དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-26

    ཚེས་22ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན(ཞིབ་བཤེར་ཞུ་འབུལ་མ་ཡིག)》དང་། 《བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན(ཞིབ་བཤེར་ཞུ་འབུལ་མ་ཡིག)》 《བོད་རང་སྐྱོང་ལྗོངས་ཀྱི་2022ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2023ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན(ཞིབ་བཤེར་ཞུ་འབུལ་མ་ཡིག)》བཅས་གསན་ཏེ་ཞིབ་འཇུག་གནང་བ་མ་ཟད། རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྱོང་དང་། ལྗང་མདོག་ཨར་སྐྲུན་ཁྱབ་གདལ་དོ་དམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་འགུལ་རྣམ་ལེགས་སྒྲིག་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཡག་ཐོག་ཡག་བརྩེགས་མཐའ་འཁྱོངས་བྱེད་པ། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་པ། མང་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་འདེབས་པ། བསམ་འཆར་དང་གྲོས་འགོ་མུ་མཐུད་བསྡུ་ལེན་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྙན་སྒྲོན་ཡག་པོ་ཞིག་འཆར་ཟིན་འགོད་རྒྱུའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། རང་བྱུང་སྲུང་སྐྱོང་ས་ཆ་ནི་སྐྱེ་ཁམས་འཛུགས་སྐྱོང་གི་ལྟེ་བའི་གཞི་རྟེན་ཡིན་ཞིང་། སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཀྱི་བྱེད་ནུས་གལ་ཆེན་དང་། སྐྱེ་ཁམས་མ་ལག་ཉམས་ཞན། རང་བྱུང་སྐྱེ་ཁམས་སྲུང་སྐྱོང་མེད་པ་བཅས་ཀྱི་ས་ཁོངས་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་ནང་འཇུག་དགོས། བྱེད་ནུས་ལེགས་སྒྱུར་མཐའ་འཁྱོངས་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་དང་ས་ཁམས་རང་བྱུང་ཁོར་ཡུག་ལ་བརྟག་དཔྱད་ཞིབ་འཇུག་ཧུར་ཐག་བྱས་ཏེ། གནས་ཚུལ་སྔར་བས་གསལ་རྟོགས་དང་རྨང་གཞི་ཡག་པོ་བཏིང་ནས་ཚན་རིག་དང་མཐུན་པ་དང་། གནད་འཕིགས། འགུལ་རྣམ་བཅས་ཀྱི་སྒོ་ནས་སྲུང་སྐྱོང་ཐུབ་པ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལྗང་མདོག་ཨར་སྐྲུན་ནི་འཛམ་གླིང་ཨར་སྐྲུན་གྱི་འཕེལ་ཕྱོགས་ཤིག་ཡིན། བྱ་སྤྱོད་མྱུར་དུ་སྤེལ་བ་དང་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ་གསར་དུ་ཨར་སྐྲུན་བྱས་རིགས་ལ་ལྗང་མདོག་ཨར་སྐྲུན་གྱི་ཚད་གཞི་མཐའ་གཅིག་ཏུ་ལག་ལེན་ནན་པོ་བསྟར་དགོས། སྔོན་ཚུད་ནས་བཀོད་སྒྲིག་དང་ཐོན་ལས་ལ་སྐུལ་ཁྲིད་བྱས་ནས་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་དང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས། ལྗང་མདོག་བཟོ་སྐྲུན་སོགས་ལེ་ལག་ཚང་བའི་ཐོན་ལས་ལ་སྐུལ་འདེད་གཏོང་དགོས། དྲིལ་བསྒྲགས་རྒྱ་ཁྱབ་དང་རྣམ་པ་བཟང་པོ་བཏོད་དེ་དྲིལ་བསྒྲགས་དང་སློབ་གསོ་གསོ་སྦྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྤྱི་ཚོགས་ཡོངས་སུ་ལྗང་མདོག་ཨར་སྐྲུན་དང་སྐྱོན་བྲལ་སྡོད་ཁང་གི་ཁོར་ཡུག་བཟང་པོ་གཏོད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་མཐོ་རུ་འོས་འཚམ་གཏོང་རྒྱུ་དེ་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ་དང་སྨན་བཅོས་འགན་བཅོལ་གྱི་ཐ་སྐྱོང་འགན་ལེན་ནུས་པ་མུ་མཐུད་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱས་ནས་འགན་བཅོལ་ནང་ཞུགས་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཚང་མར་གྲངས་ཚང་རོགས་སྐྱོར་བྱེད་པ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱི་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྲངས་ཚད་ངེས་ཅན་གྱི་རོགས་སྐྱོར་བྱས་ནས། འགན་བཅོལ་ནང་ཞུགས་དགོས་རིགས་འགན་བཅོལ་ནང་ཞུགས་པ་དང་རོགས་སྐྱོར་བྱེད་དགོས་རིགས་ལ་མ་དངུལ་ཐོག་ནས་རོགས་སྐྱོར་ཐུབ་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།