ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་2022ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེ་མོ་བ་ཆོས་འཛོམས་གདན་དྲངས་ནས་ཚང་མར་ཟུར་ཁྲིད་བྱས་པ་དང་། ཚོགས་ཞུགས་བློ་མཐུན་ཁག་གཅིག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།
དབང་ཧའེ་ཀྲོའུ་ཡིས། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁོངས་གཏོགས་ཀྱིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བཀོད་སྒྲིག་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམ་པོར་དམིགས་ཏེ། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ལྟེ་བའི་ལས་འགན་ལ་དམིགས་ཏེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ་དང་། དྲ་རྒྱ་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ལ་ཤུགས་སྣོན་རྒྱག་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱང་ལམ་གསར་པར་འབད་འབུངས་མདུན་དུ་སྐྱོད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། “རིག་གནས་ཆེན་པོའི”འདུ་ཤེས་ཟབ་ཏུ་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་བཅས་བྱས་ནས་རིག་གནས་སྟོབས་ཆེའི་ལྗོངས་འཛུགས་སྐྲུན་ཏན་ཏིག་ཐུབ་པར་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས། ལོ་འགོ་ལོ་མཇུག་ཏུ་ཚན་པ་ཁག་གིས་ལོ་ཧྲིལ་པོའི་ལས་དོན་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་ཕྱི་ལོའི་འཆར་གཞི་དུས་ཚོད་དམ་འཛིན་གྱིས་བཟོ་བ་དང་། གསར་གཏོད་ཕོད་པའི་སྙིང་སྟོབས་དང་། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ། ཞུམ་མེད་མདུན་སྐྱོད་ཀྱི་ངར་ཤུགས་ལ་བརྟེན་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་དང་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།