དབུ་ཤོག>སྲིད་དོན།
  • 2022ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཚོད་སྐོར་གྱི་ཞིང་ཆེན་རིམ་པའི་ལས་དོན་སྦྲེལ་མཐུད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-12

    ཚེས་7ཉིན་གྱི་ཕྱི་དྲོ། 2022ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དངའབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཚོད་སྐོར་གྱི་ཞིང་ཆེན་རིམ་པའི་ལས་དོན་སྦྲེལ་མཐུད་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ། ཕྱོགས་བསྡུས་དཔྱད་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དང་ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ལིའུ་ཝུའེ་ཕིང་གིས་གསུང་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔ་ཕྱི་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་ཕྱོགས་ལ་ལྟ་ཞིབ་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྐྱོར་ཐོན་ལས་ཀྱི་མྱུར་ཚད་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར། དམངས་འཚོའི་དོན་དངོས་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་དཔྱད་ཞིབ་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ“དོན་ཆེན་བཞི”གཞི་རྩར་འཛིན་པ་དང“འཛུགས་གཏོད་བཞིར”དམིགས་ཏེ་སྤུས་ཚད་མཐོན་པོས་ལས་དོན་དེ་ཡག་པོ་བསྒྲུབ་པར་གཞོགས་འདེགས་བྱེད་དགོས། ཞབས་ཞུ་འགན་ལེན་ཏན་ཏིག་བྱས་ནས་ཕྱོགས་བསྡུས་ཞིབ་དཔྱད་ཚོགས་ཆུང་གི་ལས་ཀའི་བཀོད་སྒྲིག་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། དོན་དངོས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་པ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གནད་དོན་གསལ་ཞུ་བྱས་ཏེ། ཕྱོགས་བསྡུས་ཞིབ་དཔྱད་ཚོགས་ཆུང་གིས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་གྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གང་ལེགས་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་དེ་བས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་སྲ་བརྟན་འབྲེལ་མཐུད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཤེས་རྟོགས་དང་གསལ་སྟོན་བྱས་པའི་གནད་དོན་ལ་རང་འགུལ་ངང་ངོས་འཛིན་རྩིས་ལེན་དང་། རྩིས་ཐོ་ཚང་མ་བསྡུ་ལེན། ཕྱོགས་ཡོངས་ནས་དང་ལེན་བཅས་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་སྤྱོད་ཚུལ་བསྐྱངས་ནས་ནུས་ཤུགས་ཡོད་རྒུས་ཚུར་ལན་གནད་དོན་དག་ཐེར་ཡག་པོ་བྱས་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཕྱོགས་ཡོངས་ནས་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ལིའུ་ཝུའེ་ཕིང་གིས། འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཚོད་སྐོར་ལས་དོན་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ཀྱི“ཞིང་གསུམ”ཁྱབ་ཁོངས་ཀྱི་དཔྱད་ཞིབ་ཚོད་སྐོར་ཐོག་མ་དེ་ཡིན་པས། དམིགས་བསལ་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔྱད་ཞིབ་ཚོད་སྐོར་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། འབྲེལ་མཐུད་གཞོགས་འདེགས་ཧུར་ཐག་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་གནས་ཚུལ་སྙན་སེང་ཞུ་བ། ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་ལས་ཀའི་ཕན་འབྲས་མངོན་པ། སྒྲིག་ཁྲིམས་ཀྱི་བླང་བྱར་བརྩི་སྲུང་ནན་པོ་ཞུ་བ། དཔྱད་ཞིབ་ཚོད་སྐོར་གྱི་ལས་འགན་ལེགས་སྒྲུབ་ཡོང་བར་གཞོགས་འདེགས་ཧུར་ཐག་བཅས་བྱ་རྒྱུའི་རེ་བ་ཡོད། ཕྱོགས་བསྡུས་དཔྱད་ཞིབ་ཚོགས་ཆུང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བླང་བྱ་དང་དཔྱད་ཞིབ་ཚོད་སྐོར་ལས་དོན་གྱི་ཇུས་གཞིའི་གཏན་འབེབས་ལ་ནན་པོར་གཞིགས་ནས་དངོས་ཐོག་བདེན་འཚོལ་དང་ལུགས་མཐུན་དྲང་གཞག་གི་སྒོ་ནས་དཔྱད་ཞིབ་ཚོད་སྐོར་ལས་དོན་སྤེལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།