དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-16

    གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཚེས་14ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་སྡེ་ཁུལ་དང་། རྗེ་འབུམ་སྒང་སྡེ་ཁུལ། རྗེ་འབུམ་སྒང་དོན་གཅོད་ཁྲུའུ། ཚལ་གུང་ཐང་མངགས་གཏོང་ཁང་བཅས་སུ་ཕེབས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་བརྟག་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེན་གྱི་ཚབ་ཞུས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་ཀྲང་ཧུང་པོ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    ཀྲོང་ཡན་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ། མངགས་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ་བཅས་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ཏང་འཛུགས་སྐྱོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་། དྲ་མིག་དབྱེ་བ་དང་། སྟོབས་ཤུགས་བཀོད་སྒྲིག ལས་འགན་ཁག་བགོས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ་བཅས་ལ་སྣེ་ཁྲིད་དང་དེ་བཞིན་མངགས་གཏོང་ཁང་ཚད་ལྡན་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཀྲོང་ཡན་གྱིས། གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་ཡིན་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་སྐྱེད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱེད་རྒྱུ་མཐའ་འཁྱོངས། གཙོ་གནད་གཤམ་སྒྱུར་དང་སྟོབས་ཤུགས་གཤམ་སྒྱུར་མཐའ་འཁྱོངས་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་བཅངས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་གཞི་རིམ་དུ་སྒྲུབ་ཐུབ་པར་བྱས་ཏེ། བདེ་འཇགས་བརྟན་ལྷིང་གི“འགོག་སྲུང་འཛིང་རགས་ཨང་དང་པོ”བརྟན་པོར་འཛུགས་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཞན་ཆ་དང་སྐྱོན་ཆ་སེལ་བ། སྤྱི་ཚོགས་བཅོས་སྐྱོང་ལ་འཕྲད་པའི་དུས་བབ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ། ཡུལ་བབ་དང་མཐུན་པ་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱེད་པ། སྤྱོད་གོ་ཆོད་པའི་བྱ་ཐབས་ཡག་པོ་འདོན་པ། ཞན་ཆ་དང་སྐྱོན་ཆ་སེལ་བ་དང་ལེགས་ཆ་གཏོད་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་གཙོ་གནད་ཚད་བརྒལ་ཡོང་བར་བྱེད་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་དྲ་མིག་གནད་སྨིན་དབྱེ་འབྱེད་བྱེད་པ། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་དུས་བདེ་མཉམ་གཏོད་དང་། འགལ་བ་མཉམ་འདུམ། གནད་དོན་མཉམ་བཅོས་བཅས་མངོན་འགྱུར་ཡོང་བར་བྱེད་དགོས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལག་བསྟར་བྱེད་ནུས་དང་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། འགན་འཁྲིའི་མ་ལག་འཛུགས་པ་དང་། དཔྱད་ཞིབ་ཚད་གཞི་ཁ་གསལ་བཟོ་བ། གསལ་ཐོའི་དོ་དམ་ལག་བསྟར་བྱས་ཐོག ཞིབ་ཕྲ་ཅན་དང་གྲངས་གཞི་ཅན་གྱི་གྲུབ་འབྲས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ལས་ཀའི་ཕན་འབྲས་ལ་ཞིབ་དཔྱད་བྱས་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།