དབུ་ཤོག>སྲིད་དོན།
  • ཁྲོན་བོད་གཞུང་ལམ་G318ལམ་ཐིག་གི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-19

     ཚེས་15ཉིན་གྱི་ཕྱི་དྲོར། ཁྲོན་བོད་གཞུང་ལམ་G318ལམ་ཐིག་གི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭའི་འགོ་འཛུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་གཙོ་སྐྱོང་གནང་བ་རེད།

    དང་ཐོག་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཁྲོན་བོད་གཞུང་ལམ་G318ལམ་ཐིག་གི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་སྐྲུན་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་འཛུགས་སྐྲུན་ནང་ཞུགས་མཁན་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་G318ལམ་ཐིག་ནི་བོད་ལྗོངས་འདི་ཉིད་ནང་ས་དང་འབྲེལ་བའི་སྐྱེལ་འདྲེན་གྱི་བགྲོད་ལམ་གཙོ་བོ་ཞིག་ཡིན་པས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བསམ་བློ་བཅངས་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དེ་བས་ལས་ཕྱོད་ཆེ་བའི་རྩ་འཛུགས་ཀྱི་ནུས་པ་དང་། དེ་བས་རང་འགུལ་གྱི་ཞབས་ཞུའི་འདུ་ཤེས། དེ་བས་ཏན་ཏིག་གི་ལས་ཀའི་བྱེད་ཐབས། དེ་བས་ནན་པའི་ལས་ཀའི་སྒྲིག་ཁྲིམས་བཅས་ལ་བརྟེན་ཏེ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཁྲོན་བོད་གཞུང་ལམ་G318ལམ་ཐིག་གི་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་ལས་གྲྭར་སྐུལ་འདེད་གཏོང་དགོས། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཀྱི་ཚད་གཞི་གཞིར་བཟུང་ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུ་དེ་ལག་གདང་སྦྲེལ་ནས་ཡག་པོ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་དཔའ་ཤོད་རྫོང་དུ་ཡན་ལག་ཚོགས་ར་བཙུགས་ཡོད།

    ཚོགས་འདུ་གྲོལ་རྗེས་བློ་བཟང་རྒྱལ་མཚན་དང་ཚོགས་ཞུགས་བློ་མཐུན་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།