ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྐབས་བཅུ་གཅིག་པའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་གཙོ་སྐྱོང་གནང་ནས་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱ་རྒྱུར་དམ་འཛིན་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་ཁ་གསལ་བཟོས་ཡོད་པས་འགག་རྩ་ནི་འགོ་ཚུགས་མ་ཐག་མཐའ་མའི་དམག་འཐབ་དང་གོམ་པ་སྤོས་མ་ཐག་མཐའ་མའི་གདོང་མཆོང་ཡིན་པའི་དགོས་གཏུགས་ཀྱི་བསམ་པ་དང་ལས་འགན་སྒྲུབ་སེམས་ཐོག་ནས། ཚད་གཞི་དང་ཡང་ཡང་བསྡུར་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་པ། བྱ་ཐབས་ཞིབ་ཚགས་སུ་གཏོང་བ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚོགས་འདུའི་བཀོད་སྒྲིག་བླང་བྱ་དེ་ཕྱོགས་ཡོངས་དང་། བརྒྱུད་རིམ་ལྡན་པ། ཆ་ཚང་བ་བཅས་ཀྱི་ལས་འགན་གསལ་ཐོར་སྔར་བས་འགྱུར་བ་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་དེ་དུས་ཚིགས་ཁག་དང་ཞིབ་ཕྲའི་འདེགས་སྐྱོར་དང་། ཞིབ་ཕྲའི་དམ་འཛིན་བྱ་གཞི། ཞིབ་ཕྲའི་དམིགས་ཚད་བཅས་སུ་སྔར་བས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་གསལ་ཐོ་གཅིག་ལ་དམ་འཛིན་མཐར་ཕྱིན་གྱིས་དམིགས་ཚད་ཀྱི་གྲངས་གཞིར་བརྟེན་ནས་ལས་ཀའི་རྣམ་འགྱུར་དང་ལས་ཀའི་བྱ་ཐབས་ལ་ཞིབ་དཔྱད་བྱེད་དགོས། སྔ་ཕྱི་བར་གསུམ་དུ་སྙིང་རུས་ལྷོད་མེད་ཀྱི་ངར་ཤུགས་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་འཁྱེར་སོའི་ཐོག་ནས་འགྲན་སློང་ལ་ཁ་གཏད་འཇལ་རིང་གོ་སྐབས་དམ་འཛིན་དང་། འགག་སྒྲོལ་དཀའ་སེལ་བྱེད་རིང་མགྱོགས་མྱུར་འཕེལ་རྒྱས། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་རིང་དུས་བསྟུན་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། སེམས་ནུས་ཡོད་རྒུ་འདོན་པ། འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་བདའ་འདེད་གཏོང་ཕོད་པ་བཅས་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་། ཚོགས་འདུ་ཉུང་ཙམ་འཚོགས་པ། རྣམ་གྲངས་ལ་དམ་འཛིན་བྱེད་པ། བྱ་བར་དམིགས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ད་ལྟ་ནས་འགོ་འཛུགས་པ་དང་། སྒྲུབ་ཐུབ་པའི་བྱ་བ་ནས་འགོ་འཛུགས་པ། གཞི་རིམ་དང་རྨང་གཞི་ནས་འགོ་འཛུགས་པ་བཅས་དངོས་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་ལ་སྣང་ཆེན་བྱས་ཏེ། སྲིད་ཇུས་དང་བྱ་ཐབས་ཁག་དང་ལས་ཀའི་བཀོད་སྒྲིག་སྔར་བས་དོན་དངོས་དང་མཐུན་པ་དང་སྔར་བས་མང་ཚོགས་ཀྱི་བླང་བྱ་དང་མཐུན་པར་བྱས་ཏེ་གཞི་རིམ་གྱི་ཁེ་ལས་དང་མང་ཚོགས་ལ་ཕན་པ་དངོས་དེ་བས་མང་བ་ཐོབ་པར་བྱེད་དགོས། དུས་ཚོད་དང་སེམས་ནུས་བཏོན་ནས་རྣམ་གྲངས་ལ་དམ་འཛིན་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བཏང་ནས། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། གཙོ་གནད་ལས་དོན་དང་། རྣམ་གྲངས་གལ་ཆེན། གཙོ་གནད་སྒྱུར་བཅོས། བྱ་ཐབས་གལ་ཆེན་བཅས་ལ་དམ་འཛིན་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་དགོས། ལས་དོན་ཁག་གི་བཀོད་སྒྲིག་ལ་རྗེས་འདེད་དང་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། དཔྱད་ཞིབ་དང་སྲིད་འཛིན་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་གང་གསུང་དེ་སྒྲུབ་དང་བཀོད་པ་ལུང་དུ་འགྲོ་བའི་འགན་ལེན་བྱེད་དགོས།