡུ་བ། ཕྱུག་འགྱུར་འཇོན་ཐང་ཅན་དང་། སྔོན་ཐོན་དཔེ་བཟང་། སེམས་རྩ་འཁོལ་བའི་མང་ཚོགས་སོགས་དང་བླངས་ཞབས་ཞུར་ཞུགས་པའི་སྐུལ་སློང་ཧུར་ཐག་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ“བདག་གིས་གཞན་ལ་ཕན་གྱུར་ན། གཞན་གྱིས་བདག་ལ་ཕན་པར་ངེས”པའི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུ་ནས་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།