དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-28

    ཟླ་12ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་གྱི་འཆར་འགོད་དང་། “ལོ་ལྔ་ཚན་བཅུ་བཞི་པའི”ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད། དམངས་ཁྲོད་ཀྱི་མ་འཇོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར། དེ་བཞིན་ཞབས་ཞུའི་ལས་རིགས་སྒྱུར་བཅོས་སྒོ་དབྱེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས། དེང་རབས་ཀྱི་འཁོར་རྒྱུག་མ་ལག་སྐྲུན་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”སྲིད་དོན་ཆ་འཕྲིན་ཅན་འཛུགས་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དང་ཐཱན་ཚད་མཐོ་ཤོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་པ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཁྲེན་ཡུང་ཆིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”དམ་པོར་དམིགས་པ།

    སྔོན་ལ་འཆར་གཞི་འགོད་རྒྱུ་མཐའ་འཁྱོངས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྔོན་ཚུད་དམག་ཡག་པོ་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་ཆེད་རྩེ་རིམ་ཇུས་འགོད་ཡག་པོ་བྱས་ཏེ། སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས། རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ཁུངས་སྲུང་སྐྱོང་དང་ཚན་རིག་དང་མཐུན་པའི་བེད་སྤྱོད་ལ་སྤྱི་འདོམས་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བློས་འགེལ་ཆོག་པའི་འཐབ་ཇུས་ཐོན་ཁུངས་ཀྱི་འདེགས་སྐྱོར་བྱེད་དགོས། བཀོད་ཇུས་བྱེད་ལེགས་སུ་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། བྱེད་སྟངས་སྒྱུར་བ། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཁྲོད་མ་འཇོག་གི་ཧུར་སེམས་སྐོང་འཐེན་བྱེད་པ། ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་བ། ལས་ཞུགས་ཀྱི་ལས་གནས་མང་དུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ་དང་། ཁྲོམ་རའི་བྱེད་པོ་གསོ་སྐྱོང་ཧུར་ཐག་བྱེད་པ། ཞབས་ཞུར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཞབས་ཞུའི་ལས་རིགས་སྐྱོན་བྲལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་ཧུར་ཐག་བྱེད་པ། རྒྱལ་ཡོངས་ཀྱི་གཅིག་གྱུར་སྒོ་དབྱེའི་ཁྲོམ་ར་ཆེན་པོར་མཉམ་འདྲེས་ཐུབ་པ། འཛད་སྤྱོད་ཀྱི་གཞི་ཁྱོན་སྐས་རིམ་གསར་པར་སླེབས་པ་དང་ཁྲོམ་རའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་མཁོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འཁོར་རྒྱུག་དྲ་རྒྱ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། འཁོར་རྒྱུག་ཁྲོམ་ར་འཐུས་སྒོ་ཚང་དུ་གཏོང་བ། འཁོར་རྒྱུག་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་ཚོང་དོན་དང་། ཟོག་འགྲེམས། འགྲིམ་འགྲུལ། དངུལ་རྩ། ཡིད་རྟོན་སོགས་ཀྱི་ཁྱབ་ཁོངས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དེང་རབས་ཀྱི་འཁོར་རྒྱུག་མ་ལག་ཧུར་ཐག་སྐྲུན་དགོས། སྲིད་དོན་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་རང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། རང་ལྗོངས་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ནུས་རྒྱུ་དང་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཀྱི་འཐབ་ཇུས་ལ་བོད་ཀྱིས་ལེགས་སྐྱེས་འབུལ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།