དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ལྗོངས་ཡོངས་ཀྱི་2022ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་རང་སྐྱོང་ལྗོངས་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-23

    ཟླ་12ཚེས་16ཉིན། ལྗོངས་ཡོངས་ཀྱི་2022ལོའི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་རང་སྐྱོང་ལྗོངས་དཔྱད་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས། ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། 2022ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སློང་དང་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས། ད་ཐེངས་ཀྱི་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་རང་ལྗོངས་ཀྱིས་སྤེལ་བའི་གཅིག་སྡུད་རང་བཞིན་གྱི་དཔྱད་ཞིབ་ཐོག་མ་དེ་རེད་ལ། རང་ལྗོངས་ཀྱི་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་2022ལོའི་འགན་སྒྲུབ་ཕན་འབྲས་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་པ་ཞིག་ཀྱང་རེད། དཔྱད་ཞིབ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་། སྐར་མ་རྒྱག་མཁན་ཚན་པ། དཔྱད་ཞིབ་ཚོགས་ཆུང་ཁག་བཅས་ཀྱིས་གྲོང་ཁྱེར་དང་ས་ཁུལ་དང་། ལྗོངས་ཐད་གཏོགས། མཐོ་སློབ། གཞུང་ཁོངས་ཁེ་ལས་བཅས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་བྱ་ཐབས་བཞི་སློབ་སྦྱོང་ནན་ཏན་བྱས་ནས་དཔྱད་ཞིབ་ལས་དོན་གྱི་གཞི་རྩའི་འཇོན་ཐང་ཆེ་རུ་གཏོང་དགོས། དཔྱད་ཞིབ་ཀྱི་བཀོད་འདོམས་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཆབ་སྲིད་ཀྱི་ཚད་གཞི་ཁོང་དུ་ཆུད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ངོ་བོ་གཏན་འཁེལ་དང་གྲངས་ཚད་གཏན་འཁེལ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། ཚད་འབེབས་ཚད་གཞིའི་ཐོག་ནས་ངོ་བོ་གཏན་འཁེལ་གྱི་དབྱེ་ཞིབ་མཚོན་པར་བྱེད་པ། གྲངས་གཞིའི་འདེགས་སྐྱོར་ལ་བརྟེན་ནས་དཔྱད་ཞིབ་བྱས་འབྲས་ར་སྤྲོད་བཅས་བྱས་ཏེ། ཚན་ཁག་གི་འཁོར་སྐྱོད་གནས་ཚུལ་དང་ལས་བྱེད་པའི་སྤྱོད་ཡོན་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་དགོས། ལས་རྗེས་ལ་བརྟེན་ནས་མི་སྣར་གདེང་འཇོག་དང་ལས་དོན་ཁྲོད་ནས་མི་སྣའི་གནས་ཚུལ་རྟོགས་པར་བྱེད་པ་དང་། ཧེ་བག་ཅན་གྱི་དཔྱད་ཞིབ་དང་རིགས་དབྱེའི་དཔྱད་བསྡུར་དང་། བརྒྱུད་རིམ་ལྡན་པའི་དབྱེ་ཞིབ་དང་ཕྱོཌ་བསྡུས་ཞིབ་བསྡུར། དངོས་ཐོག་བདེན་འཚོལ་དང་དོན་དངོས་དྲང་གཞག་བཅས་མཐའ་འཁྱོངས་བྱས་ཏེ་དཔྱད་ཞིབ་བྱས་འབྲས་བདེན་པ་བདེན་ཐུབ་དང་གནད་སྨིན་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།