དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-12-14

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བྱ་ཐབས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དྲང་པོ་བྱེད་པར་ངེས་པར་དུ་སྔོན་ལ་རང་ཉིད་དྲང་པོ་དགོས་པ་མཐའ་འཁྱོངས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་སྣེ་ཁྲིད་ནས་ལག་བསྟར་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འབོད་སྐུལ་བྱས་རིགས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་སྔོན་ལ་སྒྲུབ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ངོ་རྒོལ་བྱས་རིགས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་གཏན་ནས་མི་སྒྲུབ་པ། འགན་ནུས་འགན་འཁྲིར་གཞི་ཚུགས་ནས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཏང་གི་སྲོལ་རྒྱུན་གྱི་སྤྱོད་བཟང་ལག་བསྟར་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་ཡག་པོ་ཞིག་བྱེད་དགོས་པ་བསྟན་ཡོད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལ་ལྟ་སྐུལ་དོན་འཁྱོལ་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱི་ནང་དོན་གཙོ་བོ་ཞིག་ཏུ་བརྩིས་ཏེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ལ་སྤྱོད་ཚུལ་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་ནན་ཏན་སྒྲུབ་པར་སྐུལ་འདེད་བཏང་ནས་ཁོངས་གཏོགས་དོ་དམ་ནན་པོ་དང་འགན་འཁྲི་ནན་པོ་འཁུར་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་གྱི་གནད་དོན་གྱི་འབྱུང་རྩར་དམ་འཛིན་ནན་པོ་བྱས་ནས་སྤྱོད་ཚུལ་དག་ཐེར་གྱི“བཅད་ཁ་ཆུང་ངུ”གནད་འཁེལ་འཚོལ་བ་དང་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཏང་གི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ནན་པོ་དང་མཐའ་གཅིག་ཏུ་ནན་པོ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་རྗེས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཏོན་རྗེས་སྔར་བཞིན་མཚམས་དང་ཚོད་མེད་པ་དང་ཡ་མེད་སྒྲིག་འགལ་གྱི་རིགས་ལ་ཆད་པ་ནན་པོ་དང་ལྕི་པོ་གཅོད་དགོས་པའི་ནན་བཤད་བྱས་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།