དབུ་ཤོག>སྲིད་དོན།
  • ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-12-31

    3959500_yis_1672416000000_s.jpg

    ཟླ་12ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    3959502_yis_1672416000000_s.jpg

    ཟླ་12ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་29གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་ཏང་ཨུད་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་དོན་གྲོས་ཚོགས་དང་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་སྒྲུབ་གསལ་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་ཡན་ལག་དམག་ཁུལ་ཁང(ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང)ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་འགན་འཁྲི་བསྒྲུབས་ཚུལ་གསལ་ཞུ་གསན་པ། 2023ལོའི་རང་སྐྱོང་ལྗོངས་ཀྱི་མཐའ་བརྟན་བོད་བརྟན་དང་། རྒྱལ་སྲུང་སྐུལ་སློང་། གཉིས་བཀུར་ལས་དོན་བཀོད་སྒྲིག་བཅས་གནང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་ཝང་ཁའེ་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་དམག་དཔུང་དང་ས་གནས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་སྒྲིལ་བ། ཆབ་སྲིད་ལ་སྣང་ཆེན་གྱིས་ཁ་ཕྱོགས་སྟངས་འཛིན་དང་། གཙོ་ལས་ལ་དམ་འཛིན་གྱིས་རྒྱལ་ཁ་དོན་གཉེར། མཐུན་སྦྱོར་ལ་ཤུགས་སྣོན་གྱིས་མཉམ་འདྲེས་ལ་སྐུལ་འདེད་བཅས་བྱས་པས་ལས་དོན་ཁག་ལ་གོམ་སྟབས་གསར་པ་སྤོས་ནས་ཕན་འབྲས་གསར་པ་ཐོན་ཡོད། རྒྱ་ཆེའི་བོད་སྡོད་དཔོན་དམག་ཚོས་བརྟན་ལྷིང་སྲུང་སྐྱོང་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད། ཉེན་སེལ་གེགས་སེལ། མཐའ་སྟོབས་མཐའ་བརྟན། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་སྤེལ་རིང་གདོང་ལེན་པ་དང་། གདོང་མཆོང་བ། དཔེ་ལྟ་ས་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་གཏིང་སྤྲོས་པ། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་ཁོང་དུ་འཕྱུགས་མེད་ཆུད་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་རྩ་དོན་དང་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་ནས་དུས་བབ་གསར་པའི་འོག་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་དང་བྱ་ཐབས་ནུས་ལྡན་འཚོལ་ཞིབ་ཧུར་ཐག་དང་། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་ལེན་ནུས་ལྡན། དམག་དཔུང་དང་ས་གནས་ཀྱིས་མཉམ་འཛིན་མཉམ་འདོམས། རིམ་པ་བཞིན་རང་འགན་གཙང་སྒྲུབ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་སྲུང་འཛུགས་སྐྱོང་གི“ཁུར་པོ་གཉིས”མཉམ་དུ་འཁུར་བ་དང་། “འགན་འཁྲི་གཉིས”མཉམ་དུ་འཁུར་བ། “ལས་འགན་གཉིས”ལ་མཉམ་དུ་དམ་འཛིན་བཅས་བྱས་ནས་ཏང་གིས་དྲག་ཆས་ལས་དོན་ལ་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་བྱེད་ནུས་རྒྱུན་མཐུད་ཆེ་རུ་བཏང་ནས་དམག་དཔུང་དང་ས་གནས་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་སྲུང་སློབ་གསོ་གཏིང་ཟབ་སྤེལ་ནས་གསར་བརྗེའི་ས་བོན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། དམག་དམངས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཞབས་ཞུ་དམག་དམངས་མཉམ་སྤྱོད་དང་། སྤྱི་པའི་བདེ་འཇགས་ལ་དམག་དམངས་ཀྱིས་སྤྱི་འདོམས། མི་ཤུགས་ཐོན་ཁུངས་དམག་དམངས་མཉམ་བཀོལ། འགག་རྩའི་ཁྱབ་ཁོངས་སུ་དམག་དམངས་ཀྱིས་མཉམ་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ། བོད་སྡོད་དཔུང་སྡེས་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ལ་ཞིབ་འཇུག་ནན་ཏན་བཅས་བྱས་ཏེ་སྲིད་ཇུས་ཀྱི་ཐད་ནས་གཟིགས་སྐྱོང་དང་། མི་ཤུགས་ཀྱི་ཐད་ནས་རྒྱབ་སྐྱོར། གྲོན་དངུལ་གྱི་ཐད་ནས་སྔོན་ལ་འགན་ལེན་བཅས་བྱེད་དགོས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། མཐའ་མཚམས་ལས་དོན་གྱི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས། གཉིས་བཀུར་མཉམ་སྐྲུན་གྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་དམག་མིས་དམངས་ལ་ཞེན་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར། ལྷག་བསམ་ཟོལ་མེད་ཀྱིས་རྒྱ་ཆེའི་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ། དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན། དམག་མིའི་ནང་མིའི་ལས་ཞུགས་དང་། བུ་ཕྲུག་གི་སློབ་ཞུགས། དམག་མིའི་ལས་སྒྱུར་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། སེམས་ནུས་ཡོད་རྒུས“ཁང་རྒྱབ་དང་། མི་རབས་རྗེས་མ། བཤོལ་ལམ”བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས་སྤྱི་ཚོགས་ཧྲིལ་པོར་དམག་མིར་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། ཏང་གི་བཀོད་འདོམས་ལ་ཉན་པའི་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་སྐྱེད་སྲིང་དང་། རྒྱལ་ཁ་ལེན་ཐུབ་པའི་འཇོན་ཐང་ཆེན་པོར་སྦྱོང་བརྡར། སྤྱོད་ཚུལ་བཟང་བའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། དམག་དཔུང་དང་ས་གནས་མཉམ་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་། དམག་དཔུང་དང་ས་གནས་མཉམ་གཏོད་ཀྱིས་མཐུན་སྒྲིལ་ལ་སྐུལ་འདེད། ས་གནས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་གྱི་ལས་དོན་བཀོད་སྒྲིག་གནང་སྐབས། རྒྱལ་སྲུང་སྐུལ་སློང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་སྟོབས་ཆེར་བཏང་སྟེ་དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་གཏིང་ཟབ་རྒྱག་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་དམག་དམངས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ་མཐའ་མཚམས་སྟོབས་ཆེར་དང་བརྟན་དུ་གཏོང་བའི་ལས་དོན་ཏན་ཏིག་སྒྲུབ་དགོས།དམག་བཀུར་ཁྱིམ་སྐྱོང་ལ་དམིགས་པ་དང་། ཞབས་འདེགས་སྔོན་ལ་ཞུ་བ་མཐའ་འཁྱོངས། རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ་ཕྱོགས་གཉིས་ཀྱི་མཉམ་སྒུལ་གཏིང་ཟབ་ཏུ་གཏོང་བ་དང་དམག་དམངས་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཝང་ཁའེ་ཡིས་ལས་འགན་བསྒྲུབས་ཚུལ་ལ་དཔྱད་བསྡུར་གནང་སྐབས། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཚུགས་གནས་མཐོ་བ་དང་། དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་ཏན་ཏིག དམག་དམངས་མཉམ་འདྲེས་ལ་དམ་འཛིན་ནན་པོ། གཉིས་བཀུར་མཉམ་སྐྲུན་གྱི་ཕན་འབྲས་བཟང་བ། དཀའ་གནད་སེལ་ཤུགས་ཆེ་བ་བཅས་ཡོད། དུས་རབས་གསར་པར་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། མཐའ་བརྟན་བོད་བརྟན་གྱི་འགན་འཁྲི་དང་ལས་འགན་ནུས་ལྡན་སྒྲུབ་པ། དམག་དམངས་མཐུན་སྒྲིལ་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།